སྐབས་ཞེ་བདུན་པའི་༼2024ལོའི༽ཨ་རིའི་སྲིད་འཛིན་སུ་ཞིག་ཡིན་སྲིད་དམ།

文摘   2023-12-21 19:18   四川  


སྐབས་ཞེ་བདུན་པའི་༼2024ལོའི༽ཨ་རིའི་སྲིད་འཛིན་སུ་ཞིག་ཡིན་སྲིད་དམ།
རྩོམ་པ་པོ། འབི་ཕུན་ཚོགས།
སྣང་བ་མཐོ་ཞིང་གཤིས་ཀ་མངོན་པར་ངར་བའི་དཔལ་ལྡན་ཁྲོ་ཕུར་ཡིན་སྲིད་དམ། ཡང་ན་དཔྱོད་ལྡན་པ་སྐུ་ཞབས་ཧ་ལིས་སེ་ཡིན་སྲིད། ཡང་ན་དགུང་གྲངས་བརྒྱད་ཅུར་ཟིན་པའི་འཛམ་གླིང་གི་རྒྱལ་པོ་ཞེས་འབོད་པའི་སྐུ་ཞབས་ཇོ་དཔལ་ལྡན་ཡིན་སྲིད། ཡང་ན་དེ་ལས་གཞན་པ་ཞིག་ཡིན་སྲིད།



ཁྲོའུ་ཕུར་དང་ཇོ་དཔལ་གཉིས།

དེ་ནི་དྲི་བ་དང་དོགས་པ་ཞིག་རེད། དོགས་འདྲི་འདི་ཨ་རིའི་ཡུལ་གྱི་མི་དམངས་གཅིག་བུའི་མིན་པར་འཛམ་གླིང་གི་སྲོག་ཆགས་ཡིན་ནས་བཟུང་སྟེ་དོགས་འདྲི་འདི་ཡོད་ངེས་ཏེ་ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་གི་ཉེན་རྟོགས་པ་ཡིན་ལ་དེའི་སྲིད་འཛིན་ནི་འཛམ་གླིང་ཡོངས་ཀྱི་སྐྱིད་སྡུག་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཚད་རང་བྱུང་ཁམས་ཆེན་མོའི་འགྱུར་ལྡོག་དང་འབྲེལ་བ་ཡོད་སྲིད། དེར་བརྟེན་སྐབས་རྗེས་མའི་ཨ་རིའི་སྲིད་འཛིན་དུ་གདམ་སྲིད་པའི་མི་སྣ་འགའ་ལ་རྒྱུས་ལོན་བྱ། འོག་གི་མི་སྣ་དག་ནི་སྐབས་ཞེ་བདུན་པའི་ཨ་རིའི་སྲིད་འཛིན་དུ་ཐོན་པའི་ངེས་པ་མེད།

གཅིག ཁྲོའུ་ཕུར།

ཁྲོའུ་ཕུར།

ཁྲོའུ་ཕུར་སྲིད་འཛིན་དུ་ཆགས་པ་ནས་ཕྱིན་རང་ཉིད་སྲིད་འཛིན་དུ་ད་དུང་ཐོན་ངེས་པའི་གཏམ་ནམ་ཡང་གླེང་བར་བྱེད། སྐབས་ཞིག་ལ་«གོ་ཕུར»་ཞེས་པའི་བརྙན་འཕྲིན་ལམ་བརྒྱུད་ཅིག་ཏུ་ཁྲོའུ་ཕུར་རང་ཉིད་སྐབས་ཞེ་བདུན་པའི་ཨ་རིའི་སྲིད་འཛིན་ཡིན་ཞེས་སྤོབས་གཏམ་བཤད་མྱོང་ལ། འདིས་ཁོ་རང་ཨ་རིའི་སྲིད་འཛིན་དུ་ཞུགས་འདོད་པའི་བསམ་བློ་དང་གདེང་ཚོད་བརྟན་པོ་ཡོད་པ་ཚོར་ཐུབ། མ་གཞི་ཁྲོ་ཕུར་གྱིས་སྐབས་ཞེ་ལྔ་པའི་ཨ་རིའི་སྲིད་འཛིན་གྱི་ཁེ་དབང་སྤྱོད་མྱོང་ཞིང་། སྲིད་འཛིན་གྱི་ཁེ་དབང་སྤྱད་པའི་བརྒྱུད་རིམ་ཁྲོད་ཁྲོའུ་ཕུར་གྱི་མགོ་ཐོག་ཏུ་དོན་རྐྱེན་མང་པོ་ལྷུང་ཡོད། དཔེར་མཚོན་ཞིག་སྟེ་སྲིད་འཛིན་ལས་ཐོག་སྐབས་ཐེངས་གསུམ་ལ་བསྟུད་མར་ནག་ཉེས་ཐེར་འདོན་བྱས་ཏེ་ཁྲིམས་སྟེང་ནས་བཀག་སྡོམ་བྱས་པའི་ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་ཐོག་མ་ཡིན་ལ་སྲིད་འཛིན་དུ་མ་ཞུགས་གོང་ཁྲོའུ་ཕུར་ནི་ཨ་རིའི་ཕྱུག་བདག་ཆེན་པོ་ཞིག་ཡིན་ཞིང་སྐབས་དེར་ཆབ་སྲིད་ཀྱི་གནས་སྟངས་ལ་རྒྱུས་མངའ་དེ་ཙམ་མེད་པས་ཆད་པའང་ཁུར་མྱོང་། ད་དུང་ཨ་རིའི་ལོ་རྒྱུས་སུ་གཉེན་སྒྲིག་བྱེད་གྲངས་ཆེས་མང་བའི་ཨ་རིའི་སྲིད་འཛིན་ཐོག་མའང་རེད། ཨ་རིའི་མི་དམངས་ལ་མཚོན་ན་སྲིད་འཛིན་ཟུར་པ་ཁྲོའུ་ཕུར་གྱི་ཁྱད་མཚར་བའི་གཤིས་ཀ་དང་ཐུན་མིན་གྱི་མིའི་ཚུགས་ལ་ཤིནད་ཏུ་དགའ་ཞིང་ཁོང་ཉིད་ཐུན་མིན་གྱི་ཚོགས་པ་དག་གིས་འཛམ་གླིང་གི་སྐྱེས་པ་ཕུལ་བྱུང་བརྒྱ་རུ་གདམས་ཡོད། ཁོང་ཉིད་ཐེངས་འདིར་སྲིད་འཛིན་དུ་ཞུགས་པར་འགལ་རྐྱེན་མང་པོའི་ཁྲོད་ཆེ་ཤོས་ནི། ཁོང་གི་ཁ་གཏད་དུ་ལངས་ཡོད་པའི་དཔྱོད་ལྡན་པ་སྐུ་ཞབས་ཇོ་དཔལ་ལྡན་རེད། དེས་ན་ཡང་བསྐྱར་ཨ་རིའི་སྲིད་འཛིན་གྱི་ཁེ་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཟབ་མོའི་ཁྲོད་ཁྲོའུ་ཕུར་དང་ཇོ་དཔལ་ལྡན་གཉིས་ཀྱི་བར་ལ་འགྲན་རྩོད་ཐེངས་གཅིག་འབྱུང་སྲིད་པ་རེད་ལ་ཁོང་གཉིས་ཀྱི་འགྲན་རྩོད་ཀྱི་ངོ་གདོང་ཡང་བསྐྱར་ང་ཚོས་ཐེངས་གཅིག་མཐོང་སྲིད།
གཉིས། ཇོ་དཔལ་ལྡན།

དགུང་གྲངས་བརྒྱ་བཅུར་ཟིན་པའི་དཔྱོད་ལྡན་པ་ཇོ་དཔལ་ལྡན་ལགས་ནི་ཨ་རིའི་སྲིད་འཛིན་གྱི་གོ་གནས་སར་ཞུགས་འདོད་པའི་བསམ་བློ་ནི་ཆུང་ཆུང་ཞིག་ག་ལ་ཡིན་ཏེ། ཐེངས་ཞིག་ལ་བཅར་འདྲི་རུ་ངས་ལུས་པོ་བདེ་བར་གནས་ཚེ་2024ལོའི་ཨ་རིའི་སྲིད་འཛིན་འོས་འདམས་སུ་ཞུགས་ངེས་ཡིན་ཞེས་དང་ཁྲོའུ་ཕུར་ཀྱང་སྲིད་འཛིན་འོས་འདེམས་སུ་ཞུགས་ཚེ་རང་ཉིད་སྲིད་འཛིན་འོས་འདེམས་སུ་ཞུགས་འདོད་པ་ནི་དེ་ལས་ཆེ་བར་བཤད་མྱོང་།

ཁྲོའུ་ཕུར་ལ་མཚོན་ནའང་ཇོ་དཔལ་གྱིས་སྤྱི་ཚོགས་གླེང་སྟེགས་དང་ཨ་རིའི་ཆབ་སྲིད་གླེང་སྟེགས་ཆེ་ཤོས་སོགས་སུ་ཁྲོའུ་ཕུར་ལ་སྐྱོན་བརྗོད་ལན་དུ་མར་བྱས་ཡོད་པས། ཁོང་གཉིས་ཀྱི་ཆབ་སྲིད་ཀྱི་མཐུན་སྒྲིལ་ཐད་ལ་རྙོག་གྲ་ཆེ་རུ་ཆགས་ཡོད། ཇོ་དཔལ་སྐབས་ཞེ་བདུན་པའི་ཨ་རིའི་སྲིད་འཛིན་དུ་ཞུགས་པ་ལ་འཛམ་གླིང་གི་མི་དམངས་ཀྱིས་ཆེས་སེམས་ཁྲལ་བྱ་ཡུལ་གཙོ་བོ་ནི་སྐུ་གཟུགས་བདེ་ཐང་ཐད་རེད། དེའང་ཇོ་དཔལ་སྐུ་ན་ཆུང་དུས་ཀྱི་གནས་བབ་ཀྱི་འཚོ་བ་ནི་ཧ་ཅང་སྡུག་ལ་ཉིན་རེའི་ཟ་ཐེངས་གཅིག་ལའང་དཀའ་ངལ་ལན་དུ་མ་དང་ཆུང་དུས་སུ་སློབ་གྲྭའི་ཁྲོད་སློབ་མ་མང་པོས་ངན་སྨོད་དང་འཕྱ་སྨོད་སོགས་ཀྱི་དཀའ་ངལ་ལ་ཕྲད་མྱོང་། འོན་ཏེ་རྐྱེན་ངན་གྲོགས་སུ་ཤར་ཞེས་པའི་དཔེ་ལྟར་དེ་དག་ནི་ཁོང་ཉིད་ཀྱི་ཉམས་ཞན་གྱི་རྒྱུ་རུ་མ་འགྱུར་བར་དེས་ཁོང་ལ་སྟོབས་ཤུགས་བསྩལ་ཡོད་དེ། སྲིད་འཛིན་འོས་འདེམས་སུ་ཐེངས་དུ་མར་ཞུགས་ནས་ད་གཟོད་ལོ་ན་ཆེས་ཆེ་བའི་ཨ་རིའི་སྲིད་འཛིན་ཇོ་དཔལ་ལྡན་ཞེས་ཡོངས་སུ་གྲགས་ཞིང་འཛམ་གླིང་གི་སྲིད་འཛིན་ལོ་རྒྱུས་ལ་ཟིན་ཐོ་གསར་པ་གཏོད་ཡོད་པ་རེད། ཇོ་དཔལ་ལྡན་ཨ་རིའི་སྲིད་འཛིན་འོས་འདེམས་སུ་ཞུགས་རྒྱུ་ཡིན་ཞེས་གསལ་བརྡ་གཏངས་ཟིན་ནའང་ཉེ་ལམ་ཨ་རིའི་གསར་ལམ་ཁང་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་མི་དམངས་བརྒྱ་ཆ་50ཡིས་ཇོ་དཔལ་ལ་སྲིད་འཛིན་དུ་སྡོད་མི་ཆོག་པའི་ངོ་རྒོལ་བྱས་ཡོད་པ་དང་། བརྒྱ་ཆ་20ལྷག་གིས་གཞི་ནས་ཁོང་གི་སྲིད་འཛིན་འོས་འདེམས་ལ་རོགས་སྐྱོར་བྱས་ཡོད་སྐད། གྲངས་ཀ་དེ་ལ་གཞིགས་ན་སྐབས་ཞེ་བདུན་པའི་ཨ་རིའི་སྲིད་འཛིན་གྱི་འདུག་སྟེགས་སྐུ་ཞབས་ཇོ་དཔལ་ལྡན་ལ་སྤྲད་མེད་པར་ཇོ་དཔལ་གྱི་འོག་ཏུ་ཡོད་པའི་སྐུ་ཞབས་ལྕམ་ཧ་ལིས་སེ་ལ་སྤྲད་ཡོད་པ་ནི་མི་དམངས་ཀྱི་བསམ་བློ་ལས་དཔོག་ཐུབ།

གསུམ། ཧ་ལིས་སེ།

ལྕམ་ཧ་ལིས་སེ།

ལྕམ་ཧ་ལིས་སེ་ནི་ཡ་གླིང་དང་མི་ནག་གི་བརྒྱུད་པ་ཡིན་ཞིང་ཨ་རིའི་ལོ་རྒྱུས་ཁྲོད་བུད་མེད་མི་ནག་གི་སྲིད་འཛིན་གཞོན་པ་ཐོག་མ་དེ་རེད། ཁོང་གི་ཁྱིམ་ཚང་ནི་འབྱོར་ལྡན་ཞིག་ཡིན་ལ་ཁོང་གི་ཡབ་ནི་ཇ་མིས་ཤ་ནས་ཡིན་ལ་ཡུམ་ནི་རྒྱ་གར་བ་རེད། ཨ་མས་རྒྱ་གར་ཕྱོགས་སུ་ཆབ་སྲིད་ཀྱི་བྱ་བ་བགྱི་བཞིན་ཡོད་པས་ཧ་ལིས་སེ་ལ་ཆབ་སྲིད་ཀྱི་བག་ཆགས་ཆེ་བར་འཇོག་ཡོད་པ་ནི་སྨོས་ག་ལ་དགོས། ལྕམ་ལ་ཆུང་དུས་སུ་སློབ་གྲྭའི་རྒྱུགས་འབྲས་ཧ་ཅང་བཟང་ཞིང་སློབ་ཆེན་མིང་གྲངས་ཅན་ནས་སློབ་མཐར་ཕྱིན་རྗེས་ཁྲིམས་ལུགས་རིག་པར་ལས་ཀ་གནང་བ་རེད་ལ་ལོ་ངོ་བཞིའི་རྗེས་ནས་ས་གནས་ཁྲིམས་དཔོན་གྱི་སྲིད་འཛིན་གཞོན་པ་རུ་ཆགས་ཡོད་པ་རེད། དེས་ཨ་རིའི་བུད་མེད་དང་འཛམ་གླིང་གི་བུད་མེད་དག་ལ་ཤུགས་རྐྱེན་ཆེ་བར་བཞག་ཡོད་པ་དང་གོ་རྟོགས་མང་པོ་སད་དུ་བཅུགས་སོང་། ད་དུང་རྒྱ་གར་གྱི་ཡུལ་དུའང་ལྕམ་ཧ་ལིས་སེའི་ཕྱོགས་ལ་གླེང་གཞི་ཆེ་རུ་ཕྱིནད་པ་མ་ཟད་ཧ་ལིས་སེའི་ཆེད་དུ་རྒྱ་གར་བས་ང་རྒྱལ་བྱེད་བཞིན་ཡོད། 2020ལོར་ཁོང་རང་དངོས་སུ་ཨ་རིའི་སྲིད་འཛིན་འོས་འདེམས་སུ་ཞུགས་ཀྱང་སྐབས་དེར་གློ་བུར་དུ་རྒྱབ་སྐྱོར་གྱི་གྲངས་ཀ་ཉུང་དུ་སོང་བས་ཞུགས་མ་ཐུབ་ཅིང་འོས་འདེམས་ལས་ཕྱིར་བུད་ཡོད། ད་ལྟ་ཨ་རིའི་སྲིད་འཛིན་འོས་འདེམས་སུ་བུད་མེད་ཁྲོད་སྤྱི་དམངས་ཀྱི་དགའ་མོས་ཆེ་ཤོས་ནི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མའི་ཆུང་མ་ལྕམ་མེ་ཆར་ལགས་རེད། ལྕམ་འདི་ནི་ཆེད་དུ་ཆབ་སྲིད་ལ་བརྩོན་མ་མྱོང་ཡང་སྐུ་ཞབས་ཨོ་བྷ་མའི་ཤུགས་རྐྱེན་གྱིས་ཆབ་སྲིད་ཐད་གོ་རྟོགས་ཟབ་མོ་ཡོད་ཅེས་དཔྱོད་ལྡན་པ་མང་པོས་གླེང་གིན་ཡོད།



2024ལོའི་ཨ་རིའི་སྲིད་འཛིན་གྱི་འོས་འདེབས་སུ་ཞུགས་ཡོད་པའི་མི་སྣ་ཁག

ཞེས་པ་འདིའང་འབི་ཕུན་ཚོགས་པས་འཛམ་གླིང་གིས་གང་བཤད་པ་མཐོང་ཐོས་སུ་སོན་ནས་རང་རིགས་ཀྱི་རྣ་བར་བརྡ་ཙམ་གྱི་སླད་དུ།

2023.12.19ཉིན།  

雪域青年网
གངས་ལྗོངས་ན་གཞོན་དྲྭ་བ། སྙིང་སྟོབས་ལ་སྦྱོང་བརྡར་དང་། དཀྱེལ་ཡངས་ཀྱི་ཁྲོད་ནས་དངོས་ཡོད་ལ་གདོང་གཏད་བྱེད་དགོས། ནང་ལ་ཕེབས།
 最新文章