ལག་ཁྱེར་ཆ་ཚང་མེད་སར་འདི་ལྟར་མ་གནང་། ན་ཚ་འགོ་ཉེན་འདུག

民生   2024-10-22 20:48   西藏  

འཕྲོད་བསྟེན་དང་བདེ་ཐང་སྲིད་འཛིན་ལས་ཁུངས་ནས་སྤྲད་པའི་སྨན་བཅོས་ཚན་པའི་ལས་གཉེར་ཆོག་འཐུས་ལག་ཁྱེར་རམ། ཡང་ན་སྨན་བཅོས་ཁང་གི་ཐོ་འགོད་སྙན་སེང་གི་དཔང་ཡིག་དང་། སྨན་བཅོས་མཛེས་བཟོའི་ལས་གཉེར་ཆོག་འཐུས་ལག་ཁྱེར་མེད་པའི་ཁྲིམས་འགལ་སྨན་བཅོས་ཚན་པ་དང་མཛེས་བཟོ་ཁང་ནང་སོ་འཁྲུད་པ་དང་། རྣ་ཅོག་ལ་ཨི་ཁུང་རྒྱག་པ། ཁབ་གཙགས་རི་མོ་འཁྲུད་པའམ་མེད་པ་བཟོ་བ། སྐམ་ཁབ་བམ་གསེར་ཁབ་ཀྱིས་ལུས་པོའི་ཤ་སྐམ་དུ་གཏོང་བ། སྐུལ་འོད་ཀྱིས་ལུས་སྤུ་བུད་པ། དེ་བཞིན་འོད་རྡུལ་གྱིས་པགས་པ་འཇམ་དུ་གཏོང་བ་སོགས་སྨན་བཅོས་མཛེས་བཟོའི་ཞབས་ཞུ་དང་། སོ་བཀོག་པ་དང་། སྐམ་ཁབ་རྒྱག་པ། སྨན་ཁབ་རྒྱག་པ། སྨན་ཆུ་བླུག་པ་སོགས་སྨན་བཅོས་བྱས་ཚེ། དུག་སེལ་གྱི་བྱ་ཐབས་ནན་པོ་མ་བྱུང་བ་དང་། སྨན་བཅོས་ཆེད་ལས་ཀྱི་བཀོལ་སྤྱོད་ལུགས་མཐུན་མ་བྱུང་བ་སོགས་ཀྱི་རྐྱེན་པས་ཨེ་ཙེ་ནད་དང་། མཆིན་ཚད་ཁ་པ། མཆིན་ཚད་ག་པ། བསེ་མོག་གམ་རེག་དུག་སོགས་ཁྲག་གཤེར་བརྒྱུད་ཁྱབ་འགྲོ་བའི་འགོས་ནད་འགོ་བའི་ཉེན་ཁ་ཆེན་པོ་ཡོད།

དེའི་རྒྱུ་མཚན་གཙོ་བོ་ནི། ཁྲིམས་འགལ་སྨན་བཅོས་ཚན་པ་དང་མཛེས་བཟོ་ཁང་དེ་དག་གི་སྒྲིག་ཆས་དང་། ཆེད་ལས་ལག་རྩལ་དང་ཆེད་ལས་ཤེས་བྱ་མི་འདང་བ། ཡང་ན་དུག་སེལ་དང་འགོ་ཁྱབ་ཚོད་འཛིན་བྱེད་སྟངས་ཚུལ་ལྡན་མིན་པ། དཔེར་ན། དུག་སེལ་མཐར་ཕྱིན་མ་བྱས་པའི་སྨན་བཅོས་ཡོ་བྱད་ཡང་ཡང་བེད་སྤྱོད་གཏོང་བ། དུག་སེལ་ཚད་དང་མི་མཐུན་པ་སོགས་ཀྱིས་ཨེ་ཙེ་ནད་སོགས་ཁྲག་གཤེར་བརྒྱུད་ཁྱབ་འགྲོ་བའི་འགོས་ནད་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད། 

ཁྲག་གཤེར་བརྒྱུད་ཁྱབ་འགྲོ་བའི་འགོས་ནད་འགོ་བའི་ཉེན་ཁར་དོགས་ཟོན་བྱ་ཆེད། ང་ཚོས་མང་ཚོགས་ཚོར་ཞུ་རྒྱུར་སོ་ན་བ་དང་སོ་བཀོག་པ། སྐམ་ཁབ་དང་སྨན་ཁབ་རྒྱག་པ་སོགས་སྨན་བཅོས་བྱེད་པ་དང་། གཞན་ཡང་། ཁབ་གཙགས་ཀྱི་རི་མོ་འབྲི་བ་དང་། རྐང་ལག་གི་སེན་མོ་བཟོ་བ། ཁབ་གཙགས་རི་མོ་འཁྲུད་པའམ་མེད་པ་བཟོ་བ། སྐམ་ཁབ་བམ་གསེར་ཁབ་ཀྱིས་ལུས་པོའི་ཤ་སྐམ་དུ་གཏོང་བ། སྐུལ་འོད་ཀྱིས་ལུས་སྤུ་བུད་པ། དེ་བཞིན་འོད་རྡུལ་གྱིས་པགས་པ་འཇམ་དུ་གཏོང་བ་སོགས་སྨན་བཅོས་མཛེས་བཟོ་བྱེད་སྐབས་ངེས་པར་དུ་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་ལས་ཁུངས་ནས་སྤྲད་པའི་སྨན་བཅོས་ཚན་པའི་ལས་གཉེར་ཆོག་འཐུས་ལག་ཁྱེར་རམ། ཡང་ན་སྨན་བཅོས་ཁང་གི་ཐོ་འགོད་སྙན་སེང་གི་དཔང་ཡིག་དང་། སྨན་བཅོས་མཛེས་བཟོའི་ལས་གཉེར་ཆོག་འཐུས་ལག་ཁྱེར་ཡོད་པའི་ཚན་པར་འགྲོ་རྒྱུའི་དྲན་སྐུལ་ཞུ་རྒྱུ་མ་ཟད། ཁྲིམས་འགལ་ངང་སྨན་བཅོས་བྱེད་མཁན་ལ་ཚང་མས་བཀག་འགོག་མཐའ་གཅིག་ཏུ་གནང་རོགས་ཀྱང་ཞུ་རྒྱུ་ཡིན།

终审:桑      布

复审:阿旺赤列

编辑:次仁桑珠

内容:青稞视界


平安江孜
发布政法综治工作的信息,弘扬江孜精神,传递社会正能量
 最新文章