​སྣ་དཀར་རྩེ་རྫོང་སློབ་འབྲིང་གི་བོད་ཡིག་སློབ་ཁྲིད་ཀྱི་བྱེད་སྒོ།

民生   2024-04-28 19:26   西藏  


ཕན་ཚུན་སློབ་སྦྱོང་དང་ཞིབ་འཇུག  ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་ཕྱོགས་གཉིས་ཀའི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང




སྣ་དཀར་རྩེ་རྫོང་སློབ་འབྲིང་གི་བོད་ཡིག་སློབ་ཁྲིད་ཀྱི་དགེ་རྒན་རྣམས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སློབ་འབྲིང་དུ་བསྐྱོད་ནས༼ཕན་ཚུན་སློབ་སྦྱོང་དང་ཞིབ་འཇུག  ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་ཕྱོགས་གཉིས་ཀའི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང༽བའི་བྱེད་སྒོ།


 དགེ་དང་ཡོན་ཏན་ཐམས་ཅད་གཞན་ལ་བརྟེན་ནས་བྱུང་ཞེས་པ་ལྟར།  སྤྱི་ཟླ༤པའི་ཚེས༢༦ཉིན་རང་རྫོང་དང་སློབ་གྲྭའི་དབུ་ཁྲིད་ལྷན་རྒྱས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ངེད་བོད་སྐད་ཡིག་སློབ་ཁྲིད་རྒན་ལགས་རྣམས་ཐོན་མིའི་འབྱུང་གནས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སློབ་འབྲིང་དུ་བསྐྱོད་ནས།  ཕྱོགས་གཉིས་ཀའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བར་དམིགས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བའོ།




 དེ་ཡང་བྱེད་སྒོའི་ཉིན་དང་པོར་ཐོག་མར་སྙེ་མོ་རྫོང་སློབ་འབྲིང་གི་སློབ་སྤྱི་ཉི་མ་ལགས་མཆོག་ནས་སྙེ་མོ་རྫོང་སློབ་འབྲིང་གི་སློབ་གྲྭའི་སྤྱིའི་བཀོད་པ་སོགས་ངོ་སྤྲོད་མཚམས་སྦྱོར་གནང་བ་དང་། དུས་མཚུངས་ཀུན་སྤྱོད་སློབ་གསོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་དུ་བསྐྱོད། དེ་རྗེས་སྙེ་མོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་སློབ་དཔྱོད་ཁང་གི་རྒན་ལགས་མཆོག་ནས་བོད་ཡིག་སློབ་མོས་ཁང་གི་དངོས་མིན་རིག་གནས་ཤུལ་བཞག་ལས་སྙེ་བྲིས་དང་། སྙེ་མོའི་རྒྱན་གསུམ་སུ་གྲགས་པའི་༼པོད་དང་བོད་ཤོག པར་ཤིང་༽བཅས་ངོ་སྤྲོད་གནང་བ་དང་། དེ་བཞིན་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཡོ་བྱད་དང་སློབ་མས་བཟོས་པའི་རྫ་བཟོའི་ཐོན་རྫས་ངོ་སྤྲོད་གནང་བྱུང་།  ཕྱི་དྲོར་ཕྱོགས་གཉིས་ཀའི་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་རྒན་ལགས་རྣམས་ལྷན་དུ་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་བྱེད་ཕྱོགས་ཐད་ཀྱི་ཉམས་མྱོང་དང་ཐབས་ཤེས་སོགས་མཉམ་སྤྱོད་དང་བགྲོ་གླེང་གི་བྱེད་སྒོ་སྤེལ་བ་དང་། དེའི་བརྒྱུད་རིམ་ཁྲོད་ངེད་སློབ་དཔྱོད་ཁང་གི་རྒན་པ་སངས་ནོར་བུ་ལགས་ནས་༢༠༢༣ལོའི་དམའ་རིམ་སློབ་འབྲིང་གི་སྦྱང་འབྲས་ཆུ་ཚད་རྒྱུགས་ཤོག་ལ་བགྲོ་གླེང་གི་ཐབས་ལས་དབྱེ་ཞིབ་གཏིང་ཟབ་གནང་།  ཕྱི་ཉིན་སྙེ་མོ་རྫོང་སློབ་འབྲིང་གི་སློབ་སྤྱི་ཕྱོགས་ཀྱི་ཕེབས་རོགས་འོག་བོད་ཡིག་གསར་གཏོད་མཛད་པ་པོ་སློབ་དཔོན་ཐོན་མའི་འཁྲུངས་ཡུལ་སྙེ་མོ་ཐོན་ལུག་ར་ཁ་ལ་བསྐྱོད་དེ། ཐོན་མི་སམ་བྷོ་ཊའི་ཕ་གཞིས་དང་དེ་བཞིན་འབྲེལ་ཡོད་ཀྱི་ལྡེབས་རིས་དག་དང་ཁྱད་པར་སྙེ་མོའི་པོད་བཟོའི་ལག་རྩལ་གྱི་རྒྱུ་ཆ་དང་པོད་བཟོའི་བརྒྱུད་རིམ་སོགས་ལོ་ངོ་སྟོང་ཕྲག་གོང་གི་མེས་པོའི་མཛད་རྗེས་དག་ལ་སྔར་བས་རྒྱུས་ལོན་གཏིང་ཟབ་བྱུང་ངོ་།  



 མདོར་ན་ཐེངས་འདིའི་བྱེད་སྒོ་ལས། སླད་ཕྱིན་ཆད་ང་ཚོས་བོད་སྐད་ཡིག་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། སློབ་མའི་སློབ་སྦྱོང་འཚོ་བའི་ཁྲོད་ཀྱི་ཐ་སྙད་གསར་རྙིང་ཁག་གསོག་འཇོག་ཐད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  འབྲིང་རྒྱུགས་ཁ་ཕྱོགས་དེ་ཡིག་རྒྱུགས་སློབ་གསོ་ནས་སྤུས་ཚད་སློབ་གསོའི་ཁ་ཕྱོགས་སུ་བསྒྱུར་བར་སྣང་འཇོག་བྱ་དགོས་ལ།  སྲོལ་རྒྱུན་མི་རིགས་ཀྱི་རིག་གནས་དག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེ་བར་མཐོང་ངོ་།


扫码关注我们


编辑:索朗次仁   米玛次仁

文字:热桑

审核:云丹次仁 米玛洛追




浪卡子县中学
通过此平台我们可以时时了解学校的有关学习资料、通知、新闻、信息、简报等宣传资料,我们共同关注学校的发展和动态。
 最新文章