如
何
应
对
地震后的心理创伤
震后出现心理应激反应,是正常的吗?
ས་ཡོམ་བརྒྱབ་རྗེས་སེམས་ཁམས་ཀྱི་ཚོར་བསྟུན་འགྱུར་འབྱུང་བྱུང་བ་ནི་རྒྱུན་ལྡན་ཡིན་ནམ།
面对突如其来的地震,不同人群在心理、生理、社会等层面均表现出一系列的应激反应。
གློ་བུར་དུ་བྱུང་བའི་ས་ཡོམ་གྱི་མདུན་དུ་མི་སུ་ཞིག་ཡིན་ཡང་སེམས་ཁམས་དང་། ལུས་ཁམས། སྤྱི་ཚོགས་སོགས་ཀྱི་ཐད་ནས་ཚོར་བསྟུན་གྱི་འགྱུར་འབྱུང་རབ་དང་རིམ་པ་ཐོན་སྲིད།
应激反应是当人们面对新异的、不可预测的、不可控制的刺激时,或当前情境超出自己的承受能力时,表现出的与平常状态下不同的特异性反应。
ཚོར་བསྟུན་གྱི་འགྱུར་འབྱུང་ནི་མི་རྣམས་ཀྱིས་དཔེ་གསར་པ་དང་། སྔོན་དཔག་བྱེད་མི་ཐུབ་པ། ཚོད་འཛིན་བྱེད་མི་ཐུབ་པའི་ཤུགས་རྐྱེན་འཕྲད་སྐབས་སམ་ཡང་ན་མིག་སྔའི་ཁོར་ཡུག་རང་ཉིད་ཀྱི་བཟོད་ནུས་ལས་བརྒལ་སྐབས། དུས་རྒྱུན་གྱི་ངང་ཚུལ་དང་མི་འདྲ་བའི་དམིགས་ཁྱད་རང་བཞིན་གྱི་འགྱུར་འབྱུང་ལ་ཟེར།
震后,无论是幸存者还是救援人员,甚至是通过媒体报道获知震灾信息的非灾区居民,有些人会不同程度地产生创伤后的心理反应,这是大家对异常环境和事件的正常反应。例如,受灾者会因为在地震中失去所爱的人、家园和财产,或者自身留下伤残,而使生活的希望、梦想和人生观受到打击,可能会因为迁离自己的家园而感到无助或难以接受,救援人员会因为目睹地震中的悲惨场景或经历救援过程的艰难危险,而产生内疚或者自责等。
ས་ཡོམ་བརྒྱབ་རྗེས། སྲོག་ཉེན་ལས་ཐར་མཁན་ཡིན་ནའང་འདྲ། རོགས་སྐྱོབ་མི་སྣ་ཡིན་ནའང་འདྲ། ཐ་ན་སྨྱན་སྦྱོར་ཐོག་ནས་ས་ཡོམ་གྱི་གནོད་འཚེའི་ཆ་འཕྲིན་ཤེས་རྟོགས་བྱུང་བའི་གནོད་སྐྱོན་བྱུང་ཁུལ་མིན་པའི་མང་ཚོགས་ལ་ལར་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་རྗེས་ཀྱི་སེམས་ཁམས་འགྱུར་འབྱུང་ཐོན་སྲིད། དེ་ནི་ཚང་མས་རྒྱུན་ལྡན་མིན་པའི་ཁོར་ཡུག་དང་དོན་རྐྱེན་ལ་རྒྱུན་ལྡན་གྱི་ལྟ་སྟངས་འཛིན་པ་ཡིན་ཏེ། དཔེར་ན། གནོད་འཚེ་ཕོག་མཁན་གྱིས་ས་ཡོམ་ཁྲོད་དགའ་སའི་མི་དང་། ཁྱིམ་ཚང་། རྒྱུ་ནོར་བཅས་ཤོར་བའམ་ཡང་ན་རང་ཉིད་ལ་དབང་པོ་སྐྱོན་ཆག་བྱུང་བས་འཚོ་བའི་རེ་བ་དང་། ཕུགས་འདུན། མི་ཚེའི་ལྟ་བ་བཅས་ལ་ཕོག་རྡུང་ཐེབས་པ་དང་། རང་ཉིད་ཁྱིམ་ཚང་དང་ཁ་བྲལ་བའི་དབང་གིས་ནང་མིར་རོགས་རམ་བྱེད་མི་ཐུབ་པའམ་དང་ལེན་བྱེད་དཀའ་བའི་ཚོར་སྣང་། རོགས་སྐྱོབ་མི་སྣས་ས་ཡོམ་ཁྲོད་ཀྱི་ཡ་ང་བའི་གནས་ཚུལ་མཐོང་བའམ་ཡང་ན་རོགས་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་དང་ཉེན་ཁ་འཕྲད་པའི་དབང་གིས་འགྱོད་པ་སྐྱེ་བའམ་ཡང་ན་རང་ལ་སྐྱོན་འཛུགས་བྱེད་པ་སོགས་ཚུད་ཀྱི་ཡོད།
地震给人带来了哀伤、抑郁、痛苦、内疚、愤怒、无助、丧失信心等心理反应,这些反应通常是正常而又短暂的,并不是病态的。
ས་ཡོམ་གྱིས་མི་རྣམས་ལ་བློ་ཕམ་པ་དང་། སྐྱོ་སྣང་སྐྱེ་བ། སྡུག་བསྔལ་སྐྱེ་བ། འགྱོད་སེམས་སྐྱེ་བ། ཁོང་ཁྲོ་ལངས་པ། བྱེད་ཐབས་གང་ཡང་མེད་པ། ཡིད་ཐང་ཆད་པ་སོགས་སེམས་ཁམས་ཀྱི་འགྱུར་འབྱུང་ཐོན་སྲིད། འགྱུར་འབྱུང་འདི་དག་ནི་རྒྱུན་ལྡན་ཡིན་ལ་དུས་ཐུང་ཞིག་ཡིན་པ་ལས། ནད་ཕོག་པའི་རྟགས་གང་ཡང་མིན།
那些认为震后会出现心理疾病蔓延的说法是没有事实依据的。一般而言,地震过后人们会陆续出现情绪、躯体反应,认知或行为改变。
ས་ཡོམ་བརྒྱབ་རྗེས་སེམས་ཁམས་ཀྱི་ནད་རིགས་མཆེད་པར་འདོད་པའི་བཤད་ཚུལ་དེ་དག་ལ་དོན་དངོས་ཀྱི་གཞི་འཛིན་ས་གང་ཡང་མེད། སྤྱིར་བཏང་བྱས་ན། ས་ཡོམ་བརྒྱབ་རྗེས་མི་རྣམས་ལ་གཅིག་རྗེས་གཉིས་མཐུད་དུ་སེམས་ཁམས་དང་ལུས་པོའི་འགྱུར་འབྱུང་དང་། ངེས་ཤེས་སམ་བྱ་སྤྱོད་ལ་འགྱུར་ལྡོག་ཡོང་སྲིད།
您可能会有这样的担心或感受:1.担心自己会崩溃或无法控制自己。2.觉得无助,没有人可以帮助我。3.觉得自己好脆弱,人生好无常。4.为亲人或他人的伤亡感到很难过、很悲痛。5.思念逝去的亲人,觉得很空虚。6.不知道将来该怎么办,感觉前途渺茫。7.期待赶快重建家园。
ཁྱེད་རང་ལ་སེམས་ཁྲལ་དང་མྱོང་ཚོར་འདི་འདྲ་ཡོང་སྲིད་དེ། ༡ རང་ཉིད་སྦོ་ལུག་པའམ་ཡང་ན་རང་ཉིད་ཚོད་འཛིན་བྱེད་ཐབས་བྲལ་བའི་སེམས་ཁྲལ་དང་། ༢ རོགས་རམ་བྱེད་མཁན་མེད་པའི་ཚོར་བ་སྟེ། ང་ལ་རོགས་རམ་བྱེད་མཁན་གཅིག་ཀྱང་མི་འདུག་སྙམ་པ། ༣ རང་ཉིད་ཧ་ཅང་གི་ཉམས་ཞན་དང་མི་ཚེར་སྙིང་པོ་མི་འདུག་སྙམ་པ།༤ སྤུན་མཆེད་དང་མི་གཞན་ཤི་རྨས་བྱུང་བར་སེམས་སྡུག་དང་སྐྱོ་སྣང་ཚད་མེད་སྐྱེ་བ། ༥ ཚེ་ལས་འདས་པའི་སྤུན་མཆེད་དྲན་པ་དང་། སྟོང་ལྷང་ལྷང་དུ་ལུས་པའི་སྣང་བ། ༦ མ་འོངས་པར་ཅི་ལྟར་བྱེད་དགོས་མི་ཤེས་པ་དང་། ཕུགས་མདུན་མེད་པའི་ཚར་སྣང་། ༧ གང་མགྱོགས་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པའི་རེ་བ་སོགས།
面对家人或亲友的伤亡,您可能会有这些想法:1.怨恨自己没有能力救出家人。2.希望伤亡的人是自己而不是亲人,觉得对不起家人。3.觉得上天怎么可以对自己这么不公平。4.不断地期待奇迹出现,却一再失望。
ནང་མི་དང་སྤུན་གྲོགས་གྲོངས་པ་དང་རྨས་སྐྱོན་བྱུང་ཚེ་ཁྱེད་ལ་བསམ་ཚུལ་འདི་དག་ཡོད་སྲིད། ༡ རང་ཉིད་ལ་ནང་མི་དང་སྤུན་གྲོགས་སྐྱོབ་པའི་ནུས་པ་མེད་པར་འཁོན་འཛིན་བྱེད་པ། ༢ གྲོངས་མཁན་དང་རྨས་སྐྱོན་ཕོག་པའི་མི་ནི་རང་ཉིད་ཡིན་པ་ལས་སྤུན་གྲོགས་མིན་པ་དང་། ནང་མིར་དགོངས་པ་མ་ཚོམ་སྙམ་པ། ༣ དཀོན་མཆོག་གིས་རང་ཉིད་ལ་འདི་འདྲའི་དྲང་གཞག་མིན་པ་གང་འདྲ་ཡིན་ནམ་སྙམ་པ། ༤ རྒྱུན་ཆད་མེད་པར་བསམ་ཡུལ་ལས་འདས་པའི་རེ་སྒུག་བྱས་ཀྱང་ཡང་ནས་བསྐྱར་དུ་རེ་བ་སྟོང་ཟད་དུ་ཕྱིན་པ།
您还可能会有这些身心不适:
ཁྱེད་རང་ལ་ད་དུང་ལུས་སེམས་མི་བདེ་བ་འདི་དག་ཡོད་སྲིད།
1.执行力差:头晕眼花,做事会莫名其妙出错。2.紧张不安:多汗、脸颊潮红、心跳加速、呼吸急促、失眠、多梦。3.心情忧郁:没胃口、闷闷不乐、做任何事都没兴趣。4.行为退缩:不太想接触人群或做事。5.负性记忆:不断涌现有关地震的回忆和感觉。6.坐立不安:经常感觉有余震而坐立不安。7.负性联想:想起地震,会引发强烈的心理痛苦和身体不适。8.过度敏感:无法成眠、睡不深、易生气、易受惊吓、注意力不集中。9.逃避冲动:试着逃避有关地震(或勾起地震回忆的)一切,不想说话或接近灾区。10.麻木失落:觉得和别人有隔离感,失去喜欢的能力,对未来不抱希望。
༡ ལག་བསྟར་བྱེད་ནུས་ཞན་པ། མགོ་ཡུ་འཁོར་བ་དང་མིག་རབ་རིབ་ཆགས་པ་དང་། ལས་དོན་བསྒྲུབས་སྐབས་ཧ་གོ་འདི་གོ་མེད་པར་ནོར་འཁྲུལ་ཐོན་པ། ༢ སེམས་འཚུབ་ལངས་པ་དང་བློ་མི་བདེ་བ། རྔུལ་ཆུ་མང་བ་དང་། ངོ་གདོང་དམར་པོ་ཆགས་པ། སྙིང་གི་འཕར་ཚད་མགྱོགས་སུ་འགྲོ་བ། དབུགས་འབྱིན་རྔུབ་མགྱོགས་པ། གཉིད་མི་ཁུག་པ། རྨི་ལམ་མང་བ། ༣ སེམས་ཁམས་སྐྱོ་བ། དང་ཁ་མེད་པ་དང་། སེམས་མི་སྐྱིད་པ། ལས་ཀ་གང་བྱེད་ཀྱང་སྤྲོ་བ་མེད་པ། ༤ བྱ་སྤྱོད་ལ་དཔའ་ཞུམ་པ། མི་གཞན་དང་འབྲེལ་འདྲིས་དང་མཉམ་དུ་ལས་ཀ་བྱེད་འདོད་མེད་པ། ༥ ལྡོག་གཤིས་ཀྱི་དྲན་ཤེས་ཐོན་པ། ས་ཡོམ་རྒྱག་པའི་གནས་ཚུལ་དྲན་དུས་སེམས་ཁམས་ལ་སྡུག་བསྔལ་དྲག་པོ་དང་ལུས་ཕུང་ལ་མི་བདེ་བའི་སྣང་ཚུལ་རྒྱུན་ཆད་མེད་པར་ཐོན་པ། ༦ སྡོད་བཟོད་མི་བདེ་བ། རྟག་ཏུ་ཡོམ་འཕྲོ་བརྒྱག་པའི་ཚོར་བ་བྱུང་ནས་སྡོད་བཟོད་མི་བདེ་བ། ༧ ལྡོག་གཤིས་ཀྱི་གཅིག་མཐོང་གཅིག་དྲན་བྱུང་བ།ས་ཡོམ་བརྒྱབ་པ་དྲན་དུས་སེམས་ཁམས་ལ་སྡུག་བསྔལ་དྲག་པོ་དང་ལུས་ཕུང་ལ་མི་བདེ་བའི་སྣང་ཚུལ་ཐོན་པ། ༨ ཚད་ལས་བརྒལ་བའི་ཚོར་བ་སྐྱེན་པོ། གཉིད་མི་ཁུག་པ་དང་། གཉིད་ཟབ་མོ་ཉལ་མི་ཐུབ་པ། ཁོང་ཁྲོ་ལངས་སླ་བ། སྐྲག་སླ་བ། བློ་རྩེ་གཅིག་སྒྲིལ་མི་ཐུབ་པ་སོགས། ༩ ངར་ཤུགས་ལས་གཡོལ་གང་ཐུབ་བྱེད་པ།ས་ཡོམ་དང་ཡང་ན་ས་ཡོམ་གྱི་གནས་ཚུལ་ཕྱིར་དྲན་སོགས་འབྲེལ་ཡོད་གནས་ཚུལ་མཐའ་དག་ལས་གཡོལ་གང་ཐུབ་ལ་བྱེད་རྒྱུར་ཚོད་ལྟ་བྱེད་པ། སྐད་ཆ་བཤད་མི་འདོད་པའམ་ཡང་ན་གནོད་འཚེ་ཐེབས་པའི་ས་ཁུལ་དུ་འགྲོ་མི་འདོད་པ། ༡༠ གོ་མེད་ཚོར་མེད་དུ་འགྱུར་བ།མི་གཞན་དང་ཁ་བྲལ་བའི་ཚོར་སྣང་ཡོད་པ་དང་། དགའ་ཕྱོགས་ཀྱི་བྱེད་ནུས་ཉམས་པ། མ་འོངས་པར་རེ་བ་མི་བྱེད་པ།
以上这些都属于正常的“急性应激反应”,不必担心。
གོང་གསལ་འདི་དག་ཚང་མ་རྒྱུན་ལྡན་གྱི་མྱུར་གཤིས་ཀྱི་ཚོར་བསྟུན་འགྱུར་འབྱུང་གི་ཁོངས་སུ་གཏོགས་པས། སེམས་ཁྲལ་བྱེད་མི་དགོས།
这些反应随着时间的延长而逐步减轻,可能过几天(一般不会超过一个月)就消失了。
འགྱུར་འབྱུང་འདི་དག་དུས་ཚོད་ཇེ་རིང་དུ་སོང་བ་དང་བསྟུན་ནས་རིམ་བཞིན་ཇེ་ཆུང་དུ་འགྲོ་བ་དང་། ཉིན་འགའ་འགོར་རྗེས་མེད་པར་འགྱུར་སྲིད། སྤྱིར་བཏང་བྱས་ན་ཟླ་བ་གཅིག་ལས་བརྒལ་མི་སྲིད།
2
急性应激反应,有几个发展阶段?
མྱུར་གཤིས་ཚོར་བསྟུན་གྱི་འགྱུར་འབྱུང་གི་འཕེལ་རྒྱས་ལ་དུས་རིམ་འགའ་ཡོད་པ་སྟེ།
每个人在面对地震这个突如其来的灾难的时候,一定会存在一些心理压力,心情、情绪、心态都会受到影响,越是这样,越需要主动、积极地调整心态并加以应对。为了能够在最关键的节点调整自己,我们有必要认识“急性应激反应”的四个发展阶段。
མི་སུ་དང་སུ་ཡིན་རུང་གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་འཚེའི་མདུན་དུ་སེམས་ཁམས་ཐད་ཀྱི་གནོན་ཤུགས་ངེས་ཅན་ཐོན་སྲིད། བསམ་ཚུལ་དང་། སྤྲོ་སྣང་། བསམ་བློའི་འཁྱེར་སོ་བཅས་ཚང་མར་ཤུགས་རྐྱེན་ཐེབས་སྲིད། དེ་འདྲ་ཡིན་སྟབས། དེ་བས་རང་འགུལ་དང་ཧུར་ཐག་ངང་སེམས་ཁམས་ལེགས་སྒྲིག་དང་འབྲེལ་ཡོད་གནད་དོན་ལ་དེ་བས་ཁ་གཏད་གཅོག་གང་ཐུབ་བྱེད་དགོས། གནད་འགག་ཆེ་ཤོས་ཀྱི་དུས་མཚམས་སུ་རང་ཉིད་ཀྱི་སེམས་ཁམས་ལེགས་སྒྲིག་ཡག་པོ་བྱེད་ཆེད། ང་ཚོས་ངེས་པར་དུ་མྱུར་གཤིས་ཚོར་བསྟུན་འགྱུར་འབྱུང་གི་འཕེལ་རྒྱས་དུས་རིམ་བཞི་ངོས་འཛིན་ཡང་དག་བྱེད་དགོས།
刚刚知道地震发生的时候,会出现震惊、恐慌、不知所措,随后可能会出现意识模糊,判断力下降等现象,或者脑袋里面一片空白。但这一阶段,往往很快就会过去。这种现象持续72小时以上,就需要警惕。
དང་པོ། འཕྲལ་སྡོམ་ཚུར་སྣང་གི་དུས་སྐབས། ས་ཡོམ་བྱུང་བ་ཤེས་མ་ཐག་པའི་སྐབས་སུ། ཧ་ལས་པ་དང་། འཇིགས་སྣང་སྐྱེ་བ། ཐབས་ཤེས་གང་གཏོང་མི་ཤེས་པ་བཅས་འབྱུང་སྲིད། དེ་རྗེས་ཤེས་ཚོར་རབ་རིབ་དང་བརྡར་ཤ་གཅོད་པའི་ནུས་པ་ཞན་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། ཡང་ན་ཀླད་པ་སྟོང་ཀྱང་ཆགས་པ་སོགས་ཐོན་སྲིད། འོན་ཀྱང་དུས་རིམ་འདི་རྟག་ཏུ་མྱུར་དུ་འདས་སྲིད། སྣང་ཚུལ་འདི་རིགས་ཆུ་ཚོད་༧༢ཡན་རྒྱུན་མཐུད་དུ་ཐོན་ཚེ་དོགས་ཟོན་བྱ་དགོས།
由于灾害事件和情景超过了自己的应付或承受能力,人们为了恢复心理上的平衡,控制焦虑和情绪紊乱,会本能地启动包括“心理隔离”在内的自我保护机制,以便恢复其现实的认知功能。譬如,会出现否认、退缩和回避手段进行合理化,或者高度警觉、神经质、逃跑,或者漠视危险的存在,或者控制悲伤的表达。
གཉིས་པ། ཕན་ནུས་མེད་པའི་འགོག་སྲུང་དུས་སྐབས། གནོད་འཚེའི་དོན་རྐྱེན་དང་གནས་ཚུལ་དེ་རང་ཉིད་ཀྱི་ཁ་གཏད་གཅོག་པའམ་ཡང་ན་ཐེག་ནུས་ལས་བརྒལ་བས། མི་རྣམས་ཀྱིས་སེམས་ཁམས་ཀྱི་དོ་མཉམ་སླར་གསོ་དང་སེམས་ཁྲལ་དང་སེམས་ཁམས་འཁྲུག་པར་ཚོད་འཛིན་བྱེད་ཆེད། རང་ནུས་ཀྱིས་སེམས་ཁམས་ཟུར་དུ་འཇོག་པ་སོགས་ཚུད་པའི་རང་ཉིད་སྲུང་སྐྱོབ་བྱེད་པའི་བྱ་ཐབས་འགོ་བཙུགས་ཀྱི་ཡོད། དོན་དངོས་ཀྱི་ཤེས་རྟོགས་ནུས་པ་སླར་གསོ་བྱེད་ཀྱི་ཡོད། དཔེར་ན། ཁས་མི་ལེན་པ་དང་། དཔའ་ཞུམ་པ། གཡོལ་བ་སོགས་ལུགས་མཐུན་དུ་གཏོང་ཐབས་ཡང་ན་དོགས་ཟོན་ཆེན་པོ་དང་། དོགས་པ་ཚ་པོ། བྲོས་འགྲོ་བ། ཡང་ན་ཉེན་ཁར་སྣང་མེད་དུ་འཇོག་པ། ཡང་ན་སྐྱོ་སྣང་གི་མཚོན་ཚུལ་ཚོད་འཛིན་བྱེད་པ་སོགས།
在危机事件发生后的短时间内,很快会进入现实适应期。这是一个好现象,我们开始调整自己,积极地去处理自己的具体健康问题以及相关症状,采取积极的态度面对现实、接受现实,并寻求各种资源努力设法解决灾难事件造成的问题,焦虑情绪逐渐减轻、自信心增加、社会功能恢复。
གསུམ་པ། དོན་དངོས་ལ་སྟུན་ཐུབ་པའི་དུས་སྐབས། ཉེན་ཁའི་དོན་རྐྱེན་བྱུང་རྗེས་ཀྱི་དུས་ཡུན་ཐུང་ངུའི་ནང་དུ་མྱུར་དུ་དོན་དངོས་དང་སྟུན་ཐུབ་པའི་དུས་སྐབས་སུ་སླེབས་སྲིད། དེ་ནི་སྣང་ཚུལ་བཟང་པོ་ཞིག་རེད། ང་ཚོས་རང་ཉིད་ལེགས་སྒྲིག་བྱེད་འགོ་བརྩམས་ཏེ། རང་ཉིད་ཀྱི་བདེ་ཐང་གནད་དོན་དང་འབྲེལ་ཡོད་ནད་རྟགས་ཐག་གཅོད་ཧུར་ཐག་བྱས་ཏེ། ཕན་ཡོད་ཀྱི་བློ་ཁར་བསྟེན་ནས་དོན་དངོས་ལ་ཁ་གཏད་གཅོག་པ་དང་། དོན་དངོས་དང་ལེན་བྱེད་པ་མ་ཟད། ཐོན་ཁུངས་སྣ་ཚོགས་འཚོལ་ནས་གནོད་འཚེའི་དོན་རྐྱེན་ལས་བྱུང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་དགོས། སེམས་ཁྲལ་གྱི་སེམས་ཁམས་རིམ་བཞིན་ཇེ་ཆུང་དུ་གཏོང་བ་དང་། རང་གི་རང་ལ་ཡིད་ཆེས་བྱེད་རྒྱུ་ཇེ་ཆེར་འགྲོ་བ། སྤྱི་ཚོགས་ཀྱི་ནུས་པ་སླར་གསོ་གང་ཐུབ་བཅས་བྱ་དགོས།
多数人经历了灾害危机变得更为理性,在心理和行为上变得较为成熟,开始通过一定的途径获取积极的应对技巧。
བཞི་པ། དྲག་སྐྱེད་དང་འཚར་ལོངས་ཡོང་བའི་དུས་སྐབས། མི་མང་ཆེ་བས་གནོད་འཚེའི་ཉེན་ཁ་བརྒྱུད་སྔར་བས་རང་གཅུན་ཐུབ་པར་གྱུར་བ་དང་། སེམས་ཁམས་དང་བྱ་སྤྱོད་ཐད་ཅུང་འཐུས་ཚང་དུ་གྱུར་བཞིན་ཡོད། ཐབས་ལམ་ངེས་ཅན་ཞིག་བརྒྱུད་ནས་ཧུར་བརྩོན་གྱི་ཁ་གཏད་གཅོག་པའི་ཐབས་རྩལ་ཐོབ་མགོ་བརྩམས།
但是,也有少数人由于消极应对而逐渐出现冲动行为、焦虑、抑郁、分离障碍、进食障碍、酒依赖或药物依赖,甚至自伤、自杀等,这种情况就需要求助心理咨询师或者精神科医生,根据具体情况的发展,进行专业的药物治疗和心理咨询。
འོན་ཀྱང་མི་ཉུང་ཤས་ཤིག་གིས་ཕན་ནུས་མེད་པའི་ཁ་གཏད་བཅག་པའི་དབང་གིས་རིམ་བཞིན་ངར་ཤུགས་ཀྱི་སྤྱོད་ཚུལ་ཐོན་པ་དང་། སེམས་ཁྲལ་བྱེད་པ། ཡི་མུག་པ། ཁ་གྱེས་རང་བཞིན་གྱི་གེགས་བར་ཐོན་པ། ལྟོ་ཆས་ཟ་མི་ཐུབ་པའི་གེགས་བར་བྱུང་བ། ཆང་རག་དང་སྨན་རྫས་ལས་ཁ་བྲལ་ཐབས་མེད་པ། ཐ་ན་རང་གི་རང་ལ་རྨས་སྐྱོན་གཏོང་བ་དང་རང་སྲོག་གཅོད་པ་ཡང་ཡོང་གི་ཡོད། གནས་ཚུལ་དེ་རིགས་ཐོན་ཚེ་སེམས་ཁམས་བློ་འདྲི་མཁན་དང་ཡང་ན་སེམས་ཁམས་ཚན་ཁག་གི་སྨན་པས་རོགས་སྐྱོར་ཐོབ་པ་བྱས་ཏེ་གནས་ཚུལ་དངོས་ཀྱི་འཕེལ་རྒྱས་ལ་གཞིགས་ནས་ཆེད་ལས་ཀྱི་སྨན་རྫས་སྨན་བཅོས་དང་སེམས་ཁམས་བློ་འདྲི་བྱ་དགོས།
显然,我们心理调整的关键就是尽快越过第一阶段和第二阶段,进入现实适应期和恢复成长期。
ང་ཚོས་སེམས་ཁམས་ལེགས་སྒྲིག་བྱེད་པའི་གནད་འགག་ནི་དུས་རིམ་དང་པོ་དང་གཉིས་པ་གང་མགྱོགས་ཐར་བ་བྱས་ནས་དོན་དངོས་དང་སྟུན་ཐུབ་པའི་དུས་སྐབས་དང་དྲག་སྐྱེད་དང་འཚར་ལོངས་ཀྱི་དུས་སྐབས་སུ་སླེབས་རྒྱུ་དེ་ཡིན་པ་གསལ་པོ་རེད།
【END】
供稿:中心健教所
编辑:扎西央宗
审核: 袁小兰