གྱོང་པོ་བྱུང་། རླངས་འཁོར་རུ་ཁག་དེས་སྒོར་ཁྲི་233བགོ་བཤའ་བརྒྱབ་འདུག
ཡངས་ཤིང་རེ་བས་ཁེངས་པའི་མ་རུ་ཤང་དེས་སྔར་ནས་ད་བར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་དང་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་བཀག་རྒྱའི་རང་བཞིན་ལ་དམིགས་ཏེ་ཤང་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོ་ཁག་གི་རླངས་འཁོར་ཡོད་པའི་གྲོང་མིར་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུའི་ལྕག་སྐུལ་ཧུར་ཐག་བྱས་ནས་མཉམ་འབྲེལ་ཐོག་བོད་ཀྱི་སྤུན་ཟླའི་སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད།
ད་ཐེངས་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི་233ཟིན་ཡོད་ལ་དེ་ཀུང་སི་བཙུགས་རྗེས་ཀྱི་ལོ་འཁོར་དང་པོའི་ཁེ་སྤོགས་བགོ་བཤའ་རྒྱག་ཐེངས་དང་པོ་ཡིན་པས་ཤང་དེ་ཡོངས་དང་ཐ་ན་མཐའ་འཁོར་ཁུལ་གྱི་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད།
ད་ཐེངས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོ་ནི་གྲོང་མིའི་འབད་བརྩོན་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། མ་རུ་ཤང་གི་དཔལ་འབྱོར་འཕེལ་རྒྱས་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་དང་མང་ཚོགས་ཚོའི་བསམ་བློའི་ལྟ་བར་འགྱུར་ལྡོག་ཕྱིན་པ་གང་ལེགས་མངོན་ཡོད་ལ། ཐོན་ཁུངས་བསྡུ་སྒྲིལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བརྟེན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ར་སྤྲོད་ཐུབ་ཡོད།
记 者:仓果
编 辑(一审):德庆拉泽
责 编(二审):秦 瑶
审 核(三审):戴 青 霞