ཁྱོ་ཤུག་ཕྱོགས་གཅིག་གིས་རྒྱུ་ནོར་སྦ་གསང་བྱས་ན་ཇི་ལྟར་བྱ།
གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ། ཐུན་མོང་རྒྱུ་ནོར་གྱི་དོ་དམ་དང་བཀོལ་སྤྱོད་བྱེད་སྟངས་སོགས་ཁྱིམ་ཚང་སོ་སོའི་གནས་ཚུལ་དངོས་ཀྱི་དགོས་མཁོ་དང་འཚོ་བའི་གོམས་གཤིས་ལྟར་གྲོས་སྡུར་བྱས་ནས་ཐག་གཅད་དགོས་མོད། འོན་ཀྱང《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། “གལ་ཏེ་ཕྱོགས་གཅིག་གིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་གཏོང་བ། བག་མེད་ལོངས་སྤྱོད་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་བའམ། བཟའ་ཟླའི་ཐུན་མོང་བུ་ལོན་རྫུན་བཟོ་བྱེད་པ་སོགས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོ་བའི་བྱ་སྤྱོད་བྱུང་ཚེ། ཕྱོགས་གཞན་པ་དེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག”ཅེས་བཀོད་ཡོད།
ཐ་ན་བཟའ་ཟླ་གཉེན་འཐོར་བའི་རྗེས་སུ་ཡིན་རུང་། ཕྱོགས་གཅིག་ལ་གོང་དུ་བརྗོད་པའི་བྱ་སྤྱོད་དེ་དག་ཡོད་པ་ཤེས་ཚེ། མི་དམངས་ཁྲིམས་ཁང་ལ་ཁྲིམས་སྦྱོར་ཞུ་གཏུག་བྱས་ནས། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག