གཟིགས་དང་། ནག་ཆུའི་ཚན་རྩལ་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་འདུག

政务   2025-01-06 15:38   西藏  


ད་ཕན་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྩྭ་ལས་དང་འབྲོག་ལས་དང་ཁྱད་ལྡན་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ནུས་དང་གསོན་ཤུགས་གསར་པ་སྦྱིན་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།

རྩྭ་འདེབས་དང་། འཕྲོད་ཤུགས་ཆེ་བའི་ཕྱུགས་རྩྭའི་སྣ་ཁ་ལེགས་འདེམས། ཡུ་གུ་ཐོན་མཐོ་ཐོན་སྐྱེད་ཀྱི་ལག་རྩལ། ཞན་གྱུར་རྩྭ་ས་ཉམས་གསོ་བཅོས་སྐྱོང་ལག་རྩལ་བཅས་དང་དེ་བཞིན་ཕྱུགས་རྩྭའི་འདེབས་འཛུགས་ལག་རྩལ་སོགས་ཐད་ཀྱི་ཚན་ཞིབ་རྣམ་གྲངས་ལག་ལེན་བསྟར་ཏེ། དཔེ་སྟོན་རྣམ་པའི་ཐོག་ནས་རྩྭ་འདེབས་ཚད་མུའུ་2872དང་དཔེ་སྟོན་རྣམ་པའི་ཐོག་ནས་རང་བྱུང་རྩྭ་ས་ཞན་འགྱུར་འགོག་བཅོས་དང་དེ་བཞིན་སྐྱེ་ཁམས་སླར་གསོའི་རྒྱ་ཁྱོན་མུའུ་3113ཟིན་པ་དང་ཕྱུགས་རྩྭ་སྣ་ཁ་19ཁྱབ་གདལ་བཏང་བས། ལོ་དེར་ཕྱུགས་རྩྭ་སོས་པ་ཆ་སྙོམས་ཐོན་ཚད་མུའུ་རེར་རྒྱ་མ་5000ཟིན་ཡོད་པ་རེད།


ཚན་རྩལ་ལ་བརྟེན་ནས་འབྲོག་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཤིང་། ད་ཕན་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྟོད་མའི་ལུག་དང་། སེ་བའི་ལུག ཁྲའུ་ལ་འབྲི་གཡག ཉང་གཡག་བཅས་ཀྱི་རྒྱུད་བཟང་གསོ་སྤེལ་དང་དེ་བཞིན་འབྲི་གཡག་རྒྱུད་འདྲེས་ལེགས་བཅོས་ལག་རྩལ་ཞིབ་འཇུག་དང་ཕྱུགས་ཟོག་གི་པགས་པ་དང་། རུས་པ། ཁྲག ཤ འོ་མ་སོགས་ཞོར་ཐོན་རིན་ཐང་དང་ལས་སྣོན་ཞིབ་ཚགས་དང་ཞིབ་འཇུག་སོགས་ཚན་ཞིབ་རྣམ་གྲངས་ལག་བསྟར་བྱས་པས་འབྲི་གཡག་འཆི་ཚད་རིམ་བཞིན་དམའ་རུ་སོང་བ་དང་བེའུ་གསོན་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད།

往期回顾

速看!事关医保药品~

注意!那曲有大风 降雪天气!

张海波在比如县调研

记 者:仓果

翻 译:仓果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章