བོད་ཀྱི་ཡིག་གཟུགས་དུས་ཆེན།

民生   2024-05-01 18:25   西藏  

བོད་ཡིག་

སློབ་དཔྱོད་

ཁང་

འདི་ལོ་ནི་སྣ་དཀར་རྩེ་རྫོང་སློབ་འབྲིང་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དམིགས་བསལ་གྱི་དྲན་གསོའི་ལོ་ཞིག་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱས་ནས་ལོ་ངོ་བརྒྱད་འཁོར་བའི་དུས་བཟང་ཞིག་ཀྱང་ཡིན། མཚམས་འདིར་ངེད་སློབ་འབྲིང་བོད་ཡིག་སློབ་དཔྱོད་ཁང་དང་བོད་ཡིག་བློ་མོས་ཁང་གཉིས་ནས་མཉམ་གཉེར་བྱས་པའི་དགེ་སློབ་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་དེ་སྤྱི་ཟླ་༤པའི་ཚེས་༡༩ཉིན་གྱི་སྔ་དྲོ་རང་སློབ་གྲྭའི་་སློབ་མའི་ཟ་ཁང་དུ་གཟབ་རྒྱས་ངང་སྤེལ་ཡོད།  

བྱེད་སྒོ་དེ་ནི་་སློབ་གྲྭའི་རིག་གནས་འཚོ་བ་གོང་འཕེལ་དང་སློབ་མའི་རྩལ་ནུས་ཡར་ཐོན་ཡོང་་ཆེད་ཡིན་ལ།  བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། དགེ་སློབ་ཀྱི་བོད་ཡིག་གཟུགས་སྔར་བས་ཡག་ཐོག་ཡག་བརྩེགས་ཡོང་སླད་དུ་སྤེལ་བ་ཞིག་ཡིན། ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ནང་ཁྱོན་བསྡོམས་དགེ་སློབ་གྲངས ༥༠ལྷག་ཙམ་བཞུགས་ཡོད། 

བྱེད་སྒོའི་གོ་རིམ་དང་པོར་བོད་ཡིག་སློབ་དཔྱོད་ཁང་གི་ཙུའུ་ཀྲང་སྐུ་གཞོན་རྒན་པད་མ་རྒྱལ་མཚན་མཆོག་ནས་བྱེད་སྒོའི་གཙོ་སྐྱོང་གནང་བ་དང་ཆབས་གཅིག་འགྲན་བཞུགས་ཀྱི་དགེ་སློབ་རྣམས་འགྲན་རར་བཞུགས་པ་དང་ལས་དོན་མི་སྣས་འགྲན་བཞུགས་མི་སྣར་འགྲན་བསྡུར་ལ་མཁོ་བའི་ཡོ་བྱད་སྨྱུ་གུ་དང་། ཤོག་བུ། སྣག་ཚ་སོགས་མཁོ་འདོན་བྱས་ཡོད། 


བྱེད་སྒོའི་གོ་རིམ་གཉིས་པར་སློབ་དཔྱོད་ཁང་གི་ཙུའུ་ཀྲང་སྐུ་གཞོན་རྒན་པད་མ་རྒྱལ་མཚན་ལགས་ནས་འགྲན་བཞུགས་པ་རྣམས་ལ་འགྲན་བསྡུར་ནང་ཡིད་གཟབ་བྱེད་དགོས་པའི་གནད་དོན་དང་བླང་བྱ་ཁག་གསལ་བཤད་གནང་བས་དགེ་སློབ་ཡོངས་ཀྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་འགྲན་བསྡུར་དངོས་སུ་འགོ་བཙུགས་ཡོད་།  

བྱེད་སྒོའི་གོ་རིམ་གསུམ་པར་བོད་ཡིག་སློབ་དཔྱོད་ཁང་གི་རྒན་ལགས་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་ཐེངས་འདིའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་ཀྱི་བརྩམས་བྱ་ཁག༤༦ཙམ་ལ་ཨང་རིམ་དབྱེ་བ་སོགས་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་དེ་ཚ་ཚ་འུར་འུར་ངང་ལེགས་སྒྲུབ་བྱུང་ཡོད།



扫码关注我们


编辑:索朗次仁   米玛次仁

文字:罗布扎西

审核: 米玛洛追



浪卡子县中学
通过此平台我们可以时时了解学校的有关学习资料、通知、新闻、信息、简报等宣传资料,我们共同关注学校的发展和动态。
 最新文章