如何应对地震后的心理创伤

健康   2025-01-17 17:20   西藏  

如何应对

地震后的心理创伤

#认识震后心理调适情绪指南#

心理咨询援助热线

西藏自治区第二人民医院精神卫生中心已公布地震灾后心理咨询援助热线电话【17354519220】


地震过后,如何自我调适?

ས་ཡོམ་བརྒྱབ་རྗེས་ཇི་ལྟར་བྱས་ནས་རང་ཉིད་ཀྱིས་སེམས་ཁམས་ལེགས་སྒྲིག་བྱེད་དགོས་སམ།

从某种意义上来讲,每一个见证灾难的人都是受难者,人们会出现一系列的从躯体到心理行为的改变。虽然这些反应都是正常反应,但如果这些反应长期存在,无疑会对今后的生活产生十分不利的影响。我们该怎么办?

དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན།གནོད་འཚེ་དངོས་སུ་མཐོང་མཁན་གྱི་མི་ཚང་མ་ནི་གནོད་འཚེ་ཕོག་མཁན་ཡིན་པས། མི་རྣམས་ལ་ལུས་ཁམས་དང་སེམས་ཁམས་ཀྱི་སྤྱོད་ལམ་ལ་འགྱུར་ལྡོག་རབ་དང་རིམ་པ་ཡོང་སྲིད།འགྱུར་འབྱུང་འདི་དག་ཚང་མ་རྒྱུན་ལྡན་གྱི་འགྱུར་འབྱུང་ཡིན་མོད། འོན་ཀྱང་གལ་ཏེ་འགྱུར་འབྱུང་འདི་དག་ཡུན་རིང་གནས་ན། མ་འོང་པའི་འཚོ་བར་ཤུགས་རྐྱེན་ངན་པ་ཐོན་ངེས་ཡིན།བྱས་ན་ང་ཚོས་ཅི་ལྟར་བྱེད་དགོས་སམ་ཞེ་ན།

心理专家建议,您可以试试以下方法:

སེམས་ཁམས་ནད་རིགས་ཀྱི་ཆེད་ལས་མཁས་དབང་གིས་ཁྱེད་རང་གི་གཤམ་གསལ་ཐབས་ཤེས་དེ་དག་ཚོད་ལྟ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།

    分享正确信息:与其他民众一起分享关于灾难救援的准确信息,并且寻求可能的帮助,但是一定不要轻信谣言,要通过官方渠道确认您所获得信息的准确性。

ཡང་དག་པའི་ཆ་འཕྲིན་མཉམ་སྤྱོད་བྱེདདགོས། དམངས་ཚོགས་གཞན་དག་དང་མཉམ་དུ་གནོད་འཚེ་རོགས་སྐྱོབ་སྐོར་གྱི་ཡང་དག་པའི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་མ་ཟད།རོགས་རམ་བྱེད་ཐུབ་མིན་འཚོལ་ཞིབ་བྱེད་དགོས། འོན་ཀྱང་དཀྲོག་གཏམ་ལ་ཡིད་ཆེས་བྱེད་མི་རུང་། ཡིན་ཅིག་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་ཁྱེད་རང་ལ་ཐོབ་པའི་ཆ་འཕྲིན་ཡང་དག་ཡིན་མིན་གཏན་འཁེལ་ཐུབ་པ་བྱེད་དགོས།

传递社会支持:尽可能多地与家人和朋友待在一起,他们能陪伴我们度过这一困难的时段。如果您的家庭不在地震地区,您也可以通过电话等方式与亲友进行交谈。如果您有小孩,您感觉事件对他有影响,可以鼓励他们跟您分享关于地震的感受。

སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བརྒྱུད་སྤྲོད་བྱེད་དགོས། ནང་མི་དང་སྤུན་གྲོགས་དང་མཉམ་དུ་སྡོད་གང་ཐུབ་བྱེད་དགོས། ཁོང་ཚོས་ང་ཚོར་རོགས་རམ་བྱས་ནས་དཀའ་ངལ་གྱི་དུས་མཚམས་ལས་བརྒལ་ཐུབ། གལ་ཏེ་ཁྱེད་ཀྱི་ཁྱིམ་ཚང་ས་ཡོམ་ཐེབས་པའི་ས་ཁུལ་དུ་མེད་ན། ཁྱེད་ཀྱིས་ཁ་པར་སོགས་ཀྱི་ཐབས་ལ་བརྟེན་ནས་གཉེན་ཉེ་དང་གྲོགས་པོ་དང་གླེང་མོལ་གང་མང་བྱེད་ཐུབ་པ་བྱེད་དགོས། གལ་ཏེ་ཁྱེང་རང་ལ་བྱིས་པ་ཡོད་ན། ཁྱེད་རང་གིས་དོན་རྐྱེན་གྱིས་བྱིས་པར་ཤུགས་རྐྱེན་ཐེབས་པའི་ཚོར་བ་ཡོད་ན། ཁོ་ཚོར་ཁྱེད་རང་ལ་ས་ཡོམ་སྐོར་གྱི་མྱོང་ཚོར་མཉམ་སྤྱོད་བྱ་རྒྱུའི་སྐུལ་མ་གཏོང་གང་ཐུབ་བྱ་དགོས།

 

接受伤痛的感觉:不要勉强自己去忘掉它,地震伤痛的感觉会跟随您一段时间,这是正常的现象。

ན་ཟུག་གི་ཚོར་བ་དང་ལེན་བྱེད་དགོས།  རང་ཉིད་ལ་བཙན་ཤེད་ཀྱིས་གནས་ཚུལ་དེ་བརྗེད་པ་བྱ་མི་རུང་། ས་ཡོམ་གྱི་ན་ཟུག་གི་ཚོར་བ་འདི་དུས་ཡུན་ངེས་ཅན་ཞིག་ཁྱེད་ཀྱི་རྗེས་སུ་འབྲངས་སྲིད་པས་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།

照顾好自己:尽可能多休息并且吃好。如果你吸烟或喝浓茶、咖啡,应该尽可能地减少摄入量。避免饮酒,虽然酒精能让人暂时忘记痛苦,但是从长期的角度来看,它只能增加问题的严重性。工作或开车一定要小心,因为在重大灾难的压力过后,意外(如车祸)可能会更容易发生。

རང་ཉིད་ལ་བདག་སྐྱོང་ཡག་པོ་བྱེད་དགོས།ངལ་གསོ་མང་ཙམ་རྒྱག་པ་མ་ཟད་ལྟོ་ཆས་ཡག་པོ་ཟ་དགོས། གལ་ཏེ་ཁྱེད་རང་ཐ་མག་འཐེན་པའམ་ཇ་གར་པོ་དང་ཁ་ཧྥེ་འཐུང་རྒྱུར་དགའ་པོ་ཡོད་ཚེ། འཐེན་ཚད་དང་འཐུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཆང་རག་འཐུང་མི་རུང་། ཆང་རག་གིས་མི་རྣམས་ལ་གནས་སྐབས་སྡུག་བསྔལ་བརྗེད་དུ་འཇུག་ཐུབ་མོད། འོན་ཀྱང་ཡུན་རིང་གི་ངོས་ནས་བཤད་ན། དེས་གནད་དོན་གྱི་ཚབས་ཆེ་བའི་རང་བཞིན་ཇེ་ཆེར་གཏོང་རྒྱུ་ལས་མེད། ལས་ཀ་བྱེད་པའམ་ཡང་ན་རླངས་འཁོར་གཏོང་དུས་ངེས་པར་དུ་ཡིད་གཟབ་བྱེད་དགོས། གང་ལགས་ཤེ་ན། གནོད་འཚེ་ཚབས་ཆེན་གྱི་གནོན་ཤུགས་རྗེས་སུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་མང་སྟེ། དཔེར་ན་རླངས་འཁོར་དོན་རྐྱེན་ལྟ་བུ་དེ་བས་ཐོན་སླ་བ་ཡོད།

 

    减少对地震场景的接触:不断地看报纸或电视、手机上的地震新闻,只能增加我们的压力,适当地了解正确的信息即可。

ས་ཡོམ་གྱི་ངང་ཚུལ་ལས་གཡོལ་གང་ཐུབ་བྱེད་དགོས། ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན། ཁ་པར་ནང་ནས་ས་ཡོམ་གྱི་གསར་འགྱུར་རྒྱུན་ཆད་མེད་པར་བལྟས་ན། ང་ཚོའི་གནོན་ཤུགས་ཇེ་ཆེར་འགྲོ་བས། ཡང་དག་པའི་ཆ་འཕྲིན་ལ་རྒྱུས་ལོན་འོས་འཚམ་བྱས་ན་ཡག་ཤོས་རེད།

做喜欢的事情:找时间进行一些我们所喜爱的活动,例如,阅读书籍、看电影、进行体育活动等,这些健康的活动能够帮助我们去除脑海中关于地震的印象。

དགའ་བའི་ལས་ཀ་བྱེད་དགོས། དུས་ཚོད་བཙལ་ནས་རང་ཉིད་དགའ་བའི་ལས་ཀ་བྱེད་དགོས། དཔེར་ན། དཔེ་དེབ་ཀློག་པ་དང་། གློག་བརྙན་ལྟ་བ། ལུས་སྦྱོང་བྱེད་པ་སོགས། བདེ་ཐང་གི་བྱེད་སྒོ་འདི་དག་གིས་ང་ཚོའི་ཀླད་པའི་ནང་གི་ས་ཡོམ་སྐོར་གྱི་བག་ཆགས་མེད་པར་བཟོ་ཐུབ།

主动参与:不要让我们自己变得被动,或完全依赖他人的帮助,参与那些与自己有关事情的决策,尽可能地解决自己的问题。如果可以的话,就重新回到自己的工作岗位,并且承担起自己在家庭中应有的角色。

རང་འགུལ་ངང་ཞུགས་དགོས། ང་ཚོ་རང་ཉིད་གཞན་དབང་དུ་འགྱུར་བའམ་ཡང་ན་མི་གཞན་གྱི་རོགས་རམ་ལ་རྦད་དེ་བརྟེན་ནས་མི་སྡོད་པ་དང་། རང་ཉིད་དང་འབྲེལ་བ་ཡོད་པའི་དོན་དག་གི་ཐབས་ཇུས་ལ་ཞུགས་གང་ཐུབ་བྱས་ནས་རང་ཉིད་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས།ཡག་ཤོས་བྱུང་ན། ཡང་བསྐྱར་རང་ཉིད་ཀྱི་ལས་གནས་སུ་ལོག་དགོས་པ་མ་ཟད། རང་ཉིད་ཀྱི་ཁྱིམ་ཚང་ནང་གི་འགན་འཁྲི་ཡང་འཁུར་ཐུབ་པ་བྱ་དགོས།

建立连接:不要把自己与别人孤立起来,在坦诚地接受别人关心和帮助的同时,也真诚地帮助别人做一些积极而有意义的事情,如献血、参加地震重建工作等,通过帮助别人能够弥合由地震带来的失控感。

འབྲེལ་མཐུད་དམ་ཟབ་འཛུགས་དགོས། རང་ཉིད་མི་གཞན་ལས་གཡོལ་ཏེ་ཁེར་རྐྱང་དུ་མི་སྡོད་པ་དང་། ལྷག་བསམ་རྣམ་དག་གིས་མི་གཞན་གྱི་སེམས་ཁུར་དང་རོགས་རམ་དང་ལེན་བྱེད་པ། དུས་མཚུངས་སུ་ལྷག་བསམ་རྣམ་དག་གིས་མི་གཞན་ལ་ཕན་པ་ཡོད་པ་དང་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་རོགས་བྱེད་པ། དཔེར་ན། ཁྲག་ཞལ་འདེབས་རྒྱག་པ་དང་། ས་ཡོམ་གྱི་བསྐྱར་སྐྲུན་ལས་ཀར་ཞུགས་པ་སོགས་བྱ་དགོས། མི་གཞན་ལ་རོགས་རམ་བྱས་པ་བརྒྱུད་ས་ཡོམ་ལས་བྱུང་བའི་ཚོད་འཛིན་ཤོར་བའི་ཚོར་བ་སེལ་ཐུབ།

寻求帮助:在有需要的时候应寻求帮助,如果你觉得自己不能摆脱地震感受的时候,告诉您的亲友或者寻求专业的心理辅导,把您内心的感受向有能力帮助您的人诉说,与他们讨论你该如何应对这一事件,不要试图自己独立面对。

རོགས་རམ་འཚོལ་ཐུབ་པ་བྱེད་དགོས། དགོས་མཁོ་ཡོད་དུས་རོགས་རམ་འཚོལ་ཐུབ་པ་བྱེད་དགོས། གལ་ཏེ་ཁྱེད་རང་ས་ཡོམ་གྱི་མྱོང་ཚོར་ལས་ཐར་མི་ཐུབ་པར་སྣང་བ་ཐོན་ཚེ། ཁྱེད་རང་གི་ནང་མི་སྤུན་མཆེད་དང་གྲོགས་པོ་གྲོགས་མོར་བཤད་པའམ་ཡང་ན་ཆེད་ལས་ཀྱི་སེམས་ཁམས་བློ་ཁྲིད་འཚོལ་གང་ཐུབ་བྱེད་དགོས། ཁྱེད་རང་ལི་ནང་སེམས་ཀྱི་མྱོང་ཚོར་རོགས་རམ་བྱེད་པའི་ནུས་པ་ཡོད་པའི་མི་ལ་ཇི་མ་ཇི་བཞིན་བཤད་དགོས། ཁྱེད་རང་གིས་ས་ཡོམ་གྱི་དོན་རྐྱེན་འདིར་ཇི་ལྟར་ཁ་གཏད་གཅོག་དགོས་མིན་ལ་ཁོ་ཚོ་དང་གྲོས་བསྡུར་བྱེད་པ་ལས། རང་ཉིད་ཀྱིས་རང་ཚུགས་ངང་ཁ་གཏད་གཅོག་རྒྱུ་ཚོད་ལྟ་བྱས་ནས་བསྡད་མི་རུང་།

一定要记住,寻求帮助并不是弱者的表现,寻求帮助是一种能力!

ངེས་པར་དུ་སེམས་ནང་ངེས་དགོས་པ་ནི། རོགས་རམ་འཚོལ་བ་ནི་ཉམས་ཞན་ནམ་རང་ཉིད་སྐྱོ་པོ་ཡིན་པ་རྩ་བ་ནས་མིན། རོགས་རམ་འཚོལ་བ་ནི་འཇོན་ནུས་ཤིག་ཡིན།


【END】


供稿:中心健教所

编辑:扎西央宗

审核:  袁小兰


西藏疾控
西藏自治区疾病预防控制中心主要承担西藏地区的疾病预防与控制、应急预警与处理、疫情收集与报告、监测检验与评价、健康教育与促进等政府对社会的疾病控制职能。
 最新文章