琼结县农业农村和科技水利局关于冬季农村安全饮水设施防冻保温告知书

政务   2024-11-16 18:27   西藏  
全县广大农村用水户:
首先感谢大家长期以来对琼结县农村供水工作的关注、理解、支持和帮助。寒冬已至,气温下降,供水设施特别是管道、水表、闸阀和水龙头等入户设施容易冻裂损坏,影响正常供水,为保障您的正常用水,请及时为您家的用水设施做好防冻保暖工作,以免造成不必要的财产损失。在此琼结县农业农村和科技水利局温馨提示全县广大农村用水户做好以下防寒应对措施,共同努力确保今冬供水安全。
一、防冻保护措施
1.管道防冻要“穿衣戴帽”:外露管道可用棉麻织物、塑料泡沫等保温材料包裹;加装伴热带、水龙头在寒冷冬季可微拧开一些,让水滴成水线状,保持水的持续流动。
2.水表防冻要“内外兼顾”:水表井内可填满锯未或其他保温材料,并用旧棉絮等将水表包好,注意保持其表面干燥、洁净。
3.水泵防冻要“排空保护”:水泵可提前做好防冻保养,如:泵体外表和管道用毛巾、草绳布料等包扎缠绕或涂防冻油漆,水泵停用后要排空泵内存水。
二、冻损处理措施
1.管道解冻要“因材施救”:当管道受冻结冰时,若是钢(铁)管,可用温水(不能用开水)浇淋或电吹风烘烤,但不要在同一点长时间烘烤,若是塑料管,可用热毛巾包裹后温水浇淋。
2.管道冻裂要“关阀检修”:当管道受冻破裂时,应立即关闭水表阀止水,若无法止水时可用毛巾或布条将破裂部位绑扎结实,并及时更换管道。
3.水泵受冻要“化冰为水”;当水泵受冻结冰时,可用热水倒入水泵内化冰,也可加热水泵外壳,然后置于零度以上的常温环境中。
4.对于自来水用水户或入户管道,当预知次日气温在零下3℃以下,可在傍晚将水龙头稍微打开一点,保持长流水,防止自来水管被冻。
三、加强组织管理
1.村委会要组织村民,定期对水源点周边垃圾的清理、蓄水池清洗消毒,同时建议储备一批常用且损耗的设备,出现问题及时保障。
2.水管员要定期对饮水设备巡逻检查,出现小问题及时维修养护,做到及时保障。
3.各用水户要自觉增强管护意识,为了冬季用水安全,把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒。
4.各用水户冬季天气寒冷时应家里储存部分生活用水,以备紧急之用。
四.服务热线
若您发现农牧区饮水私接水管偷水或供水管道漏水、家中无水时,请及时联系属地村居反映情况,落实“用水户→→各村居→各乡镇→县农业农村和科技水利局”的层层报告解决制度,如未得到解决可拨打琼结县饮水安全服务电话:
县农业农村和科技水利局:洛桑旦增18889039292
米玛次仁18008933335
加 麻 乡:罗布占堆13658938841
琼 结 镇:洛桑云丹18889039005
下 水 乡:次仁加措13908939237
拉 玉 乡:贺 钊18184935254
饮水安全涉及千家万户,用户基数大,覆盖范围广且居住分散,冬季保暖和管理是一件非常重要的事,需要各用水户齐心协力共同做好管理。为了您冬季用水安全,请把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒,望广大群众积极配合共同做好冬季农村饮水保障工作。
琼结县农业农村和科技水利局
2024年11月15日
དགུན་དུས་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྒྲིག་བཀོད་ལ་འཁྱག་འགོག་དྲོད་སྲུང་བྱ་ཐབས་སྐོར་གྱི་འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་ཀྱི་གསལ་འདེབས་ཡི་གེ།
རྫོང་ཡོངས་ཀྱི་རྒྱ་ཆེའི་གྲོང་གསེབ་ཀྱི་ཆུ་སྤྱོད་དུད་ཚང་ལ།
ཐོག་མར་ཚང་མས་དུས་ཡུན་རིང་པོའི་ནང་འཕྱོངས་རྒྱས་རྫོང་གི་འཐུང་ཆུའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲང་ངར་ཆེ་བའི་དགུན་དུས་སུ་སླེབས་པས་དྲོད་ཚད་རིམ་བཞིན་དམའ་རུ་འགྲོ་གི་ཡོད་པས་ ཆུ་མཁོ་འདོན་སྒྲིག་ཆས་དང་ལྷག་པར་དུ་ཀོང་ཙེ་དང། ཆུ་ཚོད། ཆུ་བཀག་གཏོང་གཅུས་ཕུར་སོགས་དུད་ཁྱིམ་གྱི་ཆུའི་སྒྲིག་ཆས་ལ་འཁྱགས་གས་དང་གཏོར་སྐྱོན་ཕོག་སླ་བས་རྒྱུན་གཏན་གྱི་ཆུ་མཁོ་འདོན་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། ཁྱེད་རང་གི་ རྒྱུན་གཏན་ཆུ་སྤྱོད་འགན་ལེན་ཐུབ་ཆེད། ཆུ་སྤྱོད་སྒྲིག་ཆས་ཀྱི་དྲོད་སྲུང་ལས་ཀ་དུས་ཐོག་ཏུ་ཡག་པོ་བསྒྲུབས་ནས་དགོས་མེད་ཀྱི་རྒྱུ་ནོར་གྱོང་གུན་མི་ཕོག་པ་བྱེད་དགོས།  དེ་དོན་ཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་གྲོང་གསེབ་ཀྱི་ཆུ་སྤྱོད་དུད་ཚང་ལ་གཤམ་གསལ་གྱི་གྲང་འགོག་བྱ་ཐབས་ཁག་ཡག་པོ་བསྒྲུབས་ནས་ཐུན་མོང་ཐོག་འདི་ལོའི་དགུན་དུས་ཀྱི་ཆུ་མཁོ་འདོན་འགན་ལེན་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
གཅིག འཁྱག་འགོག་གི་བྱ་ཐབས།
༡ སྦུག་ལམ་ལ་འཁྱག་འགོག་ཕྱི་ཐུམ་ཡག་པོ་རྒྱག་དགོས། སྦུག་ལམ་གྱི་ཕྱི་ངོས་ལ་སྲིང་བལ་རས་རྒྱུ་དང་འགྱིག་སྲབ་སོགས་དྲོད་སྲུང་རྒྱུ་ཆ་སྤྱད་ནས་ཐུམ་རྒྱག་པ་དང། གློག་ནུས་དྲོད་སྲུང་སྒྲིག་སྦྱོར་བྱེད་པ། གྲང་ངར་ཆེ་བའི་དགུན་དུས་སུ་ཆུ་ཀ་ལའི་གཅུས་སྒོ་ཅུང་ཙམ་ཕྱེ་ནས་ཆུ་ཐིགས་རྒྱུན་མི་ཆད་པར་གློད་ནས་འཇོག་དགོས།
1. ཆུའི་ཆུ་ཚོད་འཁྱག་འགོག་ཐད་ཕྱི་ནང་གཉིས་ཀར་ལྟ་རྟོག་བྱེད་དགོས། ཆུའི་ཆུ་ཚོད་ཡོད་སའི་ས་དོང་ནང་སོག་ཕྱེའམ་དེ་མིན་དྲོད་འཛིན་རྒྱུ་ཆ་གཞན་དག་བླུགས་དགོས་པ་མ་ཟད། སྲིང་བལ་རྙིང་པ་སོགས་ཀྱིས་ཆུའི་ཆུ་ཚོད་ལ་ཕྱི་ཐུམ་ཡག་པོ་རྒྱབ་ནས་ཕྱི་ངོས་སྐམ་པོ་དང་གཙང་མ་ཡོང་བ་བྱེད་དགོས།
2. ཆུ་འཐེན་འཕྲུལ་འཁོར་ལ་འཁྱག་མི་ཤོར་བ་བྱེད་དགོས། ཆུ་འཐེན་འཕྲུལ་འཁོར་ལ་སྔ་ཙམ་ནས་འཁྱག་མི་ཤོར་བའི་སྲུང་སྐྱོབ་བྱེད་དགོས། དཔེར་ན། ཆུ་འཐེན་འཕྲུལ་འཁོར་གྱི་ཕྱི་ངོས་དང་སྦུག་ལམ་ལ་ཨ་ཅོར་དང་རྩ་ཐག་རས་གོས་སོགས་དཀྲི་བའམ་ཡང་ན་འཁྱག་པ་མི་ཐེབས་པའི་བཀྲག་རྩི་བྱུག་དགོས། ཆུ་འཐེན་འཕྲུལ་འཁོར་སྤྱོད་མཚམས་བཞག་རྗེས་འཕྲུལ་འཁོར་ནང་ལྷག་ཡོད་པའི་ཆུ་ཕྱིར་འབུད་དགོས།
གཉིས། འཁྱགས་སྐྱོན་ཐག་གཅོད་བྱེད་ཐབས།
1. སྦུག་ལམ་གྱི་འཁྱག་པ་བཞུར་རྒྱུར་རྒྱུ་ཆ་གང་ཡིན་ལ་གཞིགས་ནས་བཞུར་ཐབས་སྤྱོད་དགོས། སྦུག་ལམ་ལ་འཁྱག་པ་རྒྱབ་ཚེ། གལ་སྲིད་སྦུ་གུ་དེ་ལྕགས་རིགས་ཡིན་ཚེ་ཆུ་དྲོན་མོས(ཆུ་ཁོལ་སྤྱོད་མི་རུང་)ཆུ་བཤལ་གཏོང་བའམ་གློག་ཆས་རླུང་གཡབ་ཆུང་ངུས་ཚ་པོ་བཟོ་དགོས། འོན་ཀྱང་ངོས་གཅིག་རང་ལ་དུས་ཡུན་རིང་པོ་ཚ་པོ་བཟོ་མི་རུང། གལ་ཏེ་འགྱིག་སྦུག་ཡིན་ན་ཨ་ཅོར་ཚ་པོས་བཏུམ་རྗེས་ཆུ་དྲོན་མོས་ཆུ་བཤལ་གཏོང་དགོས།
2. སྦུག་ལམ་འཁྱག་གས་ཐེབས་ན་གཅུས་སྒོ་བསྡམས་ནས་བཟོ་བཅོས་རྒྱག་དགོས། སྦུག་ལམ་ལ་འཁྱག་པ་ཐེབས་ནས་གས་ཚེ། འཕྲལ་མར་གཅུས་སྒོ་ཨ་མ་ནས་ཆུ་བཀག་དགོས། གལ་སྲིད་ཆུ་བཀག་མ་ཐུབ་ན་ཨ་ཅོར་རམ་ཡང་ན་རས་སོགས་ཀྱིས་འཁྱག་གས་ཤོར་སར་དམ་པོར་བསྡམ་དགོས་མ་ཟད། དུས་ཐོག་ཏུ་སྦུ་གུ་བརྗེ་ དགོས།
3. ཆུ་འཐེན་འཕྲུལ་འཁོར་གྱི་འཁྱག་པ་བཞུར་ཐབས། ཆུ་འཐེན་འཕྲུལ་འཁོར་ལ་འཁྱག་པ་ཐེབས་དུས་ཆུ་ཚ་པོ་ཆུ་འཐེན་འཕྲུལ་འཁོར་ནང་བླུགས་ནས་བཞུར་ཐབས་བྱེད་ཆོག་ལ། ཡང་ན་ཕྱི་ངོས་ལ་ཆུ་ཚ་པོ་ཤོས་ནས་ཏུའུ་ཀླད་ཀོར་ཡན་གྱི་རྒྱུན་གཏན་དྲོད་ཚད་ལྡན་པའི་ཁོར་ཡུག་ནང་བཞག་ན་འགྲིག།
4. ཆུ་ཀ་ལ་སྤྱོད་མཁན་དུད་ཚང་གིས་ཉིན་གཉིས་པའི་གནམ་གཤིས་དྲོད་ཚད་ཀླད་ཀོར་འོག་གི་3℃མན་ཡིན་པ་སྔོན་ནས་ཤེས་ན། ས་སྲོད་མཚམས་སུ་ཆུ་ཀ་ལའི་གཅུས་སྒོ་ཅུང་ཟད་ཕྱེ་ནས་ཆུ་ཐིགས་རྒྱག་ཐུབ་པ་བཟོས་ཏེ། ཆུ་ཀ་ལར་འཁྱག་པ་མི་ཐེབས་པའི་སྔོན་འགོག་བྱ་དགོས།
གསུམ། རྩ་འཛུགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
1. གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་དུས་བཀག་ནང་ཆུ་རྩའི་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་དང། ཆུ་གསོག་རྫིང་བུ་གཙང་འཁྲུ་དང་དུག་སེལ་བྱེད་དགོས་པ་དང་ཆབས་ཅིག་རྒྱུན་སྤྱོད་ཟད་གྲོན་ཆེ་བའི་སྒྲིག་ཆས་ཁག་གཅིག་གྲ་སྒྲིག་གང་ལེགས་བྱས་ཏེ་གནད་དོན་ཐོན་ཚེ་དུས་ཐོག་ཏུ་འགན་སྲུང་ ཐུབ་པ་བྱེད་དགོས།
2.ཆུ་སྦུག་དོ་དམ་བྱེད་མཁན་གྱིས་དུས་བཀག་ལྟར་འཐུང་ཆུའི་སྒྲིག་ཆས་ལ་སྐོར་གཡེང་ཞིབ་བཤེར་བྱས་ཏེ། གནད་དོན་ཆུང་གྲས་ཐོན་ཚེ་དུས་ཐོག་ཏུ་ཞིག་གསོ་དང་བདག་སྐྱོང་བྱས་ནས་དུས་ཐོག་ཏུ་འགན་སྲུང་ཡོང་བ་བྱ་དགོས།
3.ཆུ་སྤྱོད་མཁན་དུད་ཚང་ཁག་གིས་རང་འགུལ་ངང་དོ་དམ་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཆུ་སྤྱོད་མཁན་དུད་ཚང་ཁག་གིས་དགུན་དུས་ཀྱི་ཆུ་སྤྱོད་བདེ་འཇགས་ཆེད་དུ་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང། སྤྱི་སྤྱོད་ཆུའི་ཆུ་ཚོད་ཡོད་སར་དོ་དམ་ཡག་པོ་བྱས་ཏེ་འཐུང་ཆུའི་སྒྲིག་ཆས་ལ་ལྟ་རྟོག་ཡག་པོ་མ་བྱུང་བའི་སྐབས་རང་འགུལ་ངང་ལྟ་རྟོག་བྱེད་རྒྱུར་དྲན་སྐུལ་བྱེད་དགོས།
4. ཆུ་སྤྱོད་མཁན་ཁྱིམ་དུད་ཁག་གིས་དགུན་དུས་གནམ་གཤིས་གྲང་མོ་ཡོད་དུས་ཁྱིམ་ཚང་ནང་འཚོ་བའི་སྤྱོད་ཆུ་མི་ཉུང་བ་གསོག་འཇོག་བྱས་ཏེ་འཕྲལ་སྤྱོད་འཐུང་ཆུ་གྲ་སྒྲིག་ཡག་པོ་བྱེད་དགོས།
བཞི། ཞབས་ཞུའི་ཐད་འབྲེལ་ཁ་པར།
གལ་སྲིད་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་ནས་སྒེར་གྱིས་ཆུ་འཁྲིད་དེ་ཆུ་བརྐུས་པའམ་ཆུ་འདོན་སྦུག་ལམ་ནས་ཆུ་འཛག་པ། ཁྱིམ་དུ་ཆུ་མེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། མངའ་ཁོངས་ཀྱི་གྲོང་ཚོ་དང་སྡེ་ཁུལ་ལ་འབྲེལ་གཏུག་བྱས་ཏེ་གནས་ཚུལ་གོང་ཞུ་བྱེད་དགོས། "ཆུ་སྤྱོད་དུད་ཚང་ →གྲོང་ཚོ་སྡེ་ཁུལ་ཁག་→ཤང་གྲོང་རྡལ་ཁག་ →རྫོང་ཆུ་བེད་ཅུད་"བཅས་ལ་རིམ་པ་བཞིན་སྙན་སེང་ཞུས་ནས་ཐག་གཅོད་བྱེད་པའི་ལམ་ལུག་དོན་འཁྱོལ་བྱེད་དགོས། གལ་དེ་ཐག་གཅོད་མ་ཐུབ་ཚེ། འཕྱོངས་རྒྱས་རྫོང་ཆུ་བེད་ཅུད་འཐུང་ཆུའི་བདེ་འཇགས་ཀྱི་ཞབས་ཞུའི་ཁ་པར་རྒྱག་རོགས།
ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད།  
བློ་བཟང་བསྟན་འཛིན།  18889039292  མིག་དམར་ཚེ་རིང་། 18089939891
འཕྱོངས་རྒྱས་གྲོང་རྡལ། བློ་བཟང་ཡོན་ཏན།  18889039005
རྒྱལ་སྨན་ཤང།  ནོར་བུ་དགྲ་འདུལ།  13658938841
ཤ་གསོ་ཤང།   ཚེ་ རིང་ རྒྱ་ མཚོ།  13908939237
ལྷ་ཡུལ་ཤང།   ཧེ་        ཀྲའོ།  18184935254
འཐུང་ཆུའི་བདེ་འཇགས་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ཆུ་བེད་སྤྱོད་བྱེད་མཁན་གྱི་གཞི་གྲངས་མང་བ་དང། ཁྱབ་ཁྱོན་ཆེ་ལ་སྡོད་ཁུལ་ཁ་ཐོར་ཡིན་པ་བཅས་ལས་དགུན་དུས་ཀྱི་དྲོད་སྲུང་དང་དོ་དམ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཆུ་སྤྱོད་མཁན་དུད་ཚང་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་དོ་དམ་ཡག་པོ་བྱེད་དགོས། དགུན་དུས་ཀྱི་འཐུང་ཆུ་བདེ་འཇགས་ཡོང་ཆེད། ཁྱེད་ཀྱིས་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་མ་ཟད་ཐུན་མོང་གི་སྤྱོད་ཆུའི་ཆུ་ཚོད་ཡོད་སར་དོ་དམ་ཡག་པོ་བྱེད་དགོས། གལ་སྲིད་འཐུང་ཆུའི་སྒྲིག་ཆས་ལ་ལྟ་རྟོག་ཡག་པོ་མ་བྱུང་བའི་སྐབས། རང་འགུལ་ངང་ལྟ་རྟོག་དང་དྲན་སྐུལ་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཚོས་དགུན་དུས་ཀྱི་འཐུང་ཆུ་མཁོ་འདོན་འགན་ལེན་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
ཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད།
2024ལོའི་ཟླ11ཚེས་15ཉིན།

网信琼结
新闻头条、政策发布、便民服务、公众举报等
 最新文章