ལྷ་སའི་སྦྱིན་བདག་གཉིས་ལ་མགོ་སྐོར་ཐེབས་འདུག

民生   2024-11-06 21:19   西藏  

ཉེ་ཆར། ཚོང་ཁང་གི་སྦྱིན་བདག་ཅིག་ལ་ཁེ་སྤོགས་མང་པོ་ལེན་ཐུབ་པའི་ཚོང་ཐོ་ཞིག་འབྱོར་ཡོད་མོད། འདི་ལྟ་བུའི་ཚོང་ཐོ་ལ་ངེས་པར་དུ་གཟབ་གཟབ་གནང་དགོས། གཅིག་བྱས་ན་དེ་ནི་མགོ་སྐོར་གཏོང་མཁན་གྱི་གཡོ་ཇུས་ཡིན་ངེས། 


开店的老板

突然接到一笔利润可观的大订单?

当心

这可能是骗子设下的圈套

ཉེ་ཆར། ལྷ་སའི་ཀོག་ཧྥེ་ཁང་༢ཀྱི་སྦྱིན་བདག་ལ་གློ་བུར་དུ་སློབ་གྲྭའི་དགེ་རྒན་གྱི་ཁ་པར་ཞིག་འབྱོར་ནས། སློབ་གྲྭར་ཚོང་ཐོ་ཆེན་པོ་ཞིག་ཡོད་ཅེས་བཤད་དེ་དངུལ་བསྐུར་དུ་བཅུག  མཐར་ཁོ་གཉིས་མི་དེའི་ཁ་བསླུས་ཕོག་པ་དང་ཁྱོན་བསྡོམས་གྱོང་གུན་སྒོར་༦༤༨༠༠རག་པ་རེད། 


近日,拉萨2家咖啡店老板突然接到“学校老师”的电话,称有“大订单”,让其汇款。最终2人被诈骗,共损失64800元。

གྱོད་གཞི་དང་པོ

案例一


ཟླ་༡༠པའི་ཚེས་༢༨ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཀོག་ཧྥེ་ཁང་ཞིག་གི་སྦྱིན་བདག་ཅིག་ལ་སློབ་གྲྭའི་དགེ་རྒན་ཡིན་ཟེར་བའི་ཁ་པར་ཞིག་འབྱོར་ཡོད་པ་དང་། མི་དེས་སློབ་གྲྭའི་དགེ་རྒན་རྣམས་ལ་ཞིམ་ཟས་དང་ཀོག་ཧྥེ་ཉོ་དགོས་ཞེས་བཤད་ནས། ཀོག་ཧྥེ་ཉོས་པ་དང་དངུལ་ཡང་སྤྲད་པས་སྦྱིན་བདག་གིས་དེ་ལ་ཡིད་ཆེས་བྱས་ཡོད་ལ། དེ་རྗེས་མི་དེས་ཡང་བསྐྱར་ཁ་པར་ཡོང་ནས་སློབ་གྲྭའི་དགེ་རྒན་རྣམས་ལ་ཨོ་སི་ཁྲུལ་ལི་ཡའི་བ་གླང་ཁག་ཅིག་མངགས་ཉོ་བྱ་རྩིས་ཡོད་པས། ཀོག་ཧྥེ་ཚོང་ཁང་གི་སྦྱིན་བདག་ལ་ཚབ་ཉོ་བྱེད་པའི་རེ་བ་བཏོན་པ་དང་ཆབས་ཅིག བརྒྱུད་ཚོང་པའི་སྐད་འཕྲིན་ཡང་མཁོ་འདོན་བྱས་པ་རེད། ཀོག་ཧྥེ་ཚོང་ཁང་གི་སྦྱིན་བདག་དོན་དེར་ཡིད་ཆེས་ནས་བརྒྱུད་ཚོང་པར་སྒོར་༤༩༨༠༠རྩིས་སྒྱུར་བྱས་ཚར་རྗེས། མི་དེ་དང་འབྲེལ་བ་བྱེད་སྐབས་ཁོ་རང་མིང་ཐོ་ནག་པོའི་ནང་བླུགས་ཡོད་པ་ཤེས་རྟོགས་བྱུང་པ་རེད། 


10月28日,拉萨市城关区某咖啡店老板接到一通自称是某学校老师的电话,对方称需要给学校老师订购甜品和咖啡,并完成支付取得咖啡店老板的信任。随后,对方以另需订购一批澳洲和牛为由,要求咖啡店老板帮忙代买,并提供了“经销商”的微信,当咖啡店老板向“经销商”转账49800元后,对方将其拉黑。

གྱོད་གཞི་གཉིས་པ།

案例二


ཟླ་༡༠པའི་ཚེས་༢༨ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཀོག་ཧྥེ་ཚོང་ཁང་ཞིག་གི་སྦྱིན་བདག་ལའང་སློབ་གྲྭའི་དགེ་རྒན་ཡིན་ཁུལ་བྱས་ནས་དངོས་ཟོག་ཉོ་མཁན་ཞིག་གིས་དེ་ལྟར་ཁ་བསླུས་བརྒྱབ་ནས་དངུལ་༡༥༠༠༠་མགོ་སྐོར་བཏང་ཡོད་པ་རེད། 


10月28日,拉萨市城关区某某咖啡店老板也遭遇了“冒充学校教师采购物资”类诈骗,诈骗分子以同样的作案手法,诈骗该老板15000元。

ད་ཆ་གྱོད་གཞི་དེ་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད། 


目前,上述两起案件正在进一步侦办中。


1

གྱོད་གཞི་དབྱེ་ཞིབ།

套路分析

ཁྲམ་པས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡིན་ཁུལ་བྱས་ནས་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་དེ། ཚོང་ལས་གཉེར་མཁན་གྱི་ཚོང་པ་ལ་འབྲེལ་བྱས་ནས་ཁ་ལག་མངགས་པའམ་ཡང་ན་ཚོང་ཟོག་ཉོ་མཁན་ཡིན་ཞེས་རྫུན་བཤད་ཀྱི་ཡོད་པ་དང་། ཚོང་པ་དང་གྲོས་བསྡུར་བྱས་རྗེས་སློབ་གྲྭས་དམིགས་འཛུགས་དངོས་ཟོག་ཁག་གཅིག་ཉོ་འཆར་ཡོད་མོད། འོན་ཀྱང་ཚོང་ཟོག་དེ་དག་ཚོང་གཉེར་མཁན་ལ་བཙོང་རྒྱུ་མེད་པས་ངེས་པར་དུ་གཞན་ནས་ཉོ་དགོས་པ་དང་། ཚོང་པར་ཁ་པར་དང་སྐད་འཕྲིན་སོགས་ཀྱི་འབྲེལ་གཏུག་ཨང་གྲངས་བཞག་ནས་ཉོ་རུ་བཅུག་སྟེ། བར་ནས་ཁེ་ཕོགས་བླངས་ཆོག་ཅེས་བརྗོད་ཡོད་ལ། མཐར་མར་མགོ་སྐོར་གཏོང་མཁན་གྱིས་དངུལ་སྒྱུར་པར་རིས་རྫུན་བཟོ་བྱེད་པ་དང་། རྩིས་ཁྲར་འབྱོར་འགྱངས་བྱས་ཡོད་པ་སོགས་ལ་ཁ་གཡར་ནས། གནོད་འཚེ་ཕོག་མཁན་ལ་མགོ་སྐོར་བཏང་སྟེ་སྔོན་ལ་མངགས་པའི་ཟོག་རིན་སྤྲོད་དགོས་པའི་རེ་བ་བཏོན་ཏེ་མགོ་སྐོར་གཏོང་བཞིན་ཡོད། 


骗子冒充中小学教师,通过电话、微信等方式联系个体工商户,谎称要订餐或购买商品。谈妥后又称学校需要采购一批特定物资(该物资不在被害人经营范围内),可提供供货商(骗子假冒)联系方式,个体工商户可从中赚取差价。最后骗子会以虚假转账截图、延迟到账等理由蒙骗被害人先行将订金或货款支付给“供货商”(骗子假冒),达到诈骗目的。


2

ལྷ་སའི་སྤྱི་བདེ་ཅུད་ཀྱིས་དྲན་སྐུལ་ཞུ་རྒྱུར།

拉萨公安提醒

༡ སྲིད་གཞུང་གི་ལས་ཁུངས་རྣམས་ཀྱིས་དངོས་ཟོག་ཉོ་སྒྲུབ་བྱེད་དུས་དེ་ལ་སྒྲིག་སྲོལ་ལམ་ལུགས་དང་བརྒྱུད་རིམ་ཁ་གསལ་པོ་ཡོད་པ་དང་། གལ་ཏེ་སློབ་གྲྭ་དང་ལས་ཁུངས་སོགས་ཀྱི་མིང་ཐོག་ནས་དངོས་ཟོག་ཉོ་སྒྲུབ་བྱེད་པའི་རེ་བ་བཏོན་ཚེ། ངེས་པར་དུ་དངོས་ཟོག་སྔོན་མངག་བྱེད་མཁན་གྱི་ཐོབ་ཐང་དང་ལས་དོན་ལ་ཞིབ་དཔྱད་ཁ་གསལ་བྱ་དགོས། 

༢ གལ་ཏེ་དངོས་ཟོག་སྔོན་མངག་བྱེད་མཁན་གྱི་ལས་ཁུངས་ཚད་ལྡན་ཡིན་མིན་ལ་ཞིབ་དཔྱད་བྱེད་ཐབས་མེད་ཚེ། སྔོན་ལ་མ་དངུལ་བཞག་ནས་ཚོང་རིན་སྤྲོད་དགོས་པའི་རེ་བ་འདོན་དགོས་ལ། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ན་མྱུར་ཏུ་ཚོང་མཚམས་འཇོག་དགོས། 

༣ གལ་ཏེ་ཚོང་པ་རྣམས་ཀྱིས་རྒྱུས་མེད་པའི་རྩིས་ཁྲའི་ཐོག་དངུལ་བསྒྱུར་ནས་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ཁ་བསླུས་རྒྱག་མཁན་དང་གྲོས་བསྡུར་བྱས་པའི་ཟིན་ཐོ་དང་དངུལ་བསྒྱུར་བའི་ཟིན་ཐོ་སོགས་དཔང་རྟགས་ཉར་ནས་འཕྲལ་མར་སྤྱི་བདེ་ཅུད་ལ་ཉེན་བརྡ་སྐྱེལ་དགོས།


①正规单位都有明确的采购规章制度和流程,凡是接到“学校”“政府部门”等,以单位名义要求采购大量物资的,务必核实订货人身份和订货事宜;

②如果无法核实订货单位是否正规,要仔细甄别“先垫付定金”“付款后再收货”等要求,若发现异常,请立即终止交易;

③请广大商家切勿给陌生账户转账汇款,如发生可疑情况或被骗,请保留聊天记录、转账记录等证据,立即报警。


来源:阳光西藏



平安江孜
发布政法综治工作的信息,弘扬江孜精神,传递社会正能量
 最新文章