【ཞོཊ་འཕྲིན】མིས་བཟོས་ནཊ་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང1པོར་སླེབས།

文摘   2024-11-25 07:56   青海  

ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།

དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས25དང་། གཟའ་ཟླ་བ་ཡིན།

གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་

གསན་གཟིགས་གནང་བར་དགའ་བསུ་ཞུ།



1

ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་དམག་སྐྱོང་གི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀྲུང་དབྱང་དམག་ཨུའི་ཆོག་མཆན་གནང་སྟེ། དམག་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས༼ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གནད་བསྡུས༽རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་རྩ་འཛུགས་བྱས་ཏེ་ཉིན་འགའི་སྔོན་དུ་དངོས་སུ་པར་འགྲེམས་བྱས་ཏེ་དམག་ཁུལ་ཡོངས་ལ་བཀྲམས།



2

ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་བཞིས་མཉམ་དུ༼དངས་གསལ་དྲ་རྒྱའི་སྟེགས་བུའི་རྩི་ཐབས་ཀྱི་དཔེ་མཚོན་གནད་དོན་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ༽ཁྱབ་བསྒྲགས་བྱས་ཏེ། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་རྩི་ཐབས་ཕྱོགས་བསྡུས་བཅོས་སྐྱོང་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་བསྒྲགས།

  

3

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་དྲུག་གིས་བསམ་འཆར་བཏོན་ཏེ། གཞི་རིམ་གྱི་སྨན་རྫས་མཉམ་སྒུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན་པ་དང་། 2025ལོ་ནས་བཟུང་ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་སྤྱོད་སྣ་ཁ་སོགས་རྫོང་རིམ་པའི་སྨན་ཁང་དང་མཉམ་འགུལ་རྒྱུན་འཁྱོངས་བྱ་དགོས་པ་བསྟན།



4

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ཏེ། ཟླ12པའི་ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་སུ་གློག་རྡུལ་འཛིན་བྱང་དངོས་སུ་ཁྱད་གདལ་དང་བཀོད་སྤྱོད་བྱ་རྒྱུ་ཡིན་པ་བསྒྲགས།



5

2023ལོའི་ལོ་མཇུག་བར་རང་རྒྱལ་ནགས་ཚལ་ཁེབས་ཚད25%ལས་བརྒལ་བ་དང་། ནགས་ཚལ་གསོག་ཚད་སྨིད་རྒྱ་དཔངས་གྲུ་བཞི་དུང་ཕྱུར200ལས་བརྒལ་ཏེ། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།



6 

རང་རྒྱལ་གྱི་རབས་གསར་པའི་རྨང་གཞི་དམར་ཕྱིའི་གནམ་དཔྱད་རྒྱང་ཤེལ་ཏེ། ཀྲུང་ཧྲན་སློབ་ཆེན་གྱི་ལི་སྨིད80ཡི་རྒྱང་ཤེལ་དེ་ཉེ་ཆར་མཚོ་སྔོན་ལིན་ཧུའུ་གནམ་གཤིས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིར་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས་པར་མ་ཟད། སྐོར་དང་པོའི་ལྟ་ཞིབ་ཚད་ལེན་གྱི་པར་རིས་རྒྱལ་ཁའི་ངང་ཁྱབ་བསྒྲགས་བྱས།



7

མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཀྲུང་ལུགས(བོད་ལུགས)ཀྱི་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།



8

 

༼མཚོ་སྔོན་ཞིང་ཆེན་གྱིས་འགྲོ་སྐྱོད་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི༽བཏོན་པ་རེད།



9

 

2024ལོ་ནས2025ལོའི་མཚོ་ནུབ་ཁུལ་གྱི་དགུན་དཔྱིད་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་དེ་ན་གོར་མོར་གྲོང་ཁྱེར་དུ་སྤེལ་འགོ་ཚུགས།




10

མཚོ་སྔོན་གྱིས་ཚོགས་པ་རྩ་འཛུགས་བྱས་ཏེ་འཛམ་གླིང་གི་ནགས་ཚལ་ལས་རིགས་ཚོགས་ཆེན་སྟེང་ཐོག་དང་པོ་ཞུགས་པ་དང་། ཁེ་ལས་ལས་ཁུངས12ཀྱི་ཁྱད་ལྡན་ཤིང་འབྲས་ཐོན་རྫས་ནན་ཉིང་དུ་འགྲེམས་སྟོན་བྱས།



11

   

ཚེས25ཉིན་གྱི་ཆུ་ཚོད20ནས་ཚེས26ཉིན་གྱི་ཆུ་ཚོད20ཡི་བར་དུ། ནང་ཆེན་གྱི་ཞང་གྲོང་ཁ་ཤས་སུ་ཧའོ་སྨིད0.1ནས་ཧའོ་སྨིད0.6བར་གྱི་ཁངས་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་པའམ་སྤྲིན་པའི་གནམ་གཤིས་ཡོད་པ་རེད། 

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

སྙན་སྒྲོན་པ། ཡུ་མོ་རྒྱལ།

 རྩོམ་སྒྲིག་འགན་ཁུར་བ། དཔའ་གོ 

 ལྟ་སྐུལ་བ། སྐལ་བཟང་རྡོ་རྗེ།

雪域头条
全球最大的藏语视听门户敬请您关注! www.qhtb.cn
 最新文章