ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།
དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས20དང་། གཟའ་ལྷག་པ་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་
གསན་གཟིགས་གནང་བར་དགའ་བསུ་ཞུ།
1
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ་དང་། རྩེ་ཚོགས་ཀྱི་དུས་མཚམས་གཉིས་པའི་ཚོགས་འདུས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིའི”གྲོས་གཞིར་གྲོས་སྡུར་བྱེད་སྐབས། ཞི་ཅིན་ཕིང་གིས་ཁ་བྱང་ལ《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
2
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པའི་མཇུག་འགྲིལ་ཚོགས་འདུར་ཞུགས།
3
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པ་ཞི་ལི་ཡར་ཕེབས་ནས་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་བའི་མགོ་བརྩམས།
4
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་མོ་ཞི་ཁོ་ཡི་ཙུང་ཐུང་ཞིན་པའོ་མུའུ་དང་མཇལ་འཕྲད་གནང་།
5
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་འཇར་མན་ཙུང་ལི་ཧྲོ་འར་ཚེ་དང་མཇལ་འཕྲད་གནང་།
6
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་མཇལ་འཕྲད་གནང་།
7
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སེ་དང་མཇལ་འཕྲད་གནང་།
8
ས་གནས་དེ་གའི་དུས་ཚོད་ཀྱི་ཟླ11ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་ཨ་ཀིན་ཐིན་གྱི་ཙུང་ཐུང་སྨི་ལའེ་དང་མཇལ་འཕྲད་གནང་།
9
ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་ལྡན་སྦྲེལ་མཐུད་བྱེད་པའི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཀོད་གཏོང་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བཀོད་སྒྲིག་བྱེད་པའི་ཚོགས་འདུ་ཟི་ལིང་དུ་འཚོགས།
10
སྤྱི་ཟླ11ཚེས17ཉིན། བོད་རིགས་ཀྱི་གནའ་བོའི་ཨར་སྐྲུན་ཆེད་མཁས་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས་པའི《ཀྲུང་གོའི་བོད་རིགས་ཀྱི་གནའ་བོའི་ཨར་སྐྲུན་ལོ་རྒྱུས། (དབུས་གཙང་དེབ)》ཅེས་པ་དེ་ཚེས16ཉིན་ལྷ་ས་སྐྱིད་པོ་སྒང་སྒྱུ་རྩལ་ལྟེ་གནས་སུ་དངོས་སུ་འགྲེམས་སྤེལ་བྱས།
11
ཟླ11པའི་ཚེས20ཉིན་གྱི་ཆུ་ཚོད08ནས་ཟླ11པའི་ཚེས21ཉིན་གྱི་ཆུ་ཚོད20ཡི་བར་དུ། མགོ་ལོག་གི་ས་ཁུལ་མང་ཆེ་བ་དང་། རྨ་ལྷོའི་ལྷོ་རྒྱུད། ཞིན་ཧེ། ཐུན་ཏེ་རྫོང་། ཡུས་ཧྲུའུ་གྲོང་ཁྱེར། ནང་ཆེན་རྫོང་། ཆུ་དམར་ལེབ་བཅས་ཀྱི་ཞང་གྲོང་ཁ་ཤས་སུ་ཧའོ་སྨིད0.1ནས1བར་གྱི་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་བའི་གནམ་གཤིས་ཡོད་པ་རེད།
རྩོམ་སྒྲིག་པ། དཔའ་གོ
སྙན་སྒྲོན་པ། རིན་ཆེན་མཚོ།
རྩོམ་སྒྲིག་འགན་ཁུར་བ། དཔའ་གོ