གཏམ་བཟང་།ཏོག་གསར་ནད་དུག་འདིས་ནད་ལྕི་མོ་སློང་ཚད་ཆམ་པ་ལས་ཀྱང་དམའ།

文摘   2022-12-07 18:48  

     ཉེ་ཆར། ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་གི་ནད་གཞི་སློང་ཤུགས་ཆུང་དུ་འགྲོ་བའི་སྐོར་ལ་དོ་ཁུར་ཆེན་པོ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་དབུགས་ལམ་གྱི་ནད་གཞི་ལྕི་བའི་རིགས་གཅིག་མཁས་ཅན་དང་། པེ་ཅིང་གྲོང་ཁྱེར་གྱི་དབུགས་ལམ་རིམས་ནད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཐུང་ཀྲའོ་ཧུའེ་གདན་དྲངས་ནས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ལན་བསྐྱོན་པ་རེད།
     ཐུང་ཀྲའོ་ཧུའེ་ཡིས་བསྟན་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་ལྟ་ཞིབ་ཚད་ལེན་གྲངས་གཞིར་གཞིགས་ན། ཨའོ་སྨི་ཁེ་རོང་འགྱུར་སྡོང་དང་དེའི་འཕེལ་འགྱུར་ཡན་ལག་གི་ནད་གཞི་སློང་ཤུགས་དང་དུག་ཤུགས་དེ་གདོད་མའི་དུག་སྡོང་ཏེའར་ཐ་སོགས་གཞན་འགྱུར་དུག་སྡོང་དང་བསྡུར་ན་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།
      རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་ཡོན་ཀྲང་གཞོན་པ། པེ་ཅིང་གྲོང་ཁྱེར་འབྱིན་རྔུབ་ནད་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཐུང་ཀྲའོ་ཧུའེ་ན་རེ།  ཨའོ་སྨི་ཁེ་རུང་ཡང་འགྱུར་བསྐྱར་འགྱུར་བྱུང་ཡོད།  ང་ཚོས་ནད་ཐོག་ལྟ་ཞིབ་བྱས་དོན་ལྟར་ན། ཨའོ་མི་ཁེ་རོང་ལ་འགོས་མཆེད་རང་བཞིན་ཅུང་དྲག་པོ་ལྡན་པས་དེ་སྔའི་གདོད་མའི་དུག་སྡོང་ལས་འགོས་མགྱོགས་པོ་ཡོད། འོན་ཀྱང་དེའི་ཁྱད་རྟགས་གཙོ་བོ་གོང་གི་དབུགས་ལམ་གྱི་ནད་རྟགས་གཙོ་བོ་སྟེ། མི་མང་པོ་ཞིག་ལ་མཚོན་ན་ཚ་བ་འབྲིང་ཙམ་མམ་དམའ་ཙམ་ལས་མི་རྒྱག་པ་དང་། དེ་རྗེས་མིད་པ་བདེ་པོ་མེད་པ་དང་། གློ་ལུ་བ་སོགས་དབུགས་ལམ་གྱི་ནད་རྟགས་ མངོན་གྱི་ཡོད། ཉེ་དུས་ཀྱི་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ནད་རྟགས་མེད་པ་དང་ནད་གཞི་ཡང་བའི་རིགས་90%ཡན་ཟིན་པ་དང་། ནད་གཞི་སྤྱིར་བཏང་གི་རིགས་དང་། ལྕི་བའི་རིགས། ཉེན་ཁ་ཆེ་བའི་རིགས་བཅས་ཀྱི་བསྡུར་གྲངས་དེ་བས་ཉུང་དུ་ཕྱིན་ཡོད་འདུག ཉེ་ཆར་ང་ཡང་པེ་ཅིན་གྱི་རིམས་འགོག་མདུན་སར་ཕྱིན་ནས་དམིགས་བཙུགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་འགྲོ་ཡི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་སྨན་ཁང་དུ་བསྡད་དེ་འབྱིན་རྔུབ་འཕྲུལ་ཆས་སྤྱད་དེ་གསོ་བཅོས་བྱེད་དགོས་གསུམ་བཞི་ཙམ་ལས་མི་འདུག

      ཐུང་ཀྲའོ་ཧུའེ་ཡིས་བསྟན་དོན། ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་ལས་ནད་གཞི་ལྕི་མོ་དང་ཤི་བའི་རིགས་བྱུང་ཚད་དེ་གོང་གི་གདོད་མའི་དུག་སྡོང་དང་འབྲེལ་ཡོད་གཞན་འགྱུར་དུག་སྡོང་ལས་མངོན་གསལ་གྱིས་དམའ་ཞིང་། དེ་ནི་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་དུག་སྡོང་གི་ཁྱད་ཆོས་ཡིན། དེ་མི་ཚོགས་ཀྱིས་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་ཆུ་ཚད་མཐོ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་སྔོན་འགོག་ཐབས་ཇུས་དང་འབྲེལ་བ་ཡོད། 2009ལོའི་གོ་ལ་ཧྲིལ་པོའི་ཆམ་རིམས་འགོས་མཆེད་འགྲོ་དུས་དང་བསྡུར་ན། མིག་སྔར་ཨའོ་སྨི་ཁེ་རོང་གི་གཞན་འགྱུར་དུག་སྡོང་གིས་གློ་ཚད་དམ་ཡང་ན་ནད་ལྕི་པོ་དང་ཉེན་ཁ་ཆེ་བའི་ནད་ཕོག་པའི་བསྡུར་ཚད་ལྟོས་བཅས་ཀྱིས་ཅུང་དམའ་པོ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། ཨ་བསྟན། 

 

雪域青年网
གངས་ལྗོངས་ན་གཞོན་དྲྭ་བ། སྙིང་སྟོབས་ལ་སྦྱོང་བརྡར་དང་། དཀྱེལ་ཡངས་ཀྱི་ཁྲོད་ནས་དངོས་ཡོད་ལ་གདོང་གཏད་བྱེད་དགོས། ནང་ལ་ཕེབས།
 最新文章