ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་སྦག་སྦག་“རྒྱུགས་ཡིག་གྲོང་གསེབ་སྐྱེལ་བའི”དམངས་ཕན་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།
འཁོར་རིགས་དང་རླངས་འཁོར་གཏོང་མཁན་དོ་དམ་ཞབས་ཞུའི་ལས་དོན་ལ་སྔར་བས་སྐུལ་འདེད་བཏོང་པའི་ཆེད་“རྒྱུགས་ཡིག་གྲོང་གསེབ་སྐྱེལ་བའི”མང་ཚོགས་ཀྱིས་སྦག་སྦག་ཁ་ལོ་བའི་ལག་ཁྱེར་ལེན་པའི་དགོས་མཁོ་སྐོང་ལ། མཚོ་སྔོན་ཞིང་ཆེན་དམངས་འཚོའི་བྱ་བ་དངོས་འདུ་འགོད་ཀྱི་བླང་བྱ་གཞིར་བཟུང་ནས་ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁུལ་དེ་ཡོངས་ཀྱི་སྦག་སྦག་གི“རྒྱུགས་ཡིག་གྲོང་གསེབ་སྐྱེལ་བའི”ཞབས་ཞུ་མུ་མཐུད་བྱ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ་དུ།གཅིག རྒྱུགས་ཡིག་སྐྱེལ་སའི་གྲོང་རྡལ། ཡུས་ཧྲུའུ་གྲོང་ཁྱེར་དང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་ཁོངས་གཏོགས་ཀྱི་ཤང་གྲོང་།གཉིས། རེ་ཞུ་ཐོ་འགོད་ཀྱི་ཆ་རྐྱེན། 1.ད་ཐེངས་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་མཁན་ནི་ཁུལ་དེ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པའི་ཤང་དང་གྲོང་རྡལ་གྱི་ཐེམ་ཐོ་གནས་ཡུལ་གྱི་མི་སྣ་ཡིན་དགོས་པ་ལས་ཁྲོམ་རར་བཏོན་པའི་རྫོང་རིམ་པའི་ཐེམ་ཐོ་མིན་པའི་མི་སྣ་གནས་སྐབས་སུ་གྲོང་གསེབ་ཏུ་ཡིག་རྒྱུགས་གཏོང་བའི་ཁྱབ་ཁོངས་སུ་ཚུད་མེད།2.སྤྱིར་བཏང་གི་འཁོར་གསུམ་སྦག་སྦག་དང་། འཁོར་གཉིས་སྦག་སྦག་གི་ཁ་ལོ་བའི་འཛིན་ཡིག་ལེན་པའི་སྤྱི་དམངས་ཀྱི་ལོ་ཚོད་ནི་ལོ18ཡན་དང་། ལོ60ཡར་མན་ཡིན། གསུམ། རྒྱུགས་ལེན་གྱི་ཚན་པ་དང་རྣམ་པ། བསླབ་ཚན་དང་པོ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་བཅས་དང་དེ་བཞིན་འབྲེལ་ཡོད་ཤེས་བྱ་དང་བསླབ་ཚན་གསུམ་གྱི་བདེ་འཇགས་ཡ་རབས་ངང་གཏོང་བའི་རྒྱུན་ཤེས་ཡིག་རྒྱུགས་དེ་ཤོག་བུ་རྒྱུགས་ཤོག་ཐོག་ནས“མི་རྐྱང་ཅོག་ཙེ་གཅིག་པུ”དང་གསང་ཐབས་ཡིག་རྒྱུགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་དང་རྫོང་རིམ་པ་ཁག་གི་གྲོང་གསེབ་ཏུ་བསྐྱོད་པའི་ཤང་དང་གྲོང་རྡལ་དུ་ཡིག་རྒྱུགས་གཏོང་རྒྱུ་ཡིན། བསླབ་ཚན་གཉིས་པའི་ཁ་ལོ་བའི་རྩལ་ནུས་དང་བསླབ་ཚན་གསུམ་པའི་འགྲོ་ལམ་ཁ་ལོ་བའི་རྩལ་ནུས་དེ་གྲོང་ཁྱེར་དང་རྫོང་རིམ་པའི་ཤང་གྲོང་གི་གནས་སྐབས་ཡིག་རྒྱུགས་གཏོང་སར་ཡིག་རྒྱུགས་གཏོང་དགོས། སྦག་སྦག་གི་ཁ་ལོ་བའི་ལག་ཁྱེར་ལེན་རྒྱུའི་རེ་ཞུ་བྱེད་མཁན་མང་ཚོགས་ཀྱིས་ཡུས་ཧྲུའུ་ཁོངས་གཏོགས་ཁུལ་གྱི་ཐོབ་ཐང་ལྡན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་གསོ་སྦྱོང་སློབ་གྲྭ་བདམས་ནས་མིང་ཐོ་འགོད་དུ་བཅུག་པ་དང་འབྲེལ་ཁོངས་གཏོགས་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་དང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་རླངས་འཁོར་དོ་དམ་སུའོ་རུ་ཐོ་འགོད་བྱེད་པར་བསྐྱོད་དགོས། ལྔ། རྒྱུགས་ཡིག་གྲོང་གསེབ་ཏུ་སྐྱེལ་བའི་དུས་ཚོད། ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བརྡ་ཐོ་ལོགས་སུ་གཏོང་རྒྱུ་ཡིན། ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག为进一步推动车驾管服务工作,满足农村群众申领摩托车驾驶证的需求,根据青海省民生实事工程要求,玉树州公安局交警部门将继续开展全州摩托车“送考下乡”服务,现将有关事项通告如下:玉树市、称多县、囊谦县、杂多县、治多县、曲麻莱县所属乡镇。1.此次报名申领驾驶证的人员需为全州市县级乡镇户籍所在地人员,非以上市县级户籍人员暂不在下乡考试范围。2.申领普通三轮摩托车、二轮摩托车驾驶证的公民年龄在18周岁以上、60周岁以下。科目一道路交通安全法律法规及相关知识和科目三安全文明驾驶常识考试采用纸质试卷以“单人独桌”、闭卷考试的方式在各市县级下乡乡镇内组织考试。科目二场地驾驶技能、科目三道路驾驶技能在各市县级乡镇临时考试场地进行考试。有申领摩托车驾驶证需求的群众,请自行选择玉树辖区内有资质的机动车驾驶人培训学校进行报名,并前往所属辖区市县交警大队车辆管理所报备。 玉树州公安局交警支队
2024年10月10日 来源:玉树州公安局交警支队