=== 愿 诸 见 闻 者 • 速 疾 成 佛 道 ===
༄༅།།དཔལ་ལྡན་ལྷ་མོའི་འཕྲིན་བཅོལ་བཞུགས་སོ།།
【 吉 祥 天 母 祷 辞 】
༧རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་ལ།།དམག་ཟོར་རྒྱལ་མོ་ཞེས་བྱའི་མཚན་གསོལ་བ།།རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན།།ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ།།མདུན་གྱི་ནམ་མཁར་རླུང་ནག་འཚུབ་མའི་དབུས།།བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས།།དྲེའུའི་སྟེང་བཞུགས་གདུག་པ་ཚར་གཅོད་སྐུ།།ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས།།ཕྱི་ཡི་སྤྱན་གཟིགས་ནམ་མཁའི་ཁྱོན་བཀང་སྟེ།།ནང་གི་དམ་རྫས་ས་གཞི་མ་ལུས་ཁྱབ།།ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་ཀུན།།དགྱེས་པར་འགེངས་པ་འཁོར་དང་བཅས་ལ་འབུལ།།ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས།།འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི།།དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི།།རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ།།དཔལ་ལྡན་ཐུབ་པའི་བཀའ་སྲུང་མཐུ་རྩལ་ཅན།།ཁྱེད་ཉིད་བསྟེན་ཅིང་བསྒྲུབ་ལ་རྩེ་གཅིག་ཏུ།།གསོལ་བ་འདེབས་པས་རྣལ་འབྱོར་དཔོན་སློབ་ཀྱི།།འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས།།སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང་།།སྲིད་གསུམ་གདུག་པ་འདུལ་ཕྱིར་དྲག་མོའི་སྐུ།།དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ།།སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་ཚོགས།།ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པར་དང་།།ནད་གདོན་བགེགས་སོགས་བར་དུ་གཅོད་པའི་ཚོགས།།ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན།།ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་།།དམག་ཟོར་རྒྱལ་མོ་ལ་སོགས་སྲུང་མས་ཀྱང་།།གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག།