ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།
དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས26དང་། གཟའ་མིག་དམར་ཡིན།
གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་
གསན་གཟིགས་གནང་བར་དགའ་བསུ་ཞུ།
1
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི༼ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འབྲེལ་བའི་རྣམ་བཤད་བཏུས་བསྒྲིགས༽ཞེས་པའི་ཨ་རབ་ཡི་གེའི་པར་གཞི་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱས།
2
ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་ཅན་དང་ལྗང་མདོག་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ནུས་རྒྱུ་གཙང་མའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་བཟང་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
3
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མཚན་བཀོད་རྩོམ་ཡིག་སྟེ༼། རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་བྱ་དགོས༽ཞེས་པ༼ཏང་འཛུགས་ཞིབ་འཇུག༽ཅེས་པའི་དུས་དེབ་སྟེང་སྤེལ།
4
ཝུའུ་ཞའོ་ཅུན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། དཔེ་སྟོན་ཚད་གཞི་དང་དཔེ་སྟོན་མ་ལག་མགྱོགས་མྱུར་སྒོས་བཙུགས་ཏེ། ཏན་ཏན་ཏིག་ཏིག་གིས་དཔེ་སྟོན་ཁུལ་བསྐྲུན་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།
5
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས༼འབྲུ་རིགས་གྲོན་ཆུང་དང་བཟའ་བཅའ་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི༽པར་འགྲེམ་བྱས།
6
ཚེས25ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཉེས་དོན་གྱི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས།
7
ཚེས25ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ངོས་བཞིའི་མཐོ་ལྗོངས་ཨང་གཉིས་པའི་སྲུང་སྐར03དང04མཁའ་དབྱིངས་སུ་འཕེན་གཏོང་བྱས།
8
ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2025ལོའི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་ཀྱི་མཚོ་སྔོན་རྒྱུགས་ཁུལ་གྱི་གསལ་འདེབས་ཁྱབ་བསྒྲགས་བྱས།
9
ཟླ11པའི་ཚེས24ཉིན། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བརྗོད་དོན་ཡིན་པའི་ཡུས་ཧྲུའུ་ཡི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་དེ་པེ་ཅིན་གྱི་རྒྱལ་ཡོངས་ཞིང་ལས་འགྲེམ་སྟོན་ཁང་དུ་སྤེལ།
10
སྐབས་བཅུ་དགུ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཁེ་ལས་ཆུང་འབྲིང་གི་དངོས་མང་འགྲེམ་སྟོན་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཆུང་འབྲིང་ལ་མཉམ་ལས་མོས་མཐུན་གྱི་མ་དངུལ་སྒོར་ཁྲི500འཇོག་རྒྱུའི་གྲོས་མཐུན་བྱུང་།
11
ཟླ11པའིཚེས26ཉིན་གྱི་ཆུ་ཚོད08ནས་ཟླ11པའི་ཚེས27ཉིན་གྱི་ཆུ་ཚོད་20ཡི་བར་དུ། ཡུས་ཧྲུའུ་གྲོང་ཁྱེར་དང་ནང་ཆེན་གྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཧའོ་སྨིད0.1ནས་ཧའོ་སྨིད2.0ཅན་གྱི་ཁངས་ཆུང་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་བའི་གནམ་གཤིས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།
སྙན་སྒྲོན་པ། ཡུ་མོ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། དཔའ་གོ