དགོང་མོ་གཉིད་ཉལ་དུས་རྐང་པའི་ཉྭ་རིལ་འགྱུར་རྐྱེན་དང་འགོག་ཐབས།

民生   2025-01-02 11:34   西藏  

欢迎提供新闻线索:lztvxwb@qq.com

     ང་ཚོ་མི་མང་པོ་ཞིག་དགོང་མོ་གཉིད་ཉལ་དུས་གློ་བུར་དུ་རྐང་པའི་ཉྭ་འགྱུར་ནས་ན་ཟུག་ཚད་མེད་བཏང་སྟེ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་བཞིན་ག་བྱེད་འདི་བྱེད་མེད་པར་ལུས་ཀྱི་ཡོད། དེ་ནི་གཟུགས་པོར་འཚོ་རྒྱུ་ཀལ་མ་འདང་བའི་རྐྱེན་གྱིས་རེད་ལ། དེ་མིན་རྒྱུ་རྐྱེན་གཞན་དག་ཀྱང་མང་པོ་ཡོད། གང་ལྟར་རྒྱུ་རྐྱེན་མང་པོའི་དབང་གིས་རྐང་པ་ཉྭ་འགྱུར་བའི་གནས་ཚུལ་ལ་གཞིགས་ནས་སྔོན་འགོག་བྱེད་ཐབས་ཀྱང་མི་འདྲ་བ་ཁག་མང་པོ་ཡོད་པ་གཤམ་གསལ།

1 འཚོ་བཅུད་ཀལ་མ་འདང་བའི་རྐྱེན་དང་འགོག་ཐབས།

     ཀལ་གྱེས་རྡུལ་གྱིས་ཤ་གནད་འཁུམ་པའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཁྲག་རྒྱུན་ནང་ཀལ་གྱེས་རྡུལ་གྱི་གར་ཚད་དམའ་དྲགས་སྐབས། ཤ་གནད་ཀྱི་ཚོར་ཤེས་ཇེ་ཆེར་འཕེལ་བའི་དབང་གིས་ཉྭ་འགྱུར་གྱི་ཡོད། དེར་བརྟེན་དུས་རྒྱུན་དུ་འཚོ་རྒྱུ་ཀལ་གྱི་འདུས་ཚད་མཐོ་བའི་ཟས་རིགས་དཔེར་ན། འོ་མ་དང་། སྔོ་ཚལ། སྲན་རིགས་སོགས་མང་ཙམ་བསྟེན་དགོས།

2 གཟུགས་པོ་འཁྱགས་པའི་རྐྱེན་དང་འགོག་ཐབས།

     གལ་ཏེ་དགོང་མོ་གཉིད་ཉལ་དུས་ཉལ་ཆས་ཡག་པོ་མ་གྱོན་ན། རྐང་པའི་ཤ་གནད་འཁྱགས་ནས་ཉྭ་འགྱུར་བའི་གནས་ཚུལ་འབྱུང་སྲིད་པས། དགོང་མོ་དྲོ་བཅོས་ཡག་པོ་བྱེད་དགོས།

3 ཁྲག་འཁོར་རྒྱུག་ཡག་པོ་མེད་པའི་རྐྱེན་དང་འགོག་ཐབས།

     གལ་ཏེ་རྐང་པའི་ཤ་གནད་གི་ཁྲག་འཁོར་རྒྱུག་ཡག་པོ་མེད་ཅིང་། རྩ་འབམ་དང་རྐང་ངར་འཕར་རྩ་རེངས་འགྱུར་སོགས་ཀྱི་ནད་གཞི་ཡོད་ན་ཉྭ་འགྱུར་སྲིད། མི་ཚོགས་དེ་རིགས་ཀྱིས་དུས་ཐོག་ཏུ་ནད་ལ་དཔག་པའི་སྐབས་བསྟུན་སྨན་བཅོས་བྱ་དགོས།

4 གཉིད་ཉལ་སྟངས་ཡག་པོ་མེད་པའི་རྐྱེན་དང་འགོག་ཐབས།

     དཔེར་ན། དུས་ཡུན་རིང་པོར་གན་རྐྱལ་དུ་ཉལ་ནས་ཉལ་ཆས་ཀྱིས་རྐང་ངོས་མནན་པའམ་ཡང་ན་དུས་ཡུན་རིང་པོར་སྦོ་ཉལ་བྱས་ནས་རྐང་ངོས་ཀྱིས་ཉལ་ཁྲི་མནན་པ་ཡིན་ན་ཉྭ་འགྱུར་བའི་གནས་ཚུལ་འབྱུང་སྲིད། དེ་དུས་ཉལ་སྟངས་མི་འདྲ་བ་མང་ཙམ་ཚོད་ལྟ་བྱས་ཏེ་རང་ཉིད་ལ་འཚམ་པའི་ཉལ་སྟངས་ཡག་པོ་ཤིག་འཚོལ་ཞིབ་ཐུབ་པ་བྱ་དགོས། ། 

来 源:中央广播电视总台藏语

编 辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章