བླ་རུང་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོ་བཞེངས་ཚུལ་དང་སྐོར་ཚད་སོགས།

文摘   2024-06-23 10:42   重庆  


བླ་རུང་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོ་བཞེངས་ཚུལ་དང་ནང་རྟེན་དང་སྐོར་ཚད་དང་ཕན་ཡོན་སྐོར།

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པ་དང་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་པར་ཐར་པ་པདྨ་དཀར་པོའི་ཆུན་པོ་གཉིས་ལས་ཁོལ་དུ་ཕྱུང་།


རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད།


༡༩༩༥ལོ་འདིའི་ལོ་སྟོད་དུ་སྒྱུ་འཕྲུལ་དྲྭ་བའི་བློས་བསླངས་ཀྱི་དཀྱིལ་འཁོར་མཐོང་གྲོལ་ཆེན་མོ་འདི་ཉིད་བཞེངས་པའི་དབུ་བརྩམས་པ་ཡིན་ལ། དེ་ཡང་ཆོས་ཀྱི་རྗེ་ཞང་དབོན་གཉིས་ཀྱིས་གསེར་ལྗོངས་བླ་རུང་གི་ནུབ་བྱང་མཚམས་ཀྱི་ས་གནད་ཕུན་སུམ་ཚོགས་པར། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལམ་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པ་དག་གི་ཀུན་བརྟགས་བཅོས་མའི་བསྐྱེད་རིམ་གྱི་དམིགས་པ་གསལ་འདེབས་ཀྱི་རྟེན་དང་། སྐལ་བཟང་དད་ལྡན་རྣམས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་གི་ཞིང་ས་བླ་ན་མེད་པའི་རྒྱུ་རྐྱེན་དམ་པར་དམིགས་ནས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཆོས་འཁོར་རི་དྭགས། ཡ་ཐོག་རྡོ་རྗེའི་ཕྱུར་བུ། ཕྱི་རིམ་དུར་ཁྲོད་རྡོ་ར། མེ་རི་དང་བཅས་པ་བླ་རུང་ཆོས་སྒར་ཆེན་མོའི་མཚོན་རྟགས་ལྟ་བུར་གྱུར་པ་འདི་ཉིད་རྗེ་བཙུན་མ་མཆོག་གིས་དམངས་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་སྟེ་གྲུབ་པ་ཞིག་ཡིན་ལ། དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་རྒྱུད་གསང་བ་སྙིང་པོའི་རྩ་འགྲེལ་རྣམས་དང་སྒྲུབ་དཀྱིལ་གྱི་གཞུང་དང་ཐིག་ཡིག་རྣམས་ལ་ཁུངས་གཏུགས་ཏེ་ཚད་དང་ལྡན་པར་བཟོ་སྐྲུན་གནང་ཡོད་པར་མ་ཟད།


  ནང་རྟེན་འདག་སྐུ་རྣམས་ལ་གཟུངས་གཞུག་ཚད་ལྡན་ཕུལ་ཡོད་པ་སྨོས་མེད་ཐོག གཞལ་ཡས་ཁང་གི་རྩིག་པའི་གསེབ་ཏུ་ཆོས་རྗེ་ཡིད་བཞིན་ནོར་བུ་སྐུ་དངོས་ཀྱི་ཕྱག་ནས་བྱུང་བའི་ལི་མ་དང་གཏེར་མ་ཡིན་ངེས་པའི་གསེར་སྐུ་བརྒྱ་རྩ་གཅིག་ཙམ་དང་། སྒྲོམ་བུ་ཆེ་ཆུང་དུ་མ་དང་། དམ་རྫས་ཀྱི་རིགས་མང་པོ་བཅས་གཏེར་དུ་སྦས་པར་བསྩལ་ཅིང་།


  དུས་ཕྱིས་ལོ་གཉིས་ཙམ་ཐལ་རྗེས་དཀྱིལ་འཁོར་གྱི་འོག་གཞིའི་མཐའ་སྐོར་དུ་ལྷ་ཁང་ཉེར་གསུམ་ཙམ་བསྐྲུན་པའི་ནང་དུ་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱི་རྩ་གསུམ་སྲུང་མ་དང་བཅས་པའི་སྐུ་རྟེན་མང་པོ་ཞིག་ཀྱང་དད་ལྡན་རྣམས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་དང་ཕྱག་མཆོད་སྨོན་ལམ་གྱི་རྟེན་དམ་པར་བཞུགས་སུ་གསོལ་ཡོད་དོ། །



 སྒྱུ་འཕྲུལ་དྲྭ་བའི་བློས་བསླངས་ཀྱི་དཀྱིལ་འཁོར་འདི་ཉིད་བཞེངས་གྲུབ་པའི་རྗེས་སུ་ཆོས་ཀྱི་རྗེ་ཉིད་སྐུ་དངོས་ཆེད་ཕེབས་ཀྱིས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་མཛད་དེ་རབ་ཏུ་གནས་པའི་མེ་ཏོག་འཐོར་ཅིང་། རྟེན་བརྟེན་པ་དང་བཅས་པ་སྐྱེ་དགུ་རྣམས་ཀྱི་ཚོགས་གསོག་སྒྲིབ་སྦྱོང་གི་ཞིང་ས་བླ་ན་མེད་པ་ཞིག་ཏུ་འགྱུར་བའི་ཐུགས་སྨོན་བཟང་པོས་རྒྱས་བཏབ་སྟེ། ཞལ་བསྲོའི་རིམ་པའང་གཟབ་ལ་རྒྱས་པར་གནང་ངོ་། དུས་དེ་ནས་བཟུང་མཐོང་གྲོལ་དཀྱིལ་འཁོར་ཆེན་པོ་འདིའི་ཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ནས་ཕྱག་སྐོར་མཆོད་པ་སོགས་ལ་བརྩོན་པའི་རྒྱ་བོད་ཧོར་གསུམ་གྱི་མི་ཚོགས་དབྱར་གྱི་སྤྲིན་ཕུང་འཐིབས་པ་བཞིན་ཟམ་མ་ཆད་པར་འདུས་ནས་ཉི་མ་རེ་བཞིན་དད་ལྡན་བརྒྱ་སྟོང་མང་པོས་སྒོ་གསུམ་སོས་དལ་དུ་མི་སྡོད་པར་རྣམ་དཀར་དགེ་བའི་ལས་ལ་ཆིག་སྒྲིལ་དུ་བརྩོན་བཞིན་ཡོད་པ་དེང་སང་ཡང་ཚང་མས་མངོན་སུམ་དུ་བལྟར་ཡོད་པ་འདི་ཡིན་ནོ།  །


    ལར་དམ་པ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་སྒྲོན་མེའི་མེ་ལྕེ་གཅིག་ལས་དུ་མར་མཆེད་པའི་ཚུལ་གྱིས་ཀཿ རྫོགས་ཞེ་ཆེན་སོགས་རྙིང་མའི་གདན་ས་ཆེ་ཁག་རྣམས་སུ་འདི་དང་འདྲ་བའི་སྒྱུ་འཕྲུལ་གྱི་བློས་བསླངས་དཀྱིལ་འཁོར་ཆེ་ལེགས་ཚད་ལྡན་རེ་བཞེངས་སྐྲུན་བགྱིས་འདུག་ལ། དེར་མ་ཟད་མགོ་ལོག་ཤར་འཇིགས་མེད་ཕྲིན་ལས་དར་རྒྱས་གླིང་དང་། དྷཱིཿ མདའ་དགོན། ལུང་སྔོན་དགོན་རྣམས་དང་། སྡེ་དགེ་ཡིད་ལྷུང་གི་བཀྲ་ཤིས་ཁྲི་གླིང་དང་རྩ་ཤུལ་དགོན། ཉག་རོང་གི་ཡོན་ཏན་འབྱུང་ཁུངས་དགོན། བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་སྡེ་བསམ་གཏན་འོད་གསལ་ཆོས་གླིང་སོགས་སུའང་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་རྔམ་ལ་གཟི་འོད་དང་ལྡན་པ་ཆོས་སྡེ་གང་ཡིན་པ་དེ་དང་དེའི་རྒྱན་ལྟ་བུར་གྱུར་པ་རེ་བཟོ་བཞེངས་གནང་ཟིན་འདུག་གོ། །


   ད་དུང་དགོན་སྡེ་དང་ཡུལ་ཁམས་མང་པོ་ཞིག་ཏུ་དཀྱིལ་འཁོར་འདི་རིགས་ཀྱི་ལས་བཟོའི་འཆར་འགོད་ཀྱི་རི་མོ་དང་འོག་གཞིའི་རྩིག་པ་སོགས་བཟོ་སྐྲུན་བྱེད་བཞིན་པའི་སྐབས་སུ་ཡོད་ཅིང་། མ་འོངས་པ་ན་དེ་དག་ལས་ཀྱང་ལྡབ་དུ་མས་མང་བའི་སྒྱུ་འཕྲུལ་དྲྭ་བའི་བློས་བསླངས་ཀྱི་དཀྱིལ་འཁོར་རྒྱུ་སྤུས་དང་བཀོད་པ་ཁྱད་པར་དུ་འཕགས་པ་དུ་མ་ཞིག་འཛམ་གླིང་ཡུལ་གྲུ་གང་སར་བཞེངས་སྐྲུན་གནང་འོང་བའི་ཚོད་དཔོག་བྱེད་ཀྱིན་ཡོད་དོ།།


རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་པར་ཐར་པ་པདྨ་དཀར་པོའི་ཆུན་པོ་ལས་བཏུས།



སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་སྐོར་ཚད་ཆེ་ཆུང་དང་ཕན་ཡོན།


བློས་བསླངས་དཀྱིལ་འཁོར་ཆེན་མོ་འདིའི་སྐོར་ཚད་ཆེ་ཆུང་གི་རྣམ་གཞག་ནི། 

སྐོར་ཞིག་ཆོས་ཀྱི་རྗེ་ཉིད་ཀྱིས་བསྐྱེད་རིམ་ཟིན་བྲིས་གསུང་སྐབས་ཀྱི་འཕྲོས་བཤད་ལས། སྐོར་ཚད་ལ་རྣམ་གྲངས་བཞི་སྟེ། ཆུང་བ་ལ་སྐོར་བ་གྲངས་བརྒྱ། འབྲིང་བ་ལ་སྐོར་བ་གྲངས་སྟོང་། ཆེ་བ་ལ་སྐོར་བ་གྲངས་ཁྲི། ཆེས་ཆེ་བ་ལ་སྐོར་བ་གྲངས་འབུམ་དུ་ལོངས་པ་དགོས་ལ། སོ་སོའི་ཕན་ཡོན་ནི། སྐོར་ཚད་ཆུང་བས་ངན་འགྲོའི་སྒོ་ཁེགས་ཤིང་མཐོ་རིས་ཀྱི་གོ་འཕང་ཐོབ་པ་དང་། འབྲིང་བས་ཁམས་གསུམ་འཁོར་བའི་གནས་ལས་གྲོལ་ཏེ་ཐར་པའི་གོ་འཕང་ཐོབ་པ་དང་། ཆེ་བས་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་དུ་བྱུང་ཆུབ་སེམས་དཔའི་གོ་འཕང་ཐོབ་པ་དང་། ཆེས་ཆེ་བས་ནི་མྱུར་བ་ཉིད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར་རོ།། ཞེས་དང་། སྐོར་ཚད་ཆེ་ཆུང་གང་ཡིན་ཡང་། ཕྱག་དང་ཡིག་བརྒྱ་གཉིས་དང་སྦྲེལ་ནས་བྱེད་དགོས་ཏེ། དཔེར་ན་སྐོར་བ་བརྒྱ་བྱེད་པའི་དབང་དུ་ན། ཕྱག་བརྒྱ་འཚལ་བ་དང་། ཡི་གེ་བརྒྱ་པ་བརྒྱ་འདོན་དགོས་པ་སོགས་གཞན་ལའང་འགྲེའོ་ཞེས་གསུངས་སོ།།


བི་ཤཱའི་འདུ་བྱེད་པིར་གྱིས་བྲིས་འདྲ་ངོ་མཚར་བཀོད་པའི་གཟུགས་བརྙན་བཀྲ།།

བརྡ་དོན་རྟགས་ཀྱི་ཁྱད་ཆོས་ཡོངས་རྫོགས་དྲང་དོན་རྟགས་ཀྱི་དཀྱིལ་འཁོར་ཚུལ།།

ལྷར་བཅས་འགྲོ་བའི་ཕྱག་མཆོད་ཡུལ་གྱུར་མཐོང་གྲོལ་དཔལ་གྱི་མཆོད་སྡོང་གང༌།།

ཁྱེད་ཀྱི་མ་སྨད་ཐུགས་བསྐྱེད་འཕྲུལ་གྱིས་སྐྱེ་དགུའི་ལེགས་བྱས་ཞིང་དུ་བསྐྲུན།།


སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་སྐོར་ཚད་དང་ཕན་ཡོན་འདི་ནི་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྒྱས་པ་ལས་བཏུས།



བླ་རུང་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་བསྐོར་བའི་ཕན་ཡོན།


༧ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་དཔལ་བཟང་པོས་གསུངས།


 སྒྱུ་འཕྲུལ་བློ་བསླངས་འདི་ནི་རིག་འཛིན་རྒྱལ་བའི་གོ་འཕང་འཐོབ་པར་བྱེད་པའི་ཐབས་ཁྱད་པར་ཞིག་ཡིན་ལ། ནང་རྟེན་ཡང་ཕུན་སུམ་ཚོགས་པ་ཡོད། འདི་འདྲའི་རྟེན་བཞེངས་དེ་འཇིག་རྟེན་ན་ཧ་ཅང་དཀོན་མོ་རེད། དཀྱིལ་འཁོར་མཐོང་བ་ཙམ་གྱིས་ན་རཀ་ཆེན་པོར་མི་ལྟུང་ཞེས་དྲི་མེད་བཤགས་རྒྱུད་ནང་དུ་གསུངས་འདུག འདི་ལན་གཅིག་མཐོང་ན་ཡང་ངེས་པར་དུ་རྡོ་རྗེ་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེ་མི་དགོས་ཏེ། 

གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །

དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །

ཉམས་ཆགས་མ་ལུས་ཀུན་བྱང་ནས། །

མཚམས་མེད་ལྔ་ཡི་སྡིག་པ་འདག །

ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །

རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །

   ཞེས་གསུངས། དེས་ན་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་མཚན་ནས་རེ་རེ་བཞིན་དུ་བརྗོད་ནས་ཕྱག་བརྒྱ་ཐམ་པ་འཚལ་ཐུབ་ན་ངེས་པར་དུ་མཚམས་མེད་ལྔ་ཡི་སྡིག་པ་འདག་གསུངས་པ་རེད།

ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །

  ཞེས་གསུངས་ཡོད་པས་དམྱལ་བ་རུ་སྐྱེ་མི་དགོས་པ་རེད། སྐོར་ཚད་ལ་རྣམ་གྲངས་བཞི་སྟེ།ཆུང་སྐོར་ལ་གྲངས་བརྒྱ། འབྲིང་སྐོར་ལ་གྲངས་སྟོང༌། ཆེ་སྐོར་ལ་གྲངས་ཁྲི། ཆེས་ཆེ་སྐོར་ལ་གྲངས་འབུམ་དུ་ལོངས་བ་དགོས། སོ་སོའི་ཕན་ཡོན་ནི། སྐོར་ཚད་ཆུང་བས་ངན་འགྲོའི་སྒོ་ཁེགས་ཤིང་མཐོ་རིས་ཀྱི་གོ་འཕང་འཐོབ་པ་དང་།

   འབྲིང་གིས་ཁམས་གསུམ་འཁོར་བའི་གནས་ལས་གྲོལ་ཏེ་ཐར་པའི་གོ་འཕང་འཐོབ་པ་དང་། ཆེ་བས་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་དུ་བྱང་ཆུབ་སེམས་དཔའི་གོ་འཕང་འཐོབ་པ་དང་། ཆེས་ཆེ་བས་ནི་མྱུར་བ་ཉིད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར། སྐོར་ཚད་ཆེ་ཆུང་གང་ཡིན་ཡང་། ཕྱག་དང་ཡིག་བརྒྱ་གཉིས་དང་སྦྲེལ་ནས་བྱེད་དགོས་ཏེ། དཔེར་ན་སྐོར་བ་བརྒྱ་བྱེད་པའི་དབང་དུ་བཏང་ན། ཕྱག་བརྒྱ་འཚལ་བ་དང་།

     ཡི་གེ་བརྒྱ་པ་བརྒྱ་འདོན་དགོས་པ་སོགས་རིགས་འགྲེ། འདི་ལྟ་བུའི་ཕན་ཡོན་ཆེ་བ་དང་བྱིན་རླབས་ཆེ་བ་དངོས་གྲུབ་མྱུར་བ་ཞིག་ཧ་ཅང་དཀོན་པོ་རེད། ང་ཚོ་ཚང་མས་རྒྱུན་དུ་ཕྱག་འཚལ་མཆོད་འབུལ་སོགས་གང་ཐུབ་ཅི་ཐུབ་བྱེད་དགོས།


༼དྲན་ངོགས་ཀྱི་གསེར་བྱ༽ལས་ཚན་བཤུས་བྱས་ཏེ་སྤེལ་བ་དགེ་ལེགས་འཕེལ། 

           ནང་དོན་དཀར་ཆག            

༧བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད།  སྒྲ་ཆ་ཚང་།

སྟོན་པའི་རྣམ་ཐར། ཨམ་སྐད་གློག་བརྙན་ལེའུ་ཆ་ཚང་།
སྟོན་པའི་རྣམ་ཐར། ཁམས་སྐད་གློག་བརྙན་ལེའུ་ཆ་ཚང་།
རྗེ་བཙུན་མི་ལ་རས་པའི་རྣམ་ཐར། བོད་སྐད་གློག་བརྙན་ཆ་ཚང་།

བོད་སྐད་ཡིག་གི་གནས་བབ་གླེང་བ། སྒྲ་ཆ་ཚང་། མཁན་ཚུལ་ཁྲིམས་བློ་གྲོས།

ནང་ཆོས་དང་མི་ཚེ། སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

གྲྭ་པའི་མི་ཚེ་དང་སློབ་སྦྱོང་། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

ཆོས་དང་དད་པ། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

ཕུགས་འདུན་དང་སློབ་སྦྱོང་། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

མི་ཆོས་གཙང་མ་བཅུ་དྲུག སྒྲ་ཆ་ཚང་། 

དཔལ་སྤྲུལ་ཞལ་གདམས། སྒྲ་ཆ་ཚང་། མཁན་པོ་འཆི་མེད་རིག་འཛིན།

སྐྱབས་འགྲོ། སྒྲ་ཆ་ཚང་།   མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

སྐྱབས་འགྲོ།   སྒྲ་ཆ་ཚང་།   སྒོ་ཤེས་རབ་རྒྱ་མཚོ།

རྒྱལ་སྲས་ལག་ལེན། སྒྲ་ཆ་ཚང་། དགེ་བཤེས་འཇམ་དཔལ་བློ་ཤེས།

རྒྱལ་སྲས་ལག་ལེན། སྒྲ་ཆ་ཚང་། མཁན་པོ་ཚེ་བརྟན།

འོད་མདོ་ཆུང་བ། སྒྲ་ཆ་ཚང་། མཁན་པོ་བརྩོན་འགྲུས་མཐར་ཕྱིན།

བདེ་ཆེན་ཞིང་ཁྲིད། སྒྲ་ཆ་ཚང་། མཁན་ཀུན་བཟང་།

བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། སྒྲ་ཆ་ཚང་། ཚུལ་ཁྲིམས་བློ་གྲོས།

བདེ་བ་ཅན་སྐྱེ་བའི་རྒྱུ་བཞི། སྒྲ་ཆ་ཚང་། མཁན་ཆེན་འཆི་མེད་རིག་འཛིན།

འཆི་བ་མི་རྟག་པ། སྒྲ་ཆ་ཚང་། མཁན་ཆེན་འཆི་མེད་རིག་འཛིན།

བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། སྒྲ་ཆ་ཚང་། བརྩོན་འགྲུས་མཐར་ཕྱིན།

བློ་ལྡོག་རྣམ་བཞི། མཁན་པོ་བརྩོན་འགྲུས་མཐར་ཕྱིན། སྒྲ་ཆ་ཚང་།

བདེ་ཆེན་ཞིང་ཡོན་སྐོར། མཁན་བརྩོན་འགྲུས་མཐར་ཕྱིན།

བློ་སྦྱོང་དོན་བདུན་མ། སྒྲ་ཆ་ཚང་། མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།

བློ་ལྡོག་རྣམ་བཞི། མཁན་མོ་རིག་འཛིན་ཆོས་སྒྲོན། སྒྲ་ཆ་ཚང་།

ཡུལ་མི་རྣམས་ལ་གཏམ་དུ་བྱ་བ།  མཁན་དགེ་དཔལ། སྒྲ་ཆ་ཚང་།

བདེ་སྨོན་འཆད་ཁྲིད། སྒྲ་ཆ་ཚང་།  མཁན་ཆེན་འཆི་མེད་རིག་འཛིན།

བཟང་སྤྱོད་འཆད་ཁྲིད། མཁན་ཆེན་འཆི་མེད་རིག་འཛིན། སྒྲ་ཆ་ཚང་།

བཤེས་གཉེན་བསྟེན་ཚུལ། སྒྲ་ཆ་ཚང་། མཁན་གང་བསམ་ལྷུན་གྲུབ།

སློབ་གཉེར་བསླབ་བྱ།  སྒྲ་ཆ་ཚང་། ལྡོང་ཡོན་ཏན་རྒྱ་མཚོ།

མང་ཚོགས་ལ་ནང་ཆོས་ངོ་སྤྲོད། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

ཆོས་སྒྲུབ་ལུགས་སྐོར་ལ་བཀའ་སློབ། སྒྲ་ཆ་ཚང་།མཁན་གང་བསམ་ལྷུན་འགྲུབ།

དཔལ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས།སྒྲ་ཆ་ཚང་། སྒོ་ཤེར།

དམ་ཆོས་སྒྲུབ་ཚུལ་སྐོར་ལ་བཀའ་སློབ། སྒྲ་ཆ་ཚང་།

གུང་ཐང་སློབ་གཉེར་བསླབ་བྱ། སྒྲ་ཆ་ཚང་། དགེ་བཤེས་འཇམ་དཔལ་བློ་ཤེས།

ཕྱག་ཆེན་ངེས་དོན་སྒྲོན་མེ། སྒྲ་ཆ་ཚང་། སངས་རྒྱས་མཉན་པ་རིན་པོ་མཆོག

ས་སྐྱ་ལེགས་བཤད། སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

ས་སྐྱ་ལེགས་བཤད། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

ལམ་གཙོ་རྣམ་གསུམ།  སྒྲ་ཆ་ཚང་། དགེ་བཤེས་འཇམ་དཔལ་བློ་ཤེས།

བདེ་སྨོན་ཆོས་ཁྲིད་པདྨ་རཱ་གའི་ཕྲ་ཚོམ། སྒྲ་ཆ་ཚང་། པདྨ་སྐལ་བཟང་།

ཕྱག་ཆེན་ངེས་དོན་སྒྲོན་མེ།  སྒྲ་ཆ་ཚང་། སངས་རྒྱས་མཉན་པ་རིན་པོ་མཆོག

ཁྲིད་ཐུང་བརྒྱ་རྩ།  སྒྲ་ཆ་ཚང་། ཀརྨ་པས་གསུང་།

སྐྱབས་འགྲོ་དང་མ་ཎིའི་ཕན་ཡོན། སྒྲ་ཆ་ཚང་། འཇིགས་མེད་བློ་གྲོས།

ཤེས་རབ་སྙིང་པོ། སྒྲ་ཆ་ཚང་། དགེ་བཤེས་ཟླ་བ་ཚེ་རིང་།

མཁྱེན་བརྩེ་ནུས་གསུམ་གྱི་སློབ་གསོ། 

དིང་རི་བརྒྱ་རྩ།  སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

ལུག་རྫི་རྒན་པོའི་ཀི་སྒྲ། སྒྲ་ཆ་ཚང་། མཁན་མོ་རིག་འཛིན་ཆོས་སྒྲོན།

སྒྲ་རིག་པ་ལས་མཚམས་སྦྱོར་ལྔའི་འཆད་ཁྲིད། སྒྲ་ཆ་ཚང་། ཁྲོ་རུ་ཚེ་རྣམ།

བྱིས་སྒྲུང་འབྲི་ཚུལ། སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

རཱ་མ་ཎའི་རྟོགས་བརྗོད། སྒྲ་ཆ་ཚང་། དཔལ་དོན་གྲུབ་རྒྱལ།

ཕོ་ཉ་གཞོན་ནུ་དོན་གྲུབ། སྒྲ་ཆ་ཚང་། ཨ་ཁུ་ཀླུ་རྒྱལ་འབུམ།

སྙན་ངག་སྤྱི་དོན།  སྒྲ་ཆ་ཚང་། དགེ་འདུན་ལྷུན་འགྲུབ།

རྟོགས་བརྗོད་གསེར་གྱི་མེ་ཏོག སྒྲ་ཆ་ཚང་། དགེ་རྒན་ཀླུ་རྒྱལ་འབུམ།

སྙན་ངག་སྤྲིན་གྱི་ཕོ་ཉ། སྒྲ་ཆ་ཚང་། རོང་བོ་དགེ་འདུན་ལྷུན་གྲུབ།

རིག་གཞུང་དཔྱད་རྩོམ་ཇི་ལྟར་འབྲི་དགོས། སྒྲ་ཆ་ཚང་། རིན་ཆེན་བཀྲ་ཤིས།

གུང་ཐང་རྒྱལ་རབས། སྒྲ་ཆ་ཚང་། མཁན་པོ་དགེ་དཔལ།

དེབ་ཐེར་དཀར་པོ། སྒྲ་ཆ་ཚང་། སྒོ་ཤེས་རབ་རྒྱ་མཚོ།

རྒྱལ་རབས་དེབ་ཐེར་དཀར་པོ།  སྒྲ་ཆ་ཚང་། གུར་མགོན་སྐྱབས།

གནའ་རབས་ལོ་རྒྱུས་ཞིབ་འཇུག་ཐབས་ལམ། སྒྲ་ཆ་ཚང་། གུར་མགོན་སྐྱབས།

ལོ་རྒྱུས་ཀྱིས་གནང་བའི་གསལ་འདེབས། སྒྲ་ཆ་ཚང་། གུར་མགོན་སྐྱབས།

ལེགས་བཤད་ལྗོན་པའི་དབང་པོ། སྒྲ་ཆ་ཚང་། ཚེ་དབང་བཀྲ་ཤིས།

རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་། སྒྲ་ཆ་ཚང་། ཚེ་དབང་བཀྲ་ཤིས།

རྟེན་འབྲེལ་བསྟོད་པའི་བཀའ་ཆོས། སྒྲ་ཆ་ཚང་། ཚུལ་ཁྲིམས་བློ་གྲོས།  

དབུ་མ་རྩ་བ་ཤེས་རབ། སྒྲ་ཆ་ཚང་། མཁན་པོ་ཚེ་བརྟན།

སྐད་གསུམ་ལོ་ཙཱ་བ། སྒྲ་ཆ་ཚང་།

མཐུན་སྒྲིལ་སློབ་གསོ། སྒྲ་ཆ་ཚང་། ལྡོང་ཡོན་ཏན་རྒྱ་མཚོ།

ཕོ་མོ་འདྲ་མཉམ་སྐོར་གྱི་སྐད་ཆ།   སྒོ་ཤེས་རབ་རྒྱ་མཚོ།

དུས་འཁོར་ཆོས་འབྱུང་། སྒྲ་ཆ་ཚང་། ལྡོང་ཡོན་ཏན་རྒྱ་མཚོ།

བློ་སྦྱོང་ཚིག་རྐང་བརྒྱད་མ།སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

སྙིང་རྗེ་དང་དཀར་ཟས། བརྙན་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པ། སྒྲ་ཆ་ཚང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

སྙིང་གཏམ་སུམ་ཅུ་པའི་བཀའ་ཆོས། སྒྲ་ཆ་ཚང་། མཁན་འཆི་མེད་རིག་འཛིན།

སེམས་དང་སྲོག་གི་ཚོགས་འདུའི་གཏམ་བཤད། སྒྲ་ཆ་ཚང་། སྒོ་དར།

འཛམ་གླིང་ཤར་ནུབ་ཀྱི་བདེ་སྐྱིད་སྒྲུབ་ཚུལ་ལ་དཔྱད་པ། སྒྲ་ཆ་ཚང་།

སྐྱིད་སྡུག་ལམ་ཁྱེར། དབུས་སྐད། སྒྲ་ཆ་ཚང་།

ཕྱག་ཆེན་གངྒཱ་མ། སྒྲ་ཆ་ཚང་།  སངས་རྒྱས་མཉན་པ་རིན་པོ་ཆེ།

ལས་འཕྲོ་གཏེར་གྱི་གཏམ། སྒྲ་ཆ་ཚང་།  སློབ་དཔོན་སྣ་ཚོགས་གཟུགས་ཅན།

རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང་མ།སྒྲ་ཆ་ཚང་།སྒོ་ཤེར།

ནང་པའི་ལྟ་གྲུབ་ལས་བརྒལ་བྱུང་གི་ལྟ་བ །སྒྲ་ཆ་ཚང་། ལོག་སྨྲ་ཚར་གཅོད།

བཅོམ་ལྡན་འདས་ཀྱི་ལམ་ལུགས། 

མདོ་ཁམས་སྨད་ཕྱོགས་སུ་དགེ་ལྡན་བསྟན་པ་དར་ཚུལ། སྒྲ་ཆ་ཚང་། ལྡོང་ཡོན།

དད་པ་དང་མི་ཚེ།  སྒྲ་ཆ་ཚང་། 

སེམས་གནས་པའི་ཐབས་དགུ་སྒོམ་ཚུལ།   སྒྲ་ཆ་ཚང་།

དད་ལྡན་མང་ཚོགས་ལ་གནང་བའི་བཀའ་སློབ། སྒྲ་ཆ་ཚང་། སྤྲུལ་སྐུ་ཨ་གསང་།

མང་ཚོགས་ལ་གནང་བའི་སློབ་གསོ། སྒྲ་ཆ་ཚང་། ལྡོང་ཡོན་ཏན་རྒྱ་མཚོ།

ནུབ་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིགས། སྒྲ་ཆ་ཚང་།

དཔལ་འབྱོར་རིག་པ་དང་ཁེ་ལས་གླེང་བ། མི་འགྱུར་རྡོ་རྗེ། སྒྲ་ཆ་ཚང་།

ཡན་ལག་བདུན་པའི་ཆོས་ཁྲིད།  ལྡོང་ཡོན་ཏན་རྒྱ་མཚོ། སྒྲ་ཆ་ཚང་།

ཤེས་ཡོན་ལ་ཆོག་ཤེས་ཡོད་མི་རུང་། ༧མཉན་པ་རིན་པོ་ཆེ། སྒྲ།

རྒྱལ་དབང་ཀརྨ་པ་སྐུ་ན་ཆུང་ངུའི་དུས་ཀྱི་སྤྲོ་སྣང་། 【བརྙན།

རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་། སྒྲ་ཆ་ཚང་།

ཆོས་དང་འབྲེལ་བའི་ཁ་བརྡ། སྒྲ་ཆ་ཚང་།  སྒོ་ཤེས་རབ་རྒྱ་མཚོ།

ཆབ་སྲིད་པས་སུ་ཡང་ལག་ཆ་བྱེད།  

རྒྱལ་སྤྱིའི་ཐོག་གི་བོད་སྨན་གྱི་ཆེ་མཐོང། 

མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སྲོག་བླུའི་བཀའ་སློབ།དབུས་སྐད།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།  ལས་རྒྱུ་འབྲས།

དགོན་སྡེའི་འཛིན་སྐྱོང་སྐོར་གྱི་བཀའ་སློབ།

ལག་པ་བཀྲུ་དགོས། ཁག་དང་པོ། 【བརྙན།】 མཁན་ཆེན་བསོད་དར་རྒྱས།

རྗེ་བཙུན་མི་ལ་རས་པའི་རྣམ་ཐར། བོད་སྐད་གློག་བརྙན་ཆ་ཚང་།

བླ་མ་དགེ་བཤེས་རྩེ་ཕུད་དག་འཛོམས་པའི་བགྲོ་གླེང་གལ་ཆེན།

གྲུབ་མཐའ་དང་ཆོས་བརྒྱུད་ཁག་མཉམ་འབྲེལ་གྱི་བགྲོ་གླེང་ཆེན་མོ།

མཁྱེན་བརྩེ་རིན་པོ་ཆེས་བཀའ་འགྱུར་བསྒྱུར་སྟངས་ཕྱོགས་གླེང་བ།

བོད་ཀྱི་དཔལ་འབྱོར་འཕེལ་ཕྱོཊ་ཐབས་མཆོག  སྒྲ་ཆ་ཚང་།

བླ་མའི་གྲུབ་རྟགས་དང་འདས་རྟགས་སྐོར། ལོག་སྨྲ་ཚར་གཅོད། 『1』

བླ་མའི་གྲུབ་རྟགས་དང་འདས་རྟགས་སྐོར། ལོག་སྨྲ་ཚར་གཅོད། 『2』

མཐུན་སྒྲིལ་དགོས་པའི་སྐོར། མཆོག་སྤྲུལ་རིན་པོ་ཆེའི་བཀའ་སློབ། སྒྲ།

བོད་པ་ཚོ། ནང་དམེ་མ་བྱེད། ༧བྱམས་མགོན་སི་ཏུ་རིན་པོ་ཆེ། སྒྲ།

ཤེས་ཡོན་ལ་ཆོག་ཤེས་ཡོད་མི་རུང་། ༧མཉན་པ་རིན་པོ་ཆེ། སྒྲ།

གཞན་གྱི་ཚིག་རྩུབ་དང་ལེན་བྱེད་པའི་ཐབས། རྒྱལ་དབང་ཀརྨ་པ།  སྒྲ།

སློབ་གཉེར་བ་ཞིག་ལ་ངེས་པར་ཚང་དགོས་པའི་གཞི་རྩའི་དགོས་མཁོ་གསུམ།

རྒྱུ་མཚན་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པ་རེད། སྒོ་ཤེར།『1』 སྒྲ།

རྒྱུ་མཚན་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་པ་རེད། སྒོ་ཤེར།『2』 སྒྲ།

དྲྭ་ལམ་རིག་གནས་ཀྱི་དགེ་མཚན་གླེང་བ། རྭ་རྒྱ་འཇིཊ་མེད་རྒྱལ་མཚན།

མཁན་བསོད་ནམས་དར་རྒྱས་ཀྱི་མཛད་འཕྲིན།

ལྟ་བ་སྣ་ཚོགས་ཡོད་ཀྱང་བསྟན་པ་འཇིག་མི་ཐུབ།  སྒོ་ཤེར།

མང་ཚོགས་སློབ་གསོ། ལྡོང་ཡོན་ཏནརྒྱ་མཚོ།

སྐྱ་སེར་ཀུན་ལ་མཁོ་བའི་ཐུན་མོང་གི་གཅེས་ནོར།

མི་གཞི་བསམ་བློའི་སློབ་གསོ། ལྡོང་ཡོན་ཏན་རྒྱ་མཚོ། བརྙན། །『1』

སྙིང་ནད་ཅན་ཚོས་འདི་ལ་ལྟོས། བདེ་ཐང་ཤེས་བྱ། བརྒྱུད་བསྐུར་བྱོས།

མཁན་བསོད་དར་རྒྱས་ཀྱིས་ཧ་ཧྥིར་སློབ་གྲྭ་ཆེན་མོར་གནང་བའི་དྲི་ལན།

བོད་ཀྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད།

མི་ཚེ་སྡུག་བསྔལ་གྱི་རང་བཞིན།

ཕ་སྐད་མ་ཡིག་སྐོར་གྱི་དགོངས་ཚུལ།  སྒོ་ཤེས་རབ་རྒྱ་མཚོ།

བདེ་ཐང་མེད་ན་ཡོད་ཚད་ཤོར་ཚར་བ་རེད། གསུང་བ་པོ། མཁན་པོ་རབ་ལྡན།

སློབ་སྦྱོང་བྱེད་སྐབས་འདུ་ཤེས་ཀྱི་སྒོ་འབྱེད་ཆེན་མོ་བཞི།

སློབ་སྦྱོང་གི་ཉིང་དགོས་གླེང་བ། མཁན་རབ་ལྡན།

ཐུན་མོང་གི་བལྟ་བྱ་སྐོར། མཁན་མུ་ར་ཀུན་བཟང་།

ཕ་ནོར་རིན་ཆེན་གཞན་ལ་མ་བཙོང་རོགས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

རང་གི་ཕ་མེས་ཀྱི་འཚོ་ཐབས་དུས་ནམ་ཡང་འདོར་མི་རུང་།

ཕྱི་དངོས་པོའི་འཚོ་བ་དང་ནང་སེམས་ཀྱི་སྡུག་བསྔལ།

རིག་གནས་ཀྱི་ཀ་ཆེན་བཞི།

བདེ་ཐང་གི་འཚོ་བ་ནི་མ་འོངས་པའི་ཚེ་སྲོག་ཡིན།

དུས་རབས་ཉེར་གཅིག་དང་མཐུན་པའི་གྲྭ་པ་བྱེད་དགོས།

དཔེ་ཀློག་སྐབས་ཀྱི་འཕྲོད་བསྟེན་ཤེས་བྱ། མཁན་མོ་རིག་འཛིན་ཆོས་སྒྲོན།

མངལ་གྱི་སློབ་གསོ། མཁན་མོ་རིག་འཛིན་ཆོས་སྒྲོན།

རྫོང་སར་མཁྱེན་བརྩེ་མཆོག་གི་བཀའ་སློབ་གལ་ཆེན་ཞིག།

མིང་མཛོད་སྐོར་གྱི་བགྲོ་གླེང་།

བུད་མེད་ཀྱི་སེམས་ཁམས་གསོ་བའི་ཐབས་ལམ་གླེང་བ། མཁས་དབང་སྒོ་དར་མཆོག



                                                     


雪域青年网
གངས་ལྗོངས་ན་གཞོན་དྲྭ་བ། སྙིང་སྟོབས་ལ་སྦྱོང་བརྡར་དང་། དཀྱེལ་ཡངས་ཀྱི་ཁྲོད་ནས་དངོས་ཡོད་ལ་གདོང་གཏད་བྱེད་དགོས། ནང་ལ་ཕེབས།
 最新文章