གར་སྟེགས་འདི་ཨ་ཁུ་འབྲོག་པའི་འཇོན་ཐང་ངོམས་ས་རེད།

政务   2025-01-09 12:55   西藏  

ནག་ཆུ་གྲོང་ཁྱེར་ནི་བོད་ཀྱི་བྱང་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད། ཁོང་ཚོས་ཡུལ་བབ་དང་བསྟུན་ནས་མང་ཚོགས་ཚོ "གྲོང་གསེབ་དར་རྒྱས། ནག་ཆུ་མདུན་བསྐྱོད་"བྱེད་སྒོའི་ཁྲོད་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱས་པས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།


ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་ཁྱད་ཆོས་ལྡན་པའི་རིག་གནས་དང་ནག་ཆུའི་དོན་དངོས་ལ་གཞིགས་ནས་2022ལོར"གྲོང་གསེབ་དར་རྒྱས། ནག་ཆུ་མདུན་བསྐྱོད"བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བ་དང་འཚམ་པའི་རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། ཐོན་སྐྱེད་རྩལ་ནུས་རིགས། རྟ་རྒྱུག་སྒྱུ་རྩལ་རིགས་ཆེ་གྲས་ལྔ་དང་། བྱེད་སྒོ་ཁག་12བཀོད་སྒྲིག་བྱས་ཡོད། མིག་སྔའི་བར་བྱེད་སྒོ་སྐབས་3སྤེལ་བ་དང་། འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་89ལས་བརྒལ་ཡོད་པ་རེད།


འགྲན་བསྡུར་དེས་ཁུལ་དེའི་རང་བྱུང་གི་ཆ་རྐྱེན་དང་། ཐོན་ཁུངས། ཐོན་ལས་ཀྱི་རྨང་གཞི། དམངས་སྲོལ་གྱི་ཁྱད་ཆོས། མི་རིགས་ཀྱི་གླུ་གར་དང་། གཏམ་བཤད། བོད་ཟས་ཀྱི་གཡོས་སྦྱོར་ལག་རྩལ། རྟ་རྒྱུག་འགྲན་བསྡུར། ལག་ཤེས་བསླས་འཐག་སོགས་ཀྱི་རྣམ་གྲངས་ཁག་ལ་དམིགས་ནས་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་བྱེད་སྒོ་ཁག་ཚ་ཚ་འུར་འུར་ངང་སྤེལ་བས་མི་ཚང་མ་གར་སྟེགས་དེའི་ཐོག་རང་ཉིད་ཀྱི་འཇོན་ཐང་ངོམས་སར་འགྱུར་ཡོད།


སྐལ་བཟང་ཆོས་སྒྲོན་ནི་ལྷན་སྐྱེས་ཀྱི་རིམ་པ་དང་པོའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་ཡིན་པ་དང་། ལག་པ་གཡས་པར་མཛུབ་མོ་གཉིས་དང་། ལག་པ་གཡོན་པར་མཛུབ་མོ་གཅིག་ལས་མེད་པ། རྐང་པ་གཉིས་འགྲོ་ཐབས་བྲལ་བ་ཞིག་ཡིན་ཡང་ཁོ་མོས་རང་ཉིད་ཀྱི་འཇོན་ཐང་དང་ལག་གཉིས་ལ་བརྟེན་ནས་དྲ་ཐོག་ཚོང་ཁང་ཞིག་ཐོ་འགོད་ཀྱིས་ལག་ཤེས་བཟོ་རྩལ་ཕྱིར་ཚོང་བྱས་པར་ཟླ་རེར་ཡོང་འབབ་སྒོར་5000ཡན་ཟིན་གྱི་ཡོད།


འབྲི་རུ་རྫོང་རྩ་ལ་ཤང་གི་གྲོང་མི་བུ་དཀར་གྱིས་ཆུང་དུས་ནས་ཕ་མའི་ས་ནས་བོད་བཟོའི་འཚེམ་བཟོ་སྟངས་སྦྱངས་པ་དང་། ལོ་ཤས་གོང་བོད་བཟོའི་ཚོང་ཁང་བཙུགས་མོད། འོན་ཀྱང་ཚོང་ཞན་པོ་ཡོད་སྟབས་ཡོང་འབབ་གསོག་ཚད་རྒྱུན་གཏན་གྱི་འགྲོ་སོང་ལས་འདང་གི་མེད། 2022ལོར"གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད་"བྱེད་སྒོའི་བོད་བཟོའི་འགྲན་བསྡུར་ནང་བུ་དཀར་ལ་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གྱི་གྲུབ་འབྲས་བཟང་པོ་ཨང་གཉིས་པ་ཐོབ་ཡོད། ཁོང་གིས་བཟོས་པའི་བོད་བཟོའི་གྱོན་ཆས་སྐད་གྲགས་ངེས་ཅན་ཞིག་ཡོད་པས་ཉིང་ཁྲི་དང་ལྷོ་ཁ་སོགས་ས་ཆ་ཁག་ནས་མངགས་ཐོ་འབོར་ཆེན་ཐོབ་ཡོད་ལ། 2023ལོར་ཁོང་གི་བོད་ཆས་ཚོང་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་413ཟིན་ནས་ཉེ་འཁོར་གྱི་མི་10ལྷག་ཙམ་ལས་གཏོད་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

གསོན་ཉམས་དོད་པའི་འབད་འབུངས་གཏམ་རྒྱུད་རེ་རེ་ལས་མང་ཚོགས་ཀྱི་གསར་གཏོད་གསོན་ཤུགས་ཇི་ལྟར་འཕེལ་བ་ང་ཚོས་མཐོང་ཐུབ། མིག་སྔར་ནག་ཆུས"གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད་"བྱེད་སྒོར་བརྟེན་ནས་རྩལ་ནུས་ཤེས་ལྡན་པ་7500ལྷག་ཙམ་སྔོག་འདོན་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་6.72ལ་གསོ་སྦྱོང་བྱས་པ། མི་3378སྤུས་ཚད་མཐོ་བའི་གསར་གཏོད་ལས་གཏོད་མངོན་འགྱུར་བྱུང་ཡོད།

往期回顾

智慧就业显成效 质量发展谱新篇

共谋制剂高质量发展 厚植藏药新质生产力

帮扶慰问暖人心 群众心里暖洋洋

记 者:仓果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章