“ཆར་ཟིལ་འཆར་གཞི”ཡིག་ཞུ་ལས་ཀའི་སྤྱི་བསྒྲགས།

文摘   2024-09-06 12:20   青海  

ནང་ཆེན་རྫོང་གི་དབུལ་སྒྲོལ་ཁྱིམ་ཚང་(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་ཡོད)     

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཕན་ནུས་ལྡན་པའི་འབྲེལ་མཐུད་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་སྒྲོལ་ཁྱིམ་ཚང་(དབུལ་ཕོངས་སུ་ཕྱིར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང་ཚུད)གི་བུ་ཕྲུག་གིས་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་པར་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་མི་འབོར་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། དབུལ་སྒྲོལ་ཁྱིམ་ཚང་(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད)གི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་ཆེད། འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར། ད་ལྟ་2024ལོའི“ཆར་ཟིལ་འཆར་གཞིའི”སློབ་རོགས་ཁ་གསབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོ་གཤམ་གསལ།   
གཅིག  ཁ་གསབ་བྱ་ཡུལ།
རང་རེའི་རྫོང་གྱིས་རྒྱུན་ལྡན་ལྟར་རྒྱལ་ཡོངས་ཀྱི་དབུལ་ཕོངས་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་ཁྲོམ་གཞུང་སྦྲེལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཆ་འཕྲིན་མ་ལག(གཤམ་དུ་དབུལ་ཕོངས་སྔོན་འགོག་མ་ལག་ཞེས་འབོད་རྒྱུ)གི་དབུལ་སྒྲོལ་ཁྱིམ་ཚང་(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཡང་འདུས)ནང་རྒྱལ་ནང་གི་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་དཀྱུས་མ་དང་ལེན་བྱེད་བཞིན་པའི་སློབ་གྲྭར་བསྡད་ཡོད། སློབ་གསོ་པུའི་སློབ་གྲྭའི་སྐྱིད་སྡུག་དོ་དམ་མ་ལག་གམ་ཡང་ན་མི་ཤུགས་སྤྱི་ཚོགས་འགན་སྲུང་པུའི་རྒྱལ་ཡོངས་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭའི་ཆ་འཕྲིན་དོ་དམ་མ་ལག་ནང་དངོས་སུ་སློབ་གྲྭའི་སྐྱིད་སྡུག་ཐོ་འགོད་བྱས་ཡོད། ཐེམ་ཐོ་སློབ་གྲྭ་གནས་ཡུལ་དུ་སྤོས་ཟིན་པའི་སློབ་གྲྭར་ཡོད་པའི་སློབ་མར་ཡང་དེ་བཞིན་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།     
གསར་དུ་དབྱེ་འབྱེད་ངོས་འཛིན་བྱས་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སློབ་གྲྭར་ཡོད་པའི་སློབ་མ་རྣམས་ལྟ་ཞིབ་ཚད་ལེན་ནང་དངོས་སུ་བཅུག་པའི་སློབ་སྐབས་ནས་བཟུང་ཁ་གསབ་དོན་འཁྱོལ་བྱ་རྒྱུ་དང་གལ་སྲིད་ལྟ་ཞིབ་ཚད་ལེན་ནང་དངོས་སུ་བཅུག་པའི་དུས་ཚོད་ནི་དགུན་ཁའི་གུང་གསེང་ཡིན་ཚེ་སློབ་སྐབས་རྗེས་མ་ནས་བཟུང་ཁ་གསབ་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།     
ལས་གནས་ཐོག་དངོས་སྦྱོང་(སློབ་གྲྭ་ནས་ཁ་བྲལ་ཏེ་དངོས་སྦྱོང་)བྱེད་པའི་དུས་རིམ་དུ་གནས་པ་དང་། སློབ་མཚམས་བཞག་པ་དང་དམག་ཞབས་ཞུས་རྗེས་སློབ་གྲྭར་ཕྱིར་ལོག་ནས་མུ་མཐུད་སློབ་སྦྱོང་བྱེད་མཁན་རྣམས་ལ་མུ་མཐུད་ཁ་གསབ་རེ་ཞུ་བྱས་ཆོག(སློབ་མཚམས་བཞག་པ་དང་དམག་ཞབས་ཞུས་པའི་སྐབས་སུ་ཁ་གསབ་མི་སྤྲོད་རྒྱུ)
ལག་བསྟར་བྱེད་རིང་རྒྱལ་ཁབ་ཀྱི་ཆར་ཟིལ་འཆར་གཞིའི་སློབ་རོགས་ཁ་གསབ་སྲིད་ཇུས་ལེགས་སྒྲིག་བྱས་ཡོད་ན། ལེགས་སྒྲིག་བྱས་རྗེས་ཀྱི་སྲིད་ཇུས་གཞིར་བཟུང་ལག་བསྟར་བྱ་དགོས།  
གཉིས།    ཁ་གསབ་ཆ་རྐྱེན།
༢༠༢༡ལོའི་སྟོན་དུས་སློབ་སྐབས་ནས་༢༠༢༥ལོའི་སྟོན་དུས་སློབ་སྐབས་བར་ཆ་རྐྱེན་འཛོམས་པའི་དབུལ་སྒྲོལ་ཁྱིམ་ཚང་(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་)གི་སློབ་གྲྭར་ཡོད་པའི་སློབ་མར་ཆར་ཟིལ་འཆར་གཞིའི་སློབ་རོགས་རོགས་དངུལ་ཐེངས་དང་པོ་ལོངས་སུ་སྤྱོད་རྗེས་སློབ་གྲྭར་སློབ་སྦྱོང་བྱེད་རིང་རོགས་སྐྱོར་སྲིད་ཇུས་རྒྱུན་མཐུད་ངང་ལོངས་སུ་སྤྱོད་རྒྱུ་ཡིན་པ་རེད། འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་རིང་ཆར་ཟིལ་འཆར་གཞིའི་སློབ་རོགས་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སློབ་གྲྭ་ཐོན་རྗེས་ཐད་ཀར་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའམ་མཐོ་རིམ་སློབ་གསོའི་སློབ་གྲྭ་དཀྱུས་མའི་སློབ་གྲྭར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད་མཁན་སློབ་མར་རོགས་དངུལ་སྲིད་ཇུས་དེ་མུ་མཐུད་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།    
གསུམ།   ལག་བསྟར་བྱེད་པའི་དུས་ཚོད།     
སྙན་ཞུའི་དུས་ཚོད་དེ“སྟོན་ཁའི”སློབ་སྐབས་དང“དཔྱིད་ཀའི”སློབ་སྐབས་གཉིས་སུ་དབྱེ་ཡོད།    གཅིག་ནི་སྟོན་དུས་སློབ་སྐབས་ཡིན་ཞིང་། 2024ལོའི་ཟླ་9ཚེས་10ཉིན་ནས་ཟླ་11ཚེས་10ཉིན་བར་སྙན་ཞུ་འབུལ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད། གཉིས་ནི་དཔྱིད་དུས་སློབ་སྐབས་ཡིན་ཞིང་། 2025ལོའི་ཟླ་3ཚེས་10ཉིན་ནས་ཟླ་5ཚེས་10ཉིན་བར་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།  
བཞི།   ཁ་གསབ་ཚད་གཞི།
རང་རེའི་རྫོང་ནི་རྒྱལ་ཁབ་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གི་ཁོངས་སུ་གཏོགས་པས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་གཞིར་བཟུང་དངོས་གཞིའི་ཚན་ཁག་གི་སློབ་མ་དང་། མཐོ་རིམ་ལས་རིགས་(ཆེད་ཚན་སློབ་གྲྭ་ཆེ་མོ། ལག་རྩལ་པ)སློབ་མ་རེར་སློབ་སྐབས་རེར་སྒོར་5000སྤྲོད་རྒྱུ་དང་། འབྲིང་རིམ་ལས་རིགས་(ལག་རྩལ་བཟོ་པ)སློབ་མ་དང་གྲ་སྒྲིག་ཚན་ཁག་གི་སློབ་མ་རེར་སློབ་སྐབས་རེར་སྒོར་2500ཟིན་གྱི་ཡོད།     
སློབ་མའི་ཁ་གསབ་དངུལ་གྲངས་ནི་མིག་སྔའི་སློབ་དུས་སུ་གནས་པའི་སློབ་རྒྱུས་དུས་རིམ་དེ་ཁ་གསབ་ཚད་གཞིར་བྱེད་དགོས། ཆར་ཟིལ་འཆར་གཞིའི་སློབ་རོགས་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་པ་དང་དུས་མཚུངས་རྒྱལ་ཁབ་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་རྩེག་སྣོན་ལོངས་སུ་སྤྱོད་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ལྔ།    སྙན་ཞུའི་ཞིབ་བཤེར།
(གཅིག)སྙན་ཞུ་འབུལ་སྟངས། སློབ་མ་ཚོས“ཆར་ཟིལ་འཕྲིན་ཡིག་ཤར་གཏོང་སླ་བའི”འཕྲིན་ཡིག་གི་གོ་རིམ་ཆུང་ངུ་བརྒྱུད་སྙན་ཞུ་འབུལ་གྱི་ཡོད། དངོས་གཞིའི་ཚན་ཁག་གི་སློབ་མ་དང་། མཐོ་རིམ་ལས་རིགས(ཆེད་ཚན་སློབ་ཆེན། ལག་རྩལ་པ)སློབ་མས་སློབ་གྲྭའི་འཕྲིན་ཡིག་དྲ་བའི་ཐོག་ཕབ་ལེན་བྱས་པའི་སློབ་མ་རང་ཉིད་ཀྱི་སློབ་སྐབས་དེའི་སློབ་གྲྭའི་སྐྱིད་སྡུག་ར་སྤྲོད་སྙན་ཞུ(གསར་བརྗེས་དུས་ཚོད་2024ལོའི་ཟླ་9ཚེས་10ཉིན་གྱི་རྗེས་ཡིན)མཁོ་འདོན་བྱེད་དགོས། གྲ་སྒྲིག་ཚན་ཁག་དང་འབྲིང་རིམ་ལས་རིགས(ལག་རྩལ་བཟོ་པ། འབྲིང་རིམ་ཆེད་ལས་སློབ་གྲྭ)ཀྱིས་སློབ་གྲྭའི་སློབ་གྲྭའི་སྐྱིད་སྡུག་དོ་དམ་སྡེ་ཚན་གྱིས་བྲིས་ནས་ཐེལ་ཙེ་བརྒྱབ་པའི་མཚོ་སྔོན་ཞིང་ཆེན་གྱིས་ཆར་ཟིལ་འཆར་གཞིའི་སློབ་རོགས་རོགས་དངུལ་གྱི་སློབ་གྲྭའི་སྐྱིད་སྡུག་གི་དཔང་ཡིག་འདོན་སྤྲོད་བྱེད་དགོས།
(གཉིས།)རྒྱུད་རིམ་ལྡན་པའི་ཞིབ་བཤེར་བྱ་རྒྱུ། ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ནི་སློབ་མས་“ཆར་ཟིལ་འཕྲིན་ཡིག་ཤར་གཏོང་སླ་བའི”རེ་ཞུ་འབུལ་བ། གྲོང་ཚོ་རིམ་པའི་གོང་ཞུ། ཤང་རིམ་པའི་ཐོག་མའི་ཞིབ་བཤེར། རྫོང་རིམ་པའི་ཞིབ་བཤེར་གཏན་འབེབས་བཅས་དང་གྲོང་ཚོ་རིམ་པའི་ཡོངས་བསྒྲགས་དང་ཤང་རིམ་པའི་ཡོངས་བསྒྲགས་དང་རྫོང་རིམ་པའི་ཡོངས་བསྒྲགས་དང་མ་དངུལ་གཏོང་སྤྲོད་བཅས་ཡིན་པ་རེད།    
(གསུམ།)སྤྱི་བསྒྲགས་བྱ་རྒྱུ། རིམ་པ་སོ་སོའི་ཡོངས་བསྒྲགས་ཉིན་བདུན་ལས་མི་ཉུང་བ་(ཡོངས་བསྒྲགས་བྱས་ཆོག)བྱ་རྒྱུ།     
ཁ་གསབ་རོགས་དངུལ་གྱི་མིང་ཐོ་གཏན་འཁེལ་བྱ་དགོས། ཡོངས་བསྒྲགས་ཀྱི་ནང་དོན་ནང་ཁྱིམ་བདག་གི་རུས་མིང་དང་། སློབ་མའི་རུས་མིང་ ཁྱིམ་ཚང་གི་སྡོད་གནས། སློབ་གྲྭའི་མིང་། སློབ་རིམ། སློབ་ཞུགས་དུས་ཚོད། ལོ་རིམ། ཁ་གསབ་དངུལ་གྲངས། ལྟ་སྐུལ་ཁ་པར་བཅས་ཚུད་ཡོད་པ་རེད། ཡོངས་བསྒྲགས་འདྲ་པར་ཚང་མ“ཆར་ཟིལ་འཕྲིན་གཏོང་སླ་བའི”ཆ་འཕྲིན་མ་ལག་ཏུ་བསྐུར་ནས་ཉར་ཚགས་བྱ་རྒྱུ་དང་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁ་གསབ་རོགས་དངུལ་གྱི་ཆ་རྐྱེན་དང་མི་མཐུན་པ་རྣམས་རྫོང་ཞིང་འབྲོག་ཚན་རྩལ་དང་ཆུ་བེད་ཅུས(གྲོང་གསེབ་དར་སྤེལ)ཀྱིས་ཞིབ་དཔྱད་ཞིབ་མཆན་བྱས་རྗེས་ཁ་གསབ་རོགས་དངུལ་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ།
(བཞི) ཁ་གསབ་ཡོངས་རྫོགས་ཁ་གསབ་ཡོངས་རྫོགས་ཁྱབ་དགོས། ཁ་གསབ་རོགས་དངུལ་གྱི་ཆ་རྐྱེན་དང་མཐུན་པའི་དབུལ་སྒྲོལ་ཁྱིམ་ཚང་(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་ཡོད་)ལ་ཁ་གསབ་བྱེད་དགོས་པ་ཚང་མ་ཁྱབ་ཐུབ་པ་བྱེད་དགོས། དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ཆོག་པ་བྱེད་དགོས། དམངས་ཕན་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།    
དྲུག   དོ་སྣང་བྱ་དོན།     
(གཅིག)དུས་ཚོད་ཀྱི་མཚམས་ཚིགས་སྟངས་འཛིན་བྱེད་དགོས། 2024ལོའི་ཟླ་9ཚེས་10ཉིན་ནས་ཟླ་11ཚེས་10ཉིན་བར་ནི་སྙན་ཞུའི་ཞིབ་བཤེར་དུས་ཚོད་ཡིན་ཞིང་། མ་ལག་སྒོ་འབྱེད་རིང་སྙན་ཞུའི་དུས་ཚོད་དང་མཉམ་དུ་ཞིབ་བཤེར་བྱེད་ཆོག མ་ལག་སྒོ་དབྱེའི་དུས་ཚོད་ནང་སྙན་ཞུའི་དུས་ཚོད་དང་མཉམ་དུ་ཞིབ་བཤེར་བྱེད་ཆོག
(གཉིས།)སྙན་ཞུ་འབུལ་སྟངས་ཉག་གཅིག་ནི། “ཆར་ཟིལ་འཕྲིན་ཡིག་ཤར་གཏོང་སླ་བའི”འཕྲིན་ཡིག་གི་གོ་རིམ་ཆུང་ཆུང་བརྒྱུད་ཡིག་ཐོག་སྙན་ཞུ་འབུལ་དགོས།     
(གསུམ།)ཁ་གསབ་སྤྲོད་པའི་རྩིས་ཐོའི་བླང་བྱ། སློབ་མས་སྙན་ཞུའི་ནང་བྲིས་པའི་ཐོ་ཁོངས་དེ་ངེས་པར་དུ་ཁྱིམ་ཚང་དེའི་ཁྱིམ་བདག་གི“བྱང་བུ་གཅིག་ཀུན་ཐོའི”ཐོ་ཁོངས(སྤྱི་ཚོགས་འགན་བཅོལ་བྱང་བུ་ཁོངས)ཡིན་དགོས་པ་ལས་དངུལ་ཁང་གི་བྱང་བུ་གཞན་དག་འཇོག་མི་ཆོག
(བཞི།)སྡོད་གནས་ཀྱི་བླང་བྱ། ཁྱིམ་ཐོ་གནས་ཡུལ་ཚད་གཞིར་འཛིན་དགོས།    


囊谦乡村振兴
乡村振兴政策宣传,乡村振兴政策解读,乡村振兴动态发布
 最新文章