འདི་ཕྲུ་གུའི་བདེ་ཐང་དང་འབྲེལ་བ་ཆེ། ཁྱིམ་བདག་ཚོས་དོ་སྣང་གནང་རོགས།

民生   2024-12-18 10:44   西藏  

   རིམས་འགོག་སྨན་ཁབ་བརྒྱབ་པ་ཡིན་ན་བྱིས་པའི་བདེ་ཐང་ལ་སྲུང་སྐྱོབ་ཐུབ་ཀྱི་ཡོད། ཡིན་ནའང་། ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ལོ་གསུམ་ཡན་གྱི་བྱིས་པ་ཁག་གཅིག་ལ་ངེས་པར་དུ་རྒྱག་དགོས་པའི་རིམས་འགོག་སྨན་ཁབ་ཁག་བཞི་བརྒྱབ་མེད་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་ཁྱིམ་བདག་ཚོས་མགྱོགས་པོ་སྨན་ཁབ་རྒྱག་པར་འཁྲིད་དགོས་འདུག 
↓↓↓

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྨན་ཁབ་བརྒྱབ་མེད་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཤིང་། དེའང་གཅིག་ནས་ཁྱིམ་བདག་ཁག་གཅིག་གིས་ལོ་གསུམ་གོང་ཕྲུ་གུར་རྒྱག་དགོས་རིགས་ཀྱི་སྨན་ཁབ་ཚང་མ་བརྒྱབ་ཚར་རྗེས། ལོ་གསུམ་3ལོན་རྗེས་ད་དུང་སྨན་ཁབ་རྒྱག་དགོས་མེད་ཤེས་ཀྱི་མེད་པ་དང་། གཉིས་ནས་ཁྱིམ་བདག་ཁག་གཅིག་གིས་རིམས་འགོག་སྨན་ཁབ་རྒྱག་པར་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ལ་ཕྲུ་གུ་བུ་བཅོལ་ཁང་དུ་བཏང་རྗེས་རིམས་འགོག་སྨན་ཁབ་ཡང་བསྐྱར་རྒྱག་དགོས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། 
    དོན་དངོས་ཐོག ཕྲུ་གུ་ལོ་གསུམ་ལོན་རྗེས་ད་དུང་རིམས་འགོག་སྨན་ཁབ་ཁག་བཞི་རྒྱག་དགོས་པ་སྟེ། A+Cཀླད་རིམས་ནད་ཀྱི་སྨན་ཁབ་དང་པོ་དང་གཉིས་པ་དང་། རྒྱུངས་སྐྱའི་གཉན་ཚད་ཀྱི་རིམས་འགོག་སྨན་ཁབ་ཁག་བཞི་པ་དང་དེ་བཞིན་མགྲིན་ནད་དང་འཛུམ་བུ་ལྟག་དགྱེས་ཀྱི་སྨན་ཁབ་བཅས་ཡིན། གལ་སྲིད་ཕྲུ་གུར་སྨན་ཁབ་དེ་རིགས་བརྒྱབ་མེད་ཚེ་སྔོན་ལ་བརྒྱབ་པའི་སྨན་ཁབ་ཀྱི་ནུས་པ་ཆུང་དུ་འགྲོ་གི་ཡོད་པ་མ་ཟད། ད་དུང་ཕྲུ་གུའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འགོ་ནད་ཀྱང་འགོས་སྲིད།

ཤ་ཚའི་དྲན་སྐུལ།

    ཕྲུ་གུ་ལོ་6ལ་མ་སླེབས་གོང་། རིམས་འགོག་སྨན་ཁབ(སྨན་རིན་མི་དགོས་པའི་རིམས་འགོག་སྨན་ཁབ)ཁག་20རྒྱག་དགོས། དེར་བརྟེན་ཁྱིམ་བདག་ཚོས་རིམས་འགོག་སྨན་ཁབ་ཁག་20བརྒྱབ་ཡོད་མེད་ལྟ་དགོས། གལ་སྲིད་ཆ་ཚང་བརྒྱབ་མེད་ཚེ་མགྱོགས་པོ་ལྷག་མ་རྣམས་རྒྱག་པར་འཁྲིད་དགོས་པ་དང་། ལོ་18གོང་རིམས་འགོག་སྨན་ཁབ་མང་ཆེ་བ་གསབ་ཆོག་གི་ཡོད

 BQTV

监   审:阿      旺

责   编:格桑扎拉

编   辑:次仁尼吉

来   源:西藏日报藏文媒体


邮箱:nqbqgdj@163.com

关注:新闻


巴青融媒
记录巴青发展的点点滴滴、传播大众生活的方方面面;及时准确的宣传党的方针政策和县委县政府的决策部署,聚焦社会热点,反应百姓心声,弘扬主旋律,传递正能量;充分发挥舆论监督作用,搭建政府与百姓沟通的纽带和桥梁打造百姓生活的精神食粮。
 最新文章