ནག་ཆུར། གསེར་རྙེད་དེབ་ཁང་བཙུགས་པ་དེས་མི་དམངས་མང་ཚོགས་ཚོའི་ཤེས་བྱ་རིག་གནས་སྦྱོང་བའི་དགོས་མཁོ་སྐོང་ཡོད་ལ་དེབ་ཁང་དེ་ནི་ཀྲེ་ཅང་ཞིང་ཆེན་སྐབས་བཅུ་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རོགས་སྐྲུན་བྱས་པ་ཞིག་ཡིན་པས་ཁྱོན་མ་འཇོག་སྒོར་ཁྲི་༥༠༠ལྷག་ཙམ་བཏང་ཡོད། དེབ་ཁང་དེ་ཡང་དཔེ་ཀློག་མཉམ་རོལ་དང་རིག་གནས་སྤེལ་རེས། ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོ་ཡིན་པའི་རིག་གནས་དོ་རྭ་ཞིག་ཀྱང་ཡིན་པས། དེབ་ཁང་དེ་ཉིད་ཤེས་བྱའི་བང་མཛོད་རེད་ལ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བྱེད་ཀྱི་སྟེགས་བུ་ཞིག་ཀྱང་རེད། དེབ་ཁང་བཙུགས་པ་དེས་མི་མང་པོ་ཞིག་གི་སེམས་གསོ་བའི་གནས་ས་ཞིག་ཀྱང་ཆགས་ཡོད་པ་རེད།
记 者:普布塔培 德吉美朵
翻 译:德庆拉泽
编 辑(一审):德庆拉泽
责 编(二审):国 吉
审 核(三审):索 朗
扫码关注