ཆམ་རིམས་ཕོག་སླ་བས་ངེས་པར་དུ་སྔོན་འགོག་བྱེད་དགོས།

民生   2024-12-09 16:33   西藏  

 

གནམ་གཤིས་ཀྱི་དྲོད་ཚད་རིམ་བཞིན་དམའ་རུ་འགྲོ་བ་དང་བསྟུན་ནས། ཆམ་རིམས་ཀྱང་བྱུང་མང་བའི་དུས་སུ་སླེབས་ཤིང་། ཆམ་རིམས་ནི་དབུགས་ལམ་གྱི་འགོ་ནད་ཁྲོད་རྒྱུན་མཐོང་གི་ནད་ཞིག་ཡིན་པས། འགོས་ཤུགས་དང་མཆེད་ཚད་མགྱོགས་པ། མི་ཚོགས་ཀྱི་ཁྲོད་དུ་ཁྱབ་སླ་བས་ང་ཚོས་ངེས་པར་དུ་སྔོན་འགོག་བྱེད་དགོས།
 ཆམ་རིམས་ཀྱི་ནད་དུག་དེ་ནི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཡིན། དེར་ཀ་པ་དང་། ཁ་པ། ག་པ། ང་པ་རིགས་བཞི་ལ་དབྱེ་ཆོག

       ཆམ་རིམས་ལ་ནད་རྟགས་ཅི་ཞིག་ཡོད་དམ། ཇི་ལྟར་བྱས་ན་ཆམ་རིམས་སྔོན་འགོག་བྱེད་དམ། མི་གང་དག་ལ་ཆམ་རིམས་འགོག་ཁབ་རྒྱག་དགོས་སམ།

       ཆམ་རིམས་ནི་སྤྱིར་བཏང་གི་ཆམ་ནད་ཅིག་ཡེ་ནས་མིན།

       ཆམ་རིམས་ནི་སྤྱིར་བཏང་གི་ཆམ་ནད་ཅིག་མ་ཡིན་ཏེ། ཆམ་རིམས་འགོས་རྗེས་རྒྱུན་དུ་ལུས་ཡོངས་སུ་ནད་རྟགས་མངོན་གསལ་དོད་དེ། གཙོ་བོ་ནི་གློ་བུར་དུ་ན་བ་དང་། ཚ་བ་རྒྱས་པ། མགོ་ན་བ། ལུས་ཡོངས་ཀྱི་ཤ་གནད་ན་བ། ལུས་ཤུགས་ཟད་པ་སོགས་ཡིན།

       རིམས་འགོག་སྨན་ཁབ་མ་བརྒྱབ་པའི་གནས་ཚུལ་འོག ཆམ་རིམས་ལ་ནད་གཞི་ཚབས་ཆེན་འབྱུང་བའི་ཉེན་ཁ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཆམ་རིམས་ནད་དུག་གི་དུས་ཚིགས་རང་བཞིན་གྱི་ཁྱབ་ཚུལ་ཀྱིས་འཛམ་གླིང་ཡོངས་སུ་ལོ་རེར་ཆ་སྙོམས་ཧ་ལམ་ནད་པ་ཁྲི300ནས་ཁྲི500བར་ནད་རྟགས་ཚབས་ཆེན་འབྱུང་དུ་འཇུག་པ་དང་། དབུགས་ལམ་གྱི་ནད་རིགས་ཁྲི29ནས65བར་རྐྱེན་ལམ་དུ་ཤོར་གྱི་ཡོད།

       ཆམ་རིམས་ཀྱི་མཆེད་ལམ་གཙོ་བོ་ནི་དབུགས་ལམ་གྱི་མཆིལ་ཟེགས་བརྒྱུད་ནས་འགོ་བ་དང་། དེ་ནས་ཁ་ནང་དང་སྣའི་འབྱར་སྐྱིའི་ནང་ནས་ཐད་ཀར་རམ་བརྒྱུད་ནས་འགོ་བ་ཡིན། དཔེར་ན་ནད་དུག་གིས་སྦགས་པའི་དངོས་པོར་ལག་པས་རེག་པ་དང་། དེ་ནས་ཁ་དང་སྣ་ལ་རེག་པ་ལས་འགོ་བཞིན་ཡོད།

       ཆམ་རིམས་སྐོར་ལ་གོ་ནོར་ཤོར་སླ་བ་གསུམ་ཡོད་པ་སྟེ།  

       གོ་ནོར་ཤོར་སླ་བ་དང་པོ། ཆམ་རིམས་ཕོག་ཚེ་སྨན་བཅོས་མ་བྱས་ནའང་ནད་གཞི་སླར་གསོ་ཡོང་གི་ཡོད་ཚུལ།

       མི་ཁ་ཤས་ཀྱིས་ཆམ་རིམས་ཕོག་ཚེ་སྨན་བཅོས་མ་བྱས་ནའང་ནད་གཞི་སླར་གསོ་ཡོང་གི་ཡོད་ཚུལ་བརྗོད་པ་དང་། ལུས་པོ་བཟང་བོ་ཡོད་ན་སྣང་དག་མེད་པ་དང་སྨན་པ་དེ་བས་ཀྱང་བསྟེན་མི་དགོས་ཟེར། དེའི་ཐད་སྨན་པས་དངོས་གནས་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ལུས་པོ་ཡག་པོ་མེད་པའི་མི་ཚོགས་ལ་མཚོན་ན། ཆམ་རིམས་ཕོག་ནས་དྲག་སྐྱེད་མ་ཡོང་བར་སྒུག་རྒྱུ་མེད། གལ་ཏེ་ཉིན་གསུམ་ལ་རྒྱུན་མཐུད་པའི་ཏུའུ39.℃ཡན་ལ་ཚ་བ་རྒྱས་པའམ་ཡང་ན་དབུགས་འགགས་པ་དང་དབུགས་གཏོང་དཀའ་བ་སོགས་ཀྱི་ནད་རྟགས་བྱུང་ན། སྤྱིར་ན་དྲག་སྐྱེད་ཡོང་དཀའ་བས་མྱུར་དུ་སྨན་པར་བསྟེན་དགོས།

       གོ་ནོར་ཤོར་སླ་བ་གཉིས་པ། དབུགས་ལམ་ལ་ནད་རྟགས་མེད་ན་ཆམ་རིམས་མིན་པ།  

       རྒྱུན་དུ་མཐོང་བའི་དབུགས་ལམ་གྱི་ནད་རྟགས་ལ་སྣ་འགགས་པ་དང་། སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ། གློ་ལུ་བ། ལུད་པ་ཡོད་པ། བྲང་ཁོག་ན་བ། དབུགས་གཏོང་དཀའ་བ་སོགས་ཀྱི་ནད་རྟགས་ཡོད་མོད། འོན་ཀྱང་མི་ཚང་མར་ཆམ་རིམས་ཕོག་ན་དབུགས་ལམ་གྱི་ནད་རྟགས་འབྱུང་བ་མ་ཡིན་པར། ལྷག་པར་དུ་ནད་པ་རྒན་འཁོགས་མང་པོ་ཞིག་ལ་མཚོན་ན། དབུགས་ལམ་གྱི་ནད་རྟགས་ནི་དེ་འདྲ་མ་ཡིན་ཏེ། མགོ་ཡུ་འཁོར་བ་དང་། ཐང་ཆད་པ། ཚ་བ་དམའ་མོ་རྒྱག་པ་སོགས་ཡིན།

       གོ་ནོར་ཤོར་སླ་བ་གསུམ་པ། སྤྱིར་བཏང་གི་ཁ་རས་ཀྱིས་ཆམ་རིམས་འགོག་མི་ཐུབ། 

       དབུགས་ལམ་གྱི་འགོ་ནད་ནི་གཙོ་བོ་མཆིལ་ཟེགས་དང་རླུང་ཞུ་སྤྱིན་ལས་འགོས་པ་ཡིན་ཞིང་། མི་ཚོགས་མང་ས་དང་ཡང་ན་ཆམ་རིམས་འབྱུང་མང་བའི་དུས་སུ། སྤྱིར་བཏང་གི་སྨན་སྤྱོད་ཁ་རས་བརྒྱབ་ན་ཆོག་པ་དང་ཁ་རས་བརྒྱབ་ཚེ་སྔོན་འགོག་བྱེད་ཐུབ།

       ཇི་ལྟར་བྱས་ནས་ཡང་དག་པའི་སྒོ་ནས་ཆམ་རིམས་སྔོན་འགོག་བྱེད་དགོས།

       རིམས་འགོག་སྨན་ཁབ་རྒྱག་པ། རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་དང་། ཆམ་རིམས་དང་འབྲེལ་བ་ཡོད་པའི་ནད་གཞི་ལྕི་རིགས་དང་ནད་པ་ཤི་ཚད་ཉུང་དུ་གཏོང་བའི་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད།

       མི་གང་ལ་ཆམ་རིམས་འགོག་ཁབ་རྒྱག་དགོས་སམ།

       《ཀྲུང་གོའི་ཆམ་རིམས་འགོག་སྨན་རྒྱག་པའི་ལག་རྩལ་ཕྱོགས་སྟོན(2023-2024)》ཀྱིས་ཟླ6ལ་སོན་པ་དང་དེ་ལས་ཆེ་བའི་མིའི་ཁྲོད་ཀྱི་འགོག་ཁབ་རྒྱག་མི་འཚམ་པའི་མི་ཕུད་གཞན་ཚང་མས་ཆམ་རིམས་འགོག་སྨན་རྒྱག་དགོས་པའི་རེ་བ་བཏོན་ཡོད།  “རྒན་པ་གཅིག”(ལོ60དང་དེ་ཡན་གྱི་རྒན་རྒོན)དང“ལོ་ཆུང་བ་གཅིག”(ཟླ6ནས59བར་གྱི་བྱིས་པ)ཕུད། ད་དུང་སྔོན་ལ་གཤམ་གསལ་གྱི་མི་ཚོགས་ལ་དུས་ཐོག་ཏུ་འགོག་སྨན་རྒྱག་དགོས།

       སྨན་བཅོས་ལས་དོན་པ། དཔེར་ན། ནད་ཐོག་མི་སྣ་དང་། སྤྱི་པའི་འཕྲོད་བསྟེན་མི་སྣ། འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་མི་སྣ་སོགས་ཡིན།

       གཅོང་ནད་ཕོག་པའི་མི་ཚོགས། གཅོང་ནད་རིགས་གཅིག་གམ་མང་པོ་ཕོག་པའི་མི་ཚོགས།

       རྒན་གསོ་ཁང་དང་། བུ་བཅོལ་ཁང་། ཕན་བདེ་ཁང་སོགས་མི་ཚོགས་འདུ་མང་སའི་ཉམས་ཞན་ཚོགས་སྤྱི་དང་ལས་བཟོ།

       སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་མ།

       སྦྲུམ་མ།

       ཟླ6མན་ཆད་ཀྱི་ཕྲུ་གུ་དམར་འབྱར་གྱི་ཁྱིམ་མི་དང་ལྟ་སྐྱོང་པ། 

       མཁའ་རླུང་འཁོར་རྒྱུག་ཡག་པོ་ཡོང་བ་བྱེད་དགོས། སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འཁོར་རྒྱུག་ཡོང་བ་བྱས་ན་མཁའ་རླུང་ནང་གི་ནད་དུག་ཇེ་ཉུང་དུ་གཏོང་ཐུབ། གནམ་གཤིས་གྲང་མོ་ཡོད་ན། ཉིན་རེར་མཁའ་རླུང་འཁོར་རྒྱུག་ཐེངས1-2དང་། ཐེངས་རེར་སྐར་མ10བྱེད་དགོས།  

       ལག་པ་ཡང་སེ་བཀྲུ་བ། ལག་པ་བཀྲུས་ན་ནད་དུག་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

       ཁ་རས་རྒྱག་པ། ཁ་རས་བརྒྱབ་ན་དབུགས་ལམ་གྱི་འགོ་ནད་ཚང་མ་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།

       རིམས་འགོག་ནུས་ཤུགས་ཆེ་རུ་གཏོང་བ། ངལ་གསོ་གང་ལེགས་ཡོང་བ་དང་འགུལ་སྐྱོད་འོས་འཚམ་ཐུབ་པ་བྱས་ན་ལུས་ཁམས་ཀྱི་རྙིང་ཚབ་གསར་བྱེད་ཀྱི་བདེ་ཐང་གི་རྣམ་པ་སྲུང་འཛིན་བྱེད་ཐུབ་པ་དང་། དུས་ཡུན་རིང་པོར་ཆང་རག་ཚོད་མེད་འཐུང་བ་དང་མཚན་འཁྱོངས་སྡོད་པ་སོགས་བདེ་ཐང་མིན་པའི་འཚོ་བ་སྐྱེལ་སྟངས་ཀྱིས་རིམས་འགོག་ནུས་པར་གཏོར་སྐྱོན་གཏོང་གི་ཡོད། 

       ཤ་ཚའི་དྲན་སྐུལ།

       རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་སྔོན་འགོག་གི་ཆེས་ནུས་ལྡན་གྱི་བྱེད་ཐབས་ཡིན། འགོག་ཁབ་རྒྱག་པའི་ཆ་རྐྱེན་མཐུན་པའི་མི་སྒེར་གྱིས་སྡོད་གནས་ཉེ་འགྲམ་དུ་ཡོད་པའི་རང་ཉིད་དང་ཐག་ཉེ་སའི་གནས་སུ་སྨན་ཁབ་རྒྱག་ཆོག་པ་དང་། ཆམ་རིམས་ཀྱིས་བདེ་ཐང་ཐད་བཟོས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་དགོ



BQTV

监   审:阿      旺

责   编:格桑扎拉

编   辑:扎央拉姆

来   源:山南发布


邮箱:nqbqgdj@163.com

关注:新闻


巴青融媒
记录巴青发展的点点滴滴、传播大众生活的方方面面;及时准确的宣传党的方针政策和县委县政府的决策部署,聚焦社会热点,反应百姓心声,弘扬主旋律,传递正能量;充分发挥舆论监督作用,搭建政府与百姓沟通的纽带和桥梁打造百姓生活的精神食粮。
 最新文章