碌曲县应急管理局 碌曲县公安局关于2025年元旦春节期间烟花爆竹安全管理的通告

旅行   2024-12-26 20:03   甘肃  

为切实加强2025年元旦春节期间全县烟花爆竹安全管理工作,有效预防烟花爆竹领域安全事故的发生,保障人民群众生命财产安全,确保元旦春节期间安全形势稳定向好。根据《中华人民共和国安全生产法》《中华人民共和国治安管理处罚法》《烟花爆竹安全管理条例》《烟花爆竹经营许可实施办法》等有关法律法律规定,结合我县实际,现就有关事项通告如下:


一、凡从事烟花爆竹零售的经营者,经碌曲县应急管理局对其经营条件审查合格后,核发《烟花爆竹经营(零售)许可证》,并将《烟花爆竹经营(零售)许可证》悬挂于销售场所明显位置。对未取得烟花爆竹经营许可证的任何单位和个人不得从事烟花爆竹经营活动。未经审批擅自从事烟花爆竹的批发零售经营活动的,由应急管理部门依照《烟花爆竹安全管理条例》的有关规定责令停止非法经营活动,处2万元以上10万元以下的罚款,并没收非法经营的物品及违法所得。

二、全县范围内烟花爆竹零售点实行由持有《烟花爆竹经营(零售)许可证》的专店销售。严禁“前店后宅”、“上宅下店”销售烟花爆竹;严禁无证经营、一证多点、超范围经营、超量储存、异地违规销售烟花爆竹;严禁走街串巷、沿街摆放、流动销售烟花爆竹;严禁销售超过有效期的烟花爆竹;严禁销售非批发单位配送的来源不明的烟花爆竹。违反上述规定经营的,依照《烟花爆竹经营许可实施办法》《中华人民共和国治安管理处罚法》有关法律法规的规定予以处罚,情节严重的,吊销其经营许可证,对无证经营的,依据依法处置。

三、道路运输烟花爆竹的应当经公安机关许可,未取得相关许可证的任何单位和个人,一律不得私自运输烟花爆竹。未经许可运输烟花爆竹的,由公安机关责令停止非法运输活动,处1万元以上5万元以下的罚款,并没收非法运输的物品及违法所得,视情节可处治安、刑事处罚。

四、禁止燃放烟花爆竹区域及场所:

1.党政机关、文物保护单位、医疗机构、幼儿园、中小学校、敬老院、商场、档案馆、体育场馆、公共娱乐场所、集贸市场周边区域、山林草地等重点防火区;  

2.县城主交通干道,车站等交通枢纽安全保护区内及周边;  

3.输变电设施安全保护区内及电力、通讯线路附近;  

4.销售易燃易爆危险化学品的加油站、加气站、液化气站等场所安全保护区内;  

5.高层建筑、施工工地等重点部位、场所及周边;

6.法律、法规、规章规定禁止燃放烟花爆竹的其他区域或场所;

7.县级以上地方人民政府规定的禁止燃放烟花爆竹的其他地点。

五、因庆典、开业等确需进行大型烟花爆竹燃放活动的,除遵守本通告关于烟花爆竹禁放的规定外,必须报县公安部门审批许可,并服从相关部门的监督管理。

六、在禁止燃放烟花爆竹的时间、地点燃放烟花爆竹,或者以危害公共安全和人身、财产安全的方式燃放烟花爆竹,违反《中华人民共和国治安管理处罚法》《烟花爆竹安全管理条例》的,由公安部门责令停止燃放,并依照有关法律法规的规定予以处罚;构成违反治安管理行为的,依法给予治安管理处罚。因非法燃放烟花爆竹引发火灾、爆炸事故等,造成人员伤亡和财产损失的,依法追究刑事责任。

七、任何单位、组织和个人都要强化公共安全意识和法治观念,自觉遵守烟花爆竹安全管理有关规定,在正规的销售网点购买合格的烟花爆竹,不得从非法渠道购买;广大人民群众要自觉遵守烟花爆竹禁限燃放规定,对违反本通告规定的行为,任何单位和个人都有义务劝阻并向有关部门举报。

举报电话:
碌曲县公安局:110
碌曲县应急管理局:0941-6621072

八、本通告自发布之日起施行。

碌曲县应急管理局

碌曲县公安局

2024年12月25日


ཀླུ་ཆུརྫོང་འཕྲལ་སྒྲུབ་དོ་དམ་ཅུས། ཀླུ་ཆུ་རྫོང་སྤྱི་བདེ་ཅུས།

2025 ལོའི་ལོ་གསར་དུས་ཆེན་ལ་ཤོག་སྦག་བདེ་འཇགས་དོ་དམ་སྐོར་གྱི་བརྡ་ཁྱབ།

2025ལོའི་ལོ་གསར་དུས་ཆེན་ལ་རྫོང་ཡོངས་ཀྱི་ཤོག་སྦག་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་བསྣན་ཏེ་ཤོག་སྦག་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྔོན་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱས་ནས། ལོ་གསར་སྐབས་ཀྱི་བདེ་འཇགས་དུས་བབ་བརྟན་བརླིང་ཡོང་བར་འགན་ལེན་བྱེད་པར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས》《ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག》《ཤོག་སྦག་ཚོང་གཉེར་ཆོག་བཀོད་ཀྱི་ལག་བསྟར་བྱེད་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་རེའི་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་གྱི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཁྱབ་འདི་བཏང་བ་ཡིན།

དང་པོ། ཤོག་སྦག་སིལ་ཚོང་གཉེར་མཁན་ཡིན་ཕྱིན། ཀླུ་ཆུ་རྫོང་གི་འཕྲལ་སྒྲུབ་དོ་དམ་ཅུས་ཀྱིས་དེའི་ཚོང་གཉེར་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ།《ཤོག་སྦག་ཚོང་གཉེར་(སིལ་འཚོང་)ཆོག་བཀོད་དཔང་ཡིག་》ཐོབ་སྤྲོད་བྱས་པ་ཡིན་ཞིང་།《ཤོག་སྦག་ཚོང་གཉེར་(སིལ་འཚོང་)ཆོག་བཀོད་དཔང་ཡིག་》དེ་འཚོང་ཁང་གྱང་ངོས་སུ་འགེལ་དགོས།ཚོན་ཁྲ་ཅན་གྱི་ཤོག་སྦག་ཚོང་གཉེར་ཆོག་བཀོད་དཔང་ཡིག་ཐོབ་མེད་པའི་སྡེ་ཚན་གང་དང་མི་སུ་ཞིག་ཡིན་རུང་ཤོག་སྦག་ཚོང་གཉེར་གྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། ཞིབ་མཆན་མ་ཐོབ་པར་རང་དགར་ནས་ཤོག་སྦག་སྡེབ་འཚོང་དང་སིལ་འཚོང་གཉེར་སྐྱོང་བྱེད་སྒོ་སྤེལ་པའི་རིགས་ལ། འཕྲལ་སྒྲུབ་དོ་དམ་སྡེ་ཁག་གིས་《ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་》གི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་འགལ་ཚོང་གཉེར་བྱེད་སྒོ་བཀག་འགོག་བྱེད་པ་མ་ཟད།སྒོར་ཁྲི་གཉིས་ཡན་ནས་སྒོར་འབུམ་མན་གྱི་དངུལ་ཆད་གཅོད་པ་ལས།ཁྲིམས་འགལ་ཚོང་གཉེར་གྱི་ཚོང་ཟོག་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བྱ་རྒྱུ་ཡིན།

གཉིས་པ། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཤོག་སྦག་སིལ་འཚོང་དག་ནི་ཤོག་སྦག་ཚོང་གཉེར་ཆོག་བཀོད་་དཔང་ཡིག་ཡོད་པའི་ཆེད་འཚོང་ཚོང་ཁང་ཡིན་དགོས། “སྔུན་ཚོང་ཁང་དང་རྒྱབ་སྡོད་ཁང་ཡིན་”པ། “ཀླད་སྡོད་ཁང་དང་འོག་ཚོང་ཁང་ཡིན་”པ་གཏན་འགོག་བྱེད་པ་དང་། ཆོག་མཆན་མ་ཐོབ་པའམ་ཡང་ན་དཔང་ཡིག་གཅིག་གིས་སྲང་ལམ་གྱི་གང་ས་གང་དུ་ཚོང་གཉེར་བྱེད་པ། ད་དུང་དཔང་ཡིག་གི་ཆོག་མཆན་ལས་བརྒལ་བའི་གཉེར་སྐྱོང་། ཚད་ལས་བརྒལ་བའི་གསོག་ཉར།ཚོང་ཟོག་གི་ཡོང་ཁུངས་མི་དག་པ་སོགས་གཏན་འགོག་བྱེད་དགོས། གལ་ཏེ་གོང་གི་གཏན་འབེབས་དང་འགལ་ནས་ཚོང་གཉེར་བྱེད་པར། 《ཤོག་སྦག་ཚོང་གཉེར་ཆོག་བཀོད་ཀྱི་ལག་བསྟར་བྱེད་ཐབས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། དེའི་ཚོང་གཉེར་ཆོག་བཀོད་དཔང་ཡིག་ཕྱིར་བསྡུ་བྱ་རྒྱུ་དང་། ཆོག་མཆན་མེད་པར་ཚོང་གཉེར་བྱེད་པའི་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན།

གསུམ་པ། ཤོག་སྦག་དབོར་འདྲེན་བྱེད་པར་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་པ་དང་། འབྲེལ་ཡོད་ཆོག་བཀོད་དཔང་ཡིག་མ་ཐོབ་པའི་སྡེ་ཚན་གང་དང་མི་སུ་ཞིག་གིས་ཀྱང་རང་དགར་ཤོག་སྦག་དབོར་འདྲེན་བྱེད་མི་ཆོག།ཆོག་མཆན་མ་ཐོབ་པར་ཤོག་སྦག་སྐྱེལ་འདྲེན་བྱས་པར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱ་རྒྱུའི་དངོས་རྫས་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། གནས་ཚུལ་ལ་གཞིགས་ནས་བདེ་འཇགས་ཉེས་དོན་གྱི་ཆད་པ་གཅོད་རྒྱུ་ཡིན།

བཞི་བ། ཤོག་སྦག་སྦར་བའི་བཀག་སྡོམ་གྱི་ས་ཁོངས་དང་ལས་ཡུལ།

1.ཏང་སྲིད་ལས་ཁུངས་དང་། རིག་དངོས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན། སྨན་བཅོས་ལས་ཁུངས། སློབ་གྲྭ་ཆུང་འབྲིང་། རྒན་གསོ་ཁང་། ཁྲོམ་ར།ཡིག་ཚགས་ཁང་དང་། ལུས་རྩལ་ཁང་། སྤྱི་སྤྱོད་རོལ་རྩེད་ཁང་། ཚོང་འདུས་ཚོང་རའི་ཉེ་འཁོར་ས་ཁོངས། ནགས་རི་དང་རྩྭ་ས་སོགས་མེ་འགོག་གཙོ་གནད་ཁུལ།

2.རྫོང་མཁར་གྱི་གལ་ཆེ་བའི་འགྲིམ་འགྲུལ་གཞུང་ལམ་དང་། རླངས་འཁོར་འབབ་ཚུགས་དང་དེའི་ཉེ་འཁོར།

3.གློག་ཤུགས་སྐྱེལ་འདྲེན་།འཕྲིན་གཏོང་སྐུད་ལམ་དང་སོགས་དེའི་ཉེ་འཁོར།

4.འབར་སླ་བ་དང་གས་སླ་བའི་རྫས་འགྱུར་དངོས་རྫས་ཕྱིར་འཚོང་བྱེད་པའི་སྣུམ་སྣོན་ས་ཚིགས་དང་། རླངས་སྣོན་ས་ཚིགས། གཤེར་འགྱུར་རླངས་པའི་ས་ཚིགས་སོགས་ཀྱི་བདེ་འཇགས་སྲུང་སྐྱོང་ཁུལ་དང་དེའི་ཉེ་འཁོར།

5.ཐོག་བརྩེགས་འཛུགས་སྐྲུན་དང་ཨར་ལས་ས་ཁུལ་སོགས་གཙོ་གནད་གནས་དང་ཉེ་འཁོར།

6.བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་ལྟར་བཀག་སྡོམ་བྱས་པའི་ཤོག་སྦག་སྦར་བའི་ས་ཁོངས་གཞན་དག

7.རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་གཏན་འབེབས་ལྟར་བཀག་སྡོམ་བྱས་པའི་ཤོག་སྦག་སྦར་ས་གཞན་དག

ལྔ་བ། རྟེན་འབྲེལ་མཛད་སྒོ་དང་ལས་འགོ་བརྩམས་པ་སོགས་ཀྱི་དབང་གིས་ཤོག་སྦག་སྦར་བའི་བྱེད་སྒོ་ཆེ་གྲས་སྤེལ་དགོས་ན། བརྡ་ཁྱབ་ཀྱི་གཏན་འབེབས་ལས་གཞན། འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་དོ་དམ་ལ་བརྩི་སྲུང་བྱ་དགོས།

དྲུག་པ། བཀག་འགོག་བྱེད་པའི་དུས་ཚོད་དང་ས་གནས་སུ་ཤོག་སྦག་སྦར་བའམ་ཡང་ན་སྤྱི་པའི་བདེ་འཇགས་དང་། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་ཐབས་ལ་བརྟེན་ནས་ཤོག་སྦག་སྦར་བར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས་》དང་《ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་》གི་གཏན་འབེབས་དོན་ཚན་དང་འགལ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་བཀག་འགོག་བྱ་རྒྱུ་དང་། ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཤོག་སྦག་སྦར་ནས་མེ་སྐྱོན་དང་འབར་གས་ཀྱི་དོན་རྐྱེན་སོགས་བྱུང་བའི་རྐྱེན་གྱིས་མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་རིགས་ལ་ཁྲིམས་ལྟར་ཉེས་ཁྲིམས་རྩད་འདེད་གཏོང་རྒྱུ་ཡིན།

བདུན་པ། སྡེ་ཚན་དང་། རྩ་འཛུགས། མི་སུ་ཞིག་ཡིན་རུང་ཚང་མས་སྤྱི་པའི་བདེ་འཇགས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ཤོག་སྦག་བདེ་འཇགས་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་རང་རྟོགས་ངང་བརྩི་སྲུང་བྱེད་དགོས་པ་དང་། ཚད་ལྡན་གྱི་ཤོག་སྦག་ཕྱིར་འཚོང་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཤོག་སྦག་སྦར་བའི་བཀག་སྡོམ་གཏན་འབེབས་བརྩི་སྲུང་བྱས་ཏེ་བརྡ་ཁྱབ་ལ་འགལ་བའི་བྱ་སྤྱོད་དེ་དག་ལ་བཀག་འགོག་བྱེད་པའི་འོས་འགན་ཡོད་པ་དང་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་ཞུ་གཏུགས་བྱ་དགོས།

ཁ་པར་ཨང་གྲངས།     ཀླུ་ཆུ་རྫོང་སྤྱི་བདེ་ཅུས། 110  
ཀླུ་ཆུ་རྫོང་གི་འཕྲལ་སྒྲུབ་དོ་དམ་ཅུས། 0941- 6621072

བརྒྱད། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

ཀླུ་ཆུ་རྫོང་གི་འཕྲལ་སྒྲུབ་དོ་དམ་ཅུས། ཀླུ་ཆུ་རྫོང་སྤྱི་བདེ་ཅུས།

2024ལོའི་ཟླ་12པའི་ཚེས་25ཉིན།

主办|碌曲县融媒体中心

编辑|才让

审核|桑德加  华贡才让

总审核|李学明

投稿邮箱|284150986@qq.com


您的点赞是我们进步的动力!

↘↘↘

魅力碌曲
中共碌曲县委宣传部官方公众号,负责碌曲全县新闻信息发布、旅游资源介绍,碌曲地域文化展示。
 最新文章