关于安装一氧化碳报警器的倡议书

旅行   2024-12-26 09:52   甘肃  

全县广大群众:

       
冬季取暖是一氧化碳中毒意外事件易发期和高发期,惨痛的教训告诉我们,在安全问题上,容不得半点麻痹和侥幸,必须防范在先、警惕在前,只有这样,才能为我们的生命筑起安全屏障。


在日常生活中,如果长时间使用煤炉、火炕、燃气热水器、燃气灶,且室内通风不良,煤炭和燃气燃烧不充分,使烟雾大量进入空气中,容易产生一氧化碳。一氧化碳无色无味,正常情况下不易被察觉,人体吸入过量的一氧化碳会导致头痛头晕、恶心呕吐等症状,严重者会导致死亡。一氧化碳报警器是目前最有效且价格低廉、并能实时监控一氧化碳浓度的报警装置。报警器应安装在与炉具相连的住房,应避开门、窗等空气经常流通的位置(用户务必按照报警器说明书中提供的方法正确安装)。在选择一氧化碳报警器时,要选择正规厂家生产、通过相关质量认证的产品,确保其性能稳定可靠。安装后,定期对报警器进行测试和维护,确保其始终处于正常工作状态。

在此,碌曲县应急管理局倡导广大群众及时安装一氧化碳报警装置,积极预防一氧化碳中毒事件发生,当好安全取暖的明白人,家庭幸福的守护人,为您和家人创造安全、放心的生活环境。

碌曲县应急管理局

2024年12月23日


དབྱང་གཅིག་ཐཱན་འགྱུར་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱ་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ།


རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་ལ།


དགུན་དུས་དྲོད་ལེན་པ་ནི་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་སླ་བའི་དོན་རྐྱེན་འབྱུང་སླ་བ་དང་འབྱུང་མང་བའི་དུས་ཤིག་ཡིན།ཡིད་སྐྱོ་བའི་བསླབ་བྱ་ལས་ང་ཚོར་བཤད་དོན།བདེ་འཇགས་ཀྱི་གནད་དོན་ཐད་ལ་ངེས་པར་དུ་སྔོན་འགོག་དང་དོགས་ཟོན་བྱས་ཏེ་སྣང་མེད་གཏན་ནས་བྱེད་མི་རུང་།དེ་ལྟར་བྱས་ཚེ་གཞི་ནས་ང་ཚོའི་ཚེ་སྲོག་ལ་བདེ་འཇགས་བསྐྲུན་ཐུབ།

དུས་རྒྱུན་གྱི་འཚོ་བའི་ཁྲོད།གལ་ཏེ་དུས་ཡུན་རིང་པོར་སོལ་ཐབ་དང་།མེ་ཐབ་དང་།དབུགས་རླངས་ཆུ་བསྐོལ་ཆས།དབུགས་འབར་ཐབ་ཀ་བཅས་བཀོལ་ན།ཁང་བའི་ནང་དུ་རླུང་མི་རྒྱུག་ཅིང་།རྡོ་སོལ་དང་འབར་རླངས་ཡོངས་སུ་འབར་མི་ཐུབ་པས།དུ་སྨུག་མཁའ་རླུང་ནང་དུ་འཐིམ་ནས་དབྱང་གཅིག་ཐཱན་རྫས་འབྱུང་སླ། དབྱང་གཅིག་ཐཱན་རྫས་ནི་མདོག་དང་དྲི་མེད་པ་ཞིག་་ཡིན་པས།རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ་ཚོར་དཀའ་ཞིང་།ཚད་འདས་ཀྱི་དབྱང་གཅིག་ཐཱན་རྫས་རྔུབ་པ་ན་མགོ་ན་བ་དང་།མགོ་ཡུ་འཁོར་བ།སྐྱུགས་མེར་ལངས་པ།སྐྱུག་པ་སོགས་ཀྱི་ནད་རྟགས་འབྱུང་ལ།ཚབས་ཆེ་ན་འཆི་བ་ཡིན། དབྱང་གཅིག་ཐཱན་འགྱུར་གྱི་ཉེན་བརྡ་གཏོང་ཆས་ནི་མིག་སྔར་ཆེས་ནུས་ལྡན་དང་རིན་གོང་དམའ་བ།ད་དུང་འཕྲལ་དུ་དབྱང་གཅིག་ཐཱན་འགྱུར་གྱི་གར་ཚད་ལ་ལྟ་རྟོག་བྱེད་ཐུབ་པའི་ཉེན་བརྡ་གཏོང་ཆས་ཤིག་ཡིན། ཉེན་བརྡ་གཏོང་ཆས་དེ་ཐབ་ཆས་དང་འབྲེལ་བའི་སྡོད་ཁང་དུ་འཇོག་དགོས་པ་ལས། སྒོ་དང་སྒེའུ་ཁུང་སོགས་མཁའ་དབུགས་རྒྱུན་དུ་རྒྱུ་ཐུབ་སའི་གནས་སུ་འཇོག་པ་གཡོལ་དགོས།(བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་ཉེན་བརྡ་གཏོང་ཆས་ཀྱི་གསལ་བཤད་ཡི་གེའི་ནང་འདོན་སྤྲོད་བྱས་པའི་བྱེད་ཐབས་ལྟར་ཡང་དག་པར་སྒྲིག་སྦྱོར་བྱེད་དགོས།) དབྱང་གཅིག་ཐཱན་འགྱུར་ཉེན་བརྡ་གཏོང་ཆས་འདེམ་སྐབས།ཚད་ལྡན་བཟོ་གྲྭ་ནས་ཐོན་སྐྱེད་བྱས་ཤིང་།འབྲེལ་ཡོད་རྒྱུ་སྤུས་བདེན་དཔང་བྱས་པའི་ཐོན་རྫས་བདམས་ནས་དེའི་བྱེད་ནུས་གཏན་འཇགས་ཡིན་པ་ཁག་ཐེག་བྱེད་དགོས། སྒྲིག་སྦྱོར་བྱས་རྗེས།དུས་བཅད་ལྟར་ཉེན་བརྡ་གཏོང་ཆས་ལ་ཚོད་ལྟ་དང་བདག་སྐྱོང་བྱས་ཏེ།བྱེད་ནུས་རྒྱུན་ལྡན་དུ་གནས་པར་ཁག་ཐེག་བྱ་དགོས།

དེར་བརྟེན། ཀླུ་ཆུ་རྫོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་མང་ཚོགས་རྣམ་པར།  དབྱང་གཅིག་ཐཱན་འགྱུར་གྱི་ཉེན་བརྡ་གཏོང་བྱེད་ཀྱི་སྒྲིག་ཆས་འཕྲལ་དུ་སྒྲིག་སྦྱོར་བྱས་ནས་ཧུར་ཐག་གིས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་དོན་རྐྱེན་སྔོན་འགོག་དང་། བདེ་འཇགས་ངང་ནས་དྲོད་ལེན་པར་བསམ་ཤེས་ཅན་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་ལྟ་སྲུང་བ་ཡག་པོ་བྱེད་ཐུབ་པ་ཞིག་ཏུ་འབད་པ་བྱས་ཏེ། ཁྱེད་དང་ཁྱེད་ཚོའི་ནང་མིར་བདེ་འཇགས་དང་བློ་བདེ་ཅན་གྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས་པར་འབོད་སྐུལ་བྱས་པ་ལགས།


ཀླུ་ཆུ་རྫོང་འཕྲལ་སྒྲུབ་དོ་དམ་ཅུས།

2024ལོའི་ཟླ་12ཚེས་23ཉིན།


主办|碌曲县融媒体中心

编辑|才让

审核|桑德加  华贡才让

总审核|李学明

投稿邮箱|284150986@qq.com


您的点赞是我们进步的动力!

↘↘↘

魅力碌曲
中共碌曲县委宣传部官方公众号,负责碌曲全县新闻信息发布、旅游资源介绍,碌曲地域文化展示。
 最新文章