《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉སྤྱད་འཐུས་པའི་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད(གཅིག)》དོན་ཚན44པའི་གཏན་འཁེལ་ལྟར་ན། གཉེན་འཐོར་གྱོད་དོན་དེ་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་ན། ལོ་གཉིས་མ་ལོན་པའི་བུ་ཕྲུག་ལ་རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1084པའི་ནང་ཚན3པའི་གཏན་འཁེལ་ལྟར་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཨ་མར་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་པ་དང་ཨ་ཕས་ཐད་ཀར་དུ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཞུས་པའི་རིགས་ལ། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས་ཏེ།
(གཅིག) ཡུན་རིང་བཅོས་ཀྱང་དྲག་ཐབས་མེད་པའི་འགོས་ནད་རང་བཞིན་གྱི་ནད་རིགས་སམ་ཡང་ན་ནད་རིགས་ཚབས་ཆེན་གཞན་དག་ཡོད་པའི་རིགས་ལ་བུ་ཕྲུག་དེ་དང་མཉམ་དུ་འཚོ་བ་རོལ་ན་མི་འོས་པ།
(གཉིས) གསོ་སྐྱོང་གི་ཆ་རྐྱེན་ཡོད་ཀྱང་གསོ་སྐྱོང་གི་འོས་འགན་མི་འཁུར་བར་ཨ་ཕས་བུ་ཕྲུག་དེ་དང་མཉམ་དུ་འཚོ་བ་རོལ་རྒྱུའི་རེ་བ་བཏོན་པ།
(གསུམ) རྒྱུ་རྐྱེན་གཞན་གྱི་དབང་གིས་བུ་ཕྲུག་ཨ་མ་དང་མཉམ་དུ་འཚོ་བ་རོལ་ན་མི་འོས་པ་བཅས་ཡིན།