ཉེ་ཆར། གསེར་བརྙེད་ཆུས་རྒན་རྒོན་ལྟ་སྐྱོང་ལྟེ་གནས་ཀྱིས་ལས་སྒོ་གཉེར་ནས་ལོ་4འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་ལོ་60སླེབས་པའི་བགྲེས་སོང་རྣམས་ལ་ཐུན་མོང་གི་སྐྱེས་སྐར་འདུ་ཚོགས་ཤིག་འཚོགས་པ་རེད། བྱེད་སྒོ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་དང་གསེར་བརྙེད་ཆུས་སློབ་ཆུང་གསུམ་པ་དང་། གསེར་བརྙེད་ཆུས་སློབ་འབྲིང་གཉིས་པ། གསེར་བརྙེད་ཆུས་དམངས་སྲིད་དང་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་མི་སྣས་བགྲེས་སོང་རྣམས་མཉམ་དུ་འཛོམས་ནས་དོན་སྙིང་ལྡན་པའི་སྐྱེས་སྐར་ཞིག་བཏང་ཡོད། གསེར་བརྙེད་ཆུས་སློབ་ཆུང་གསུམ་པ་དང་གསེར་བརྙེད་ཆུས་སློབ་འབྲིང་གཉིས་པའི་ཏང་ཡོན་དགེ་རྒན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་མ་དངུལ་གྲབས་གསོག་བྱས་ཡོད་པ་རེད།
记者:孙正珠 白旋
翻 译:索朗曲珍
编 辑(一审):索朗曲珍
责 编(二审):国 吉
审 核(三审):索 朗
扫码关注