欢迎提供新闻线索:lztvxwb@qq.com
习近平对西藏日喀则市定日县6.8级地震作出重要指示 在拉孜县干部群众当中引起强烈反响
ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བར་ལྷ་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་དྲག་པོ་བྱུང་བ།
1月7日,西藏日喀则市定日县发生6.8级地震。地震发生当日,习近平总书记高度重视并作出重要指示。1月9日,习近平总书记主持中共中央政治局常务委员会会议,对抗震救灾工作作出部署。
ཟླ་1ཚེས་7ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད་པས། ས་ཡོམ་བརྒྱབ་རྗེས་ཉིན་དེ་རང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཡོད་པ་དང་། ཟླ་1ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བཀོད་སྒྲིག་གནང་ཡོད།
近日,拉孜县召开县委常委扩大会议,认真学习贯彻习近平总书记对西藏定日县地震作出的重要指示精神。会议强调,全县上下要深刻领会习近平总书记重要指示的核心要义,充分认识抗震救灾工作的重要性和紧迫性,把思想和行动统一到党中央决策部署上来。要全力配合做好抗震救灾各项工作,切实保障受灾群众基本生活,加快灾后恢复重建,确保受灾群众温暖过冬,尽快恢复灾区正常生产生活秩序。
ཉེ་ཆར། ལྷ་རྩེ་རྫོང་གིས་རྫོང་ཨུད་རྒྱུན་ཨུད་ཀྱི་(རྒྱ་ཆེ)ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཡོད་པ་རེད། ཚོགས་འདུའི་ཐོག རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པའི་སྙིང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡོམ་འགོག་གེགས་སེལ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་ཁག་ལ་གཞོགས་འདེགས་ལེགས་པར་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་། གནོད་འཚེ་ཕོག་རྗེས་སླར་གསོ་བསྐྱར་སྐྲུན་བྱ་ཤུགས་མགྱོགས་སུ་གཏོང་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སོབ་སོབ་ཀྱི་དགུན་དུས་ཤིག་སྐྱེལ་ཐུབ་རྒྱུར་འགན་ལེན་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བཅས་བྱ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཟླ་1ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས། དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ཆུ་ཤར་གྲོང་རྡལ་ནི་ད་ཐེངས་གནོད་འཚེ་ཅུང་ཚབས་ཆེ་བའི་ཤང་གྲོང་གི་གྲས་ཤིག་ཡིན་པའི་ངོས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེགས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་གནང་བ་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་པའི་བསམ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་སྒྱུར་ཐུབ་པ་བྱ་རྒྱུ་དང་། ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ནང་ཞུགས་པའི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། གཤམ་གྱི་ལས་ཀའི་ཁྲོད་རང་ཉིད་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། གཞིས་རྩེ་གྲོང་ཨུད་དང་ལྷ་རྩེ་རྫོང་ཨུད་ཀྱི་ལས་ཀའི་བླང་བྱ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ནས། མང་ཚོགས་བཀོད་སྒྲིག་དང་། དངོས་ཟོག་གཏོང་ལེན། ས་ཡོམ་རྗེས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཁག་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། འབྲས་དང་། གྲོ་ཞིབ། ཟ་སྣུམ། རྩམ་པ། གྱོན་གོས་སོགས་གཞི་རྩའི་འཚོ་བའི་མཁོ་ཆས་དུས་ཐོག་ཏུ་མང་ཚོགས་ཀྱི་ལག་ཏུ་སྤྲད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་ཐད་འགན་ལེན་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཏང་ཀྲུང་དབྱང་གི་དྲོ་སྐྱིད་དང་ཐུགས་ཁུར་དངོས་སུ་ཚོར་ཐུབ་པ་བྱ་རྒྱུ་ཡིན།
在总书记的关心和指导下,在各方的共同努力下,拉孜县地震救援工作紧张有序进行,受灾群众基本生活得到保障。这让我们坚信,只要在党的坚强领导下,全体村民齐心协力,就没有克服不了的困难,一定能在灾后重建家园,让村子更加美好,也能在今后的工作中,面对各种困难和挑战时,保持坚定的信心和决心,带领村民走向幸福生活。
རང་ཉིད་ནི་གཞི་རིམ་གྲོང་གསེབ་ཀྱི་ཆེད་དོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་མཛུབ་སྟོན་གལ་ཆེན་གནང་བར་ངས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་། རྗེས་འཇུག་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ། བདེ་འཇགས་ལྡན་པ་དང་དང་དྲོ་སྐྱིད་ལྡན་པའི་དགུན་དུས་ཤིག་སྐྱེལ་ཐུབ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་ལྟར། གཞི་རིམ་གྲོང་གསེབ་ཀྱི་ཆེད་དོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། མང་ཚོགས་ཀྱི་འཚོ་བའི་དགོས་མཁོར་དོ་ཁུར་ཏན་ཏིག་བྱེད་པ་དང་། གྲོང་ཚོའི་ནང་དཀའ་ངལ་ཆེ་བའི་མང་ཚོགས་དང་འཚོ་བ་སྐྱོ་བའི་རིགས་ལ་དོ་ཁུར་བྱས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་འབྲེལ་རོགས་རམ་བྱས་ནས། དམིགས་བསལ་དུས་སྐབས་སུ། དངོས་ཟོག་བགོ་བཤའི་སྒྲིག་འཛུགས་ཧུར་ཐག་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཟས་གོས་སྡོད་གསུམ་ལ་འགན་ལེན་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་ཡིན།、
记 者:索朗次仁
编 辑(初审):巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音