ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།
དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས28དང་། གཟའ་ཕུར་བུ་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་
གསན་གཟིགས་གནང་བར་དགའ་བསུ་ཞུ།
1
ཟླ11ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལི་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་འབོད་སྐུལ་སྒྲོག་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2
དེ་རིང་། ཁག་བཅུ་གཅིག་པའི་ལྷོ་ཁོ་རེ་ཡ་ན་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རང་རྒྱལ་དུ་ཕྱིར་ལོག་བྱ་རྒྱུ་རེད།
3
ཟླ11པའི་ཚེས26ཉིན། ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡག་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཡག་པོར་བསྐྱོད་དགོས་པ་ནན་གྱིས་བསྟན།
4
ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པས“མི་རིགས་ཀྱི་དྲན་ཤེས་དང་མཛངས་མའི་རྒྱུན་འཛིན”ཞེས་པའི་མཚོ་སྔོན་མི་རིགས་རིག་གནས་ཀྱི་སློབ་སྦྱོང་མྱོང་ཚོར་བྱ་འགུལ་སྤེལ།
5
ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་ལྔ་པའི་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་མཚོ་ལྷོ་འགྲན་ཁུལ་གྱི་མདའ་འཕེན་འགྲན་སྡུར་དངོས་སུ་མགོ་བརྩམས།
6
2025ལོའི་ཟླ1ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དམངས་ཕན་སྲིད་ཇུས་གསར་བ་ལག་བསྟར་བྱ་རྒྱུ་རེད།
7
ཟླ11པའི་ཚེས26ཉིན། མཚོ་སྔོན་གྱིས་གནས་ངེས་གཏན་མེད་པའི་བྱིས་པར་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཐོག་མ་བཏོན།
8
ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་དང་སྔོན་རྩིས་ལ་ཐོག་མའི་ཞིབ་བཤེར་དང་རྟོག་ཞིབ་བྱས།
9
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ“མདོ་ལའི་ལུག”ལ་རྒྱལ་ཁབ་ཕྱུགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱི་ཆེད་མཁས་པས་ཡུལ་དངོས་ནས་ཞིབ་དཔྱད་བྱས།
10
སྤྱི་ཟླ12ཚེས1ཉིན་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཙུགས་པའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་ཡིན་ཞིང་། འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་འཆར་འགོད་ཧྲུའུ་ཡིས་སྤྱི་ཟླ11ཚེས26ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། སྤྱི་ལོ2023ལོར་གོ་ལ་ཧྲིལ་པོའི་མི་ཁྲི63ཨེ་ཙི་འགོས་ནད་དང་འབྲེལ་བ་ཡོད་པའི་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་། ཨེ་ཙིའི་ནད་དུག་འགོས་མཁན་ཁྲི130ཙམ་གསར་དུ་འཕར་ཡོད་པ་རེད།
11
ཚེས28ཉིན་གྱི་ཆུ་ཚོད08ནས29བར་གྱི་ཆུ་ཚོད20ཡི་བར་དུ། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོ། རྨ་ལྷོ། ཡུས་ཧྲུའུ། མགོ་ལོག་གི་དབུས་དང་བྱང་རྒྱུད། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཧའོ་སྨིད0.1~1.8ཁངས་ཆུང་ཆུང་ཡོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་བའི་གནམ་གཤིས་ཡོད་པ་རེད།
རྩོམ་སྒྲིག་པ། དཔའ་གོ
སྙན་སྒྲོན་པ། ཡུ་མོ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། དཔའ་གོ