芒康县农村供水工程冬季保温防冻告知书
民生
2024-12-18 21:39
西藏
点击上方蓝字“和美芒康” 关注我们
随着气温逐步下降,农村供水工程设施易发生冻损。为确保广大用水户用水正常,现将有关农村供水工程冬季保温防冻措施告知如下:一、取水口维护管理水源地应日常巡查检查,及时清理取水口周边垃圾、杂草、树枝叶等,维护好取水口设施,防止淤物进入管道造成冻结。如取水口水源结冰,应及时砸冰化冻处理。不得在供水管网上方取土施工,防止供水管网损坏。裸露的管网,可采用防冻包裹材料或旧棉被衣物等严密包裹保温。需维修的小问题,维修费用由工程运行管理单位乡(镇)人民政府或村(居)委会收缴的水费中支出。需大修的问题,按程序上报县水利局。(一)保暖措施:室外裸露的水龙头、闸阀、水表,可采用防冻包裹材料或旧棉被衣物等严密包裹保温,并在外层包裹塑料薄膜,以防雨雪淋湿。室内水龙头的房间,夜晚应关闭门窗,保证室内温度保持在零摄氏度以上,同时也可采取防冻保暖措施。 (二)化冻措施:已冻结的入户管道和水龙头,在应急解冻时,应先用毛巾等棉织物包裹水龙头,沿水龙头向水管处浇淋热水解冻,严禁用火烘烤或开水急烫。未解冻的水龙头和闸阀,不可强行拧动,以免造成设施损坏。 (三)长流水措施:如气温在零摄氏度以下,应及时把水龙头拧开为流水成线状态,保持长流水防冻。 (四)储水措施:平时利用水缸、水桶等做好储水,避免因供水故障而造成用水不便。 (五)外出措施:用水户冬季不住或长期外出时,将室内或室外闸阀关闭,打开低处水龙头排空入户管道积水,做好相应的保暖措施,必要时委托亲友邻居做好定期检查,确保安全。四、电井维护管理通电抽水应安排在每日气温最高时,完成抽水后务必排空管道积水,防止管道冻结。光伏机井应由熟悉操作专人负责开关抽水,严禁小孩、老人操作,以免造成安全事故。机电、光伏电井房内外应保持干净卫生,防止大面结冰。 农村供水工程运行管理单位乡(镇)人民政府或村(居)委会应按照《西藏自治区农牧区供水工程运行管理办法》履行工程建设后属地管理责任,依法落实农村供水工程管理主体责任和保护用水户的合法权益,加强水源地保护,做好水费收缴,维护好农村供水工程设施,确保农村供水工程安全运行、发挥效益,更好地服务受益的农牧民群众。如您发现供水工程供水不正常或存在断水现象,请及时联系工程运行管理单位乡(镇)人民政府或村(居)委会反映情况,如未得到解决可拨芒康县水利局农村供水监督服务电话。 水 利 局:嘎松扎西 0895-4542059/18389059199农村供水工程是解决农牧民群众生活用水的民生工程,涉及广大用水户饮水安全问题,冬季保暖和管理是一件非常重要的事,需要与用水户一道齐心管理。为了确保冬季用水安全,请广大农牧区用水户妥善做好农村供水工程冬季保暖措施,营造携手管水良好氛围,望广大群众积极配合,共同做好冬季供水保障工作,谢谢您的配合。༄༅། །སྨར་ཁམས་རྫོང་གི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར་དགུན་དུས་དྲོད་སྲུང་འཁྱགས་འགོག་བྱ་རྒྱུའི་སྐོར་གྱི་གསལ་བརྡ་ཡི་གེ།སྨར་ཁམས་རྫོང་ཁུལ་གྱི་རྒྱ་ཆེའི་ཆུ་སྤྱོད་མཁན་གྱི་དུད་ཚང་རྣམ་པ། གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་སླ་བས་རྒྱ་ཆེའི་ཆུ་སྤྱོད་མཁན་ཚོའིི་རྒྱུན་ལྡན་ངང་ཆུ་སྤྱོད་ཐུབ་པར་འགན་སྲུང་བྱེད་ཆེད་ད་ལྟ་འབྲེལ་ཡོད་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར་དགུན་དུས་དྲོད་སྲུང་འཁྱགས་འགོག་གི་བྱ་ཐབས་ལག་བསྟར་བྱ་རྒྱུ་གསལ་བཤད་ལྟར། དང་པོ། ཆུ་ལེན་ས་བདག་སྐྱོང་དང་དོ་དམ་ཡག་པོ་བྱེད་དགོས། ནམ་རྒྱུན་ཆུ་འགོར་སྐོར་ཞིབ་ཞིབ་དང་བཤེར་བྱེད་པ་དང་། དུས་ཐོག་ཏུ་ཆུ་ལེན་སའི་མཐའ་འཁོར་གྱི་གད་སྙིགས་དང་རྩྭ་སྙིགས། སྡོང་པོའི་ཡལ་ག་དང་ལོ་མ་སོགས་གཙང་སེལ་བྱེད་པ་དང་། ཆུ་ལེན་སའི་སྒྲིག་ཆས་ལ་བདག་སྐྱོང་ཡག་པོ་བྱས་ཏེ་ཆུ་འདོན་སར་འདམ་བག་འཚང་ནས་དར་ཆགས་པར་སྔོན་འགོག་བྱེད་པ་དང་གལ་ཏེ་ཆུ་ལེན་སའི་ཆུ་འགོར་དར་ཆགས་ན་དུས་ཐོག་ཏུ་བཞུ་ཐབས་བྱེད་དགོས། གཉིས། ཆུ་འདོན་སྦུ་གུ་བདག་སྐྱོང་དང་དོ་དམ་ཡག་པོ་བྱེད་དགོས། ཆུ་འདོན་སྦུ་གུ་ཕྱོགས་ནས་ས་བླངས་ནས་ཨར་ལས་བྱེད་མི་ཆོག་ལ་ཆུ་འདོན་སྦུ་གུ་དང་དྲ་བར་གནོད་སྐྱོན་གཏོང་མི་ཆོག ཕྱིར་ཐོན་པའི་སྦུ་གུ་དང་དྲ་བར་འཁྱག་འགོག་ཐུམ་སྒྲིལ་རྒྱག་པའམ་ཡང་ན་སྲིང་བལ་ཉལ་ཆས་རྙིང་པ་སོགས་ཀྱིས་ཡག་པོ་བཏུམས་ནས་དྲོད་སྲུང་བྱེད་དགོས། གནད་དོན་ཆུང་གྲས་རིགས་ཉམས་གསོ་བྱེད་དགོ་ཚེ་གྲོན་དངུལ་ནི་ལས་གྲྭ་འཁོར་སྐྱོད་དོ་དམ་ཚན་པ་སྟེ༼ཤང((གྲོང་རྡལ))མི་དམངས་སྲིད་གཞུང་ངམ་ཡང་ན་གྲོང་ཚོའི((གྲོང་ལྷན))ཨུ་ལྷན༽སོགས་ཀྱིས་བསྡུ་ལེན་བྱས་པའི་ཆུ་རིན་ནང་ནས་གཏོང་དགོས། ཉམས་གསོ་ཆེན་པོ་བྱ་དགོས་པའི་གནད་དོན་རིགས་གོ་རིམ་ལྟར་རྫོང་ཆུ་བེད་ཅུད་ལ་སྙན་སེང་ཞུ་དགོས། གསུམ། ཁྱིམ་ཚང་དུ་ཆུ་མཁོ་འདོན་བྱེད་པའི་སྒྲིག་ཆས་ལ་བདག་སྐྱོང་དང་དོ་དམ་ཡག་པོ་བྱེད་དགོས། (གཅིག)དྲོད་སྲུང་བྱ་ཐབས། ཁང་པའི་ཕྱི་རོལ་དུ་ཕྱིར་མངོན་པའི་ཆུ་སྒོ་དང་། བཀག་སྒོ། ཆུ་འཇལ་ཆས་བཅས་ལ་གྲང་འགོག་ཐུམ་སྒྲིལ་རྒྱག་པའམ་ཡང་ན་སྲིང་བལ་ཉལ་ཆས་རྙིང་པའི་གྱོན་ཆས་སོགས་ཀྱིས་ཡག་པོ་གཏུམས་ནས་དྲོད་སྲུང་བ་དང་། དེ་མིན་ཁ་ཆར་གྱིས་བརླན་མི་ཕོག་པ་བྱེད་པ་དང་། མཚན་མོ་ཀ་མཆུ་ཡོད་པའི་ཁང་པའི་སྒོ་དང་སྒེའུ་ཁུང་བརྒྱབ་སྟེ་ཁང་པའི་ནང་གི་དྲོད་ཚད་ཀླད་ཀོར་འོག་ཏུ་མི་འབབ་པ་འགན་ལེན་བྱེད་པ་དང་དུས་མཚུངས་སུ་གྲང་འགོག་དྲོད་སྲུང་ཡང་བྱེད་དགོས། (གཉིས)འཁྱག་བཞུ་བྱ་ཐབས། ཁང་པའི་ནང་ཡོད་པའི་ཆུའི་སྦུ་གུ་དང་ཀ་མཆུ་ལ་བར་ཆགས་ནས་མགྱོགས་པོར་འཁྱག་བཞུ་བྱེད་དགོས་ན་སྔོན་ལ་ཨ་ཅོར་སོགས་སྲིང་བལ་གྱི་དངོས་པོས་ཀ་མཆུ་བཏུམས་ནས་ཆུ་སྦུག་བརྒྱུད་ནས་ཆུ་བླུགས་ཏེ་ཆུ་ཚ་པོས་འཁྱག་པ་བཞུ་ཐབས་བྱེད་པ་ལས་མེ་དང་ཆུ་ཁོལ་གྱིས་བསྲེགས་རྒྱུ་མེད། ཆབ་རོམ་མ་བཞུར་གོང་ཀ་མཆུ་དང་བཀག་སྒོ་བཙན་ཤེད་ཀྱིས་སྒྲིམ་རྒྱུ་མེད། (གསུམ)ཆུ་ཆུང་ཙམ་གཏོང་ཐབས། གལ་ཏེ་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་ཚེ། ཆུ་སྒོ་ཆུང་ཙམ་ཕྱེ་ནས་ཆུ་ཆུང་ཆུང་མ་ཆད་མ་བཏང་ན་འཁྱགས་འགོག་བྱེད་ཐུབ། (བཞི)ཆུ་གསོག་དགོས། དུས་རྒྱུན་ཆུ་རྫ་དང་ཆུ་ཟོམ་སོགས་ནང་ཆུ་གསོག་པ་དང་། ཆུ་མཁོ་འདོན་ཐད་སྐྱོན་ཤོར་ན་ཡང་ཆུ་སྤྱོད་རྒྱུ་ཡོད་པ་བྱེད་དགོས། (ལྔ)ཕྱི་ལ་འགྲོ་དུས། དགུན་དུས་ཁང་པའི་ནང་སྡོད་པའམ་ཡང་ན་ཡུན་རིང་ཕྱི་ལ་འགྲོ་དུས་ཁང་པའི་ནང་དང་ཁང་པའི་ཕྱིའི་བཀག་སྒོ་རྒྱག་དགོས་པ་དང་། དམའ་སའི་ཀ་མཆུ་ཁ་ཕྱེ་ནས་སྦུ་གུ་ནས་ཆུ་གཙང་མར་བཏོན་ནས་དྲོད་སྲུང་གི་བྱ་ཐབས་ལེགས་པོ་སྤྱོད་དགོས། དགོས་ངེས་ཡོད་ན་གཉེན་ཉེ་དང་ཁྱིམ་མཚེས་ལ་ནམ་རྒྱུན་ཞིབ་བཤེར་བྱ་རྒྱུ་མངགས་བཅོལ་བྱས་ནས་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས། བཞི། གློག་ཁྲོན་བདག་སྐྱོང་དོ་དམ། གློག་བཏང་ནས་ཆུ་འཐེན་རྒྱུ་ནི་ཉིན་རེའི་དྲོད་ཚད་མཐོ་ཤོས་དུས་སུ་འཐེན་པ་དང་། ཆུ་འཐེན་ཚར་རྗེས་ངེས་པར་དུ་སྦུ་གུའི་ནང་ནས་ཆུ་གཙང་མར་བཏོན་ནས་དར་མི་ཆགས་པ་བྱེད་དགོས། འོད་ཤུགས་གློག་ཁྲོན་ནས་ཆུ་འཐེན་ན་ཆ་རྒྱུས་ཆེ་པོ་ཡོད་པའི་མིས་ཆུ་འཐེན་དགོས་པ་ལས་བྱིས་པ་དང་རྒན་རྒོན་གྱིས་བཀོལ་སྤྱོད་བྱེད་རྒྱུ་མེད། འཕྲུལ་གློག་དང་འོད་ཤུགས་གློག་ཁྲོན་གྱི་ཕྱི་ནང་གཙང་མ་བྱས་ཏེ་དར་རྒྱ་ཆེན་པོ་མི་ཆགས་པ་བྱེད་དགོས། ལྔ། ལས་གྲྭའི་དོ་དམ་སྲུང་སྐྱོང་གི་འགན་འཁྲི། གྲོང་གསེབ་ཀྱི་སྤྱོད་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་ཚན་པ་སྟེ༼ཤང((གྲོང་རྡལ))མི་དམངས་སྲིད་གཞུང་ངམ་ཡང་ན་གྲོང་ཚོ(འི(གྲོང་མི))ཨུ་ལྷན)༽ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྤྱོད་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་བྱ་ཐབས》གཞིར་བཟུང་ལས་གྲྭ་འཛུགས་སྐྲུན་བྱས་རྗེས་ཀྱི་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ཏེ་ཁྲིམས་ལྟར་གྲོང་གསེབ་ཀྱི་སྤྱོད་ཆུ་མཁོ་འདོན་ལས་གྲྭར་དོ་དམ་བྱེད་མཁན་གཙོ་བོའི་འགན་འཁྲི་དང་ཆུ་སྤྱོད་མཁན་དུད་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ཆུ་ཁུངས་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་དང་། ཆུ་རིན་བསྡུ་ལེན། གྲོང་གསེབ་ཀྱི་སྤྱོད་ཆུ་མཁོ་འདོན་ལས་གྲྭའི་སྒྲིག་ཆས་སྲུང་སྐྱོང་བཅས་བྱས་ནས་གྲོང་གསེབ་ཀྱི་སྤྱོད་ཆུ་མཁོ་འདོན་ལས་གྲྭ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་དང་ཕན་འབྲས་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ཏེ་ཁེ་ཕན་ཐོབ་པའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། དྲུག ལྟ་སྐུལ་ཞབས་ཞུའི་ཐད་སྦྲེལ་ཁ་པར། གལ་ཏེ་ཁྱེད་ཀྱིས་སྤྱོད་ཆུ་མཁོ་འདོན་ལས་གྲྭའི་སྤྱོད་ཆུ་རྒྱུན་ལྡན་མིན་པའམ་ཡང་ན་ཆུ་ཆད་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ལས་གྲྭའི་འཁོར་སྐྱོད་དོ་དམ་ཚན་པ(་སྟེ༼ཤང((གྲོང་རྡལ))མི་དམངས་སྲིད་གཞུང་ངམ་ཡང་ན་གྲོང་ཚོ(འི(གྲོང་མི))ཨུ་ལྷན)༽དང་འབྲེལ་བ་བྱས་ནས་གནས་ཚུལ་ཤོད་དགོས་པ་དང་། གལ་ཏེ་གནད་དོན་ཐག་གཅོད་མ་བྱུང་ན་སྨར་ཁམས་རྫོང་ཆུ་བེད་ཅུད་ཀྱི་གྲོང་གསེབ་ཀྱི་སྤྱོད་ཆུ་མཁོ་འདོན་ལྟ་སྐུལ་ཞབས་ཞུའི་ཁ་པར་རྒྱག་དགོས། ཆུ་བེད་ཅུད། སྐལ་བཟང་བཀྲ་ཤིས། ༠༨༩༥-༤༥༤༢༠༥༩ /༡༨༣༨༩༠༥༩༡༩༩ རྫོང་ཁོང་ཆུ་གྲྭ། ཁྲེང་ཧྲེང་ཡུང་། ༡༨༣༢༨༨༢༤༧༣༨ སྒར་ཐོག་གྲོང་རྡལ། ཚེ་རིང་ནོར་བུ། ༡༥༧༠༨༠༩༢༧༧༢ སྤང་མདའ་ཤང་། བློ་བཟང་ཉི་མ། ༡༣༩༨༩༠༤༦༤༤༡ གཙང་ཤོད་ཤང་། ཕུར་བུ་ཚེ་རིང་། ༡༨༨༨༩༠༣༧༥༩༨ སྒོ་ཕོ་ཤང་། པད་མ་བསམ་གཏན། ༡༣༦༡༨༩༨༡༢༢༣ འབུམ་པ་ཤང་། བློ་བཟང་བྱམས་པ། ༡༥༢༠༨༠༥༥༥༠༡ ནོར་གནས་ཤང་། ལུའོ་ཞའོ་ཧུང་། ༡༥༨༨༩༠༤༣༧༥༧ འགག་མདོ་ཤང་། ཚེ་བརྟན་ཉི་མ། ༡༣༩༠༨༩༥༠༥༠༨ ཆུ་ཚན་ཁ་ཤང་། བསྟན་འཛིན་འགྱུར་མེད། ༡༥༢༠༨༠༥༧༧༧༩ རོང་སྨད་གྲོང་རྡལ། ཉི་མ་དོན་འགྲུབ། ༡༨༧༩༨༩༨༧༤༩༡ བྱིས་གྲོངས་ཤང་། ཕུར་བུ་བསོད་ནམས། ༡༥༢༠༨༠༨༨༣༠༧ འཇང་མི་རིགས་ཤང་། ཚེ་རིང་སྒྲོལ་མ། ༡༨༣༨༩༠༥༡༣༡༤ རྨོག་ཤོད་ཤང་། ཀྲང་ཅིན། ༡༥༧༢༦༧༨༤༦༠༥ མཆོད་རྟེན་ཤང་། ཧྥེང་ཞང་། ༡༥༢༨༩༠༥༡༢༩༡ མཚོ་རྔ་ཤང་། ཉི་མ་གྲགས་པ། ༡༣༨༨༩༠༡༧༧༥༧ གྲུ་པ་ལུང་ཤང་། དར་མ། ༡༨༡༩༨༠༧༦༦༦༠ ཟུར་སྡེ་ཤོད་ཤང་། བསྟན་འཛིན་ཆོས་སྒྲོན།༡༣༦༡༨༩༥༥༡༨༥ གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ནི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤྱོད་ཆུ་ཐག་གཅོད་བྱེད་པའི་དམངས་འཚོའི་ལས་གྲྭ་ཞིག་ཡིན་ཞིང་། རྒྱ་ཆེའི་ཆུ་སྤྱོད་མཁན་དུད་ཚང་གི་འཐུང་ཆུའི་བདེ་འཇགས་གནད་དོན་དང་འབྲེལ་བ་ཡོད་པ་དང་། དགུན་དུས་ཀྱི་དྲོད་སྲུང་དང་དོ་དམ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན་པས་ཆུ་སྤྱོད་མཁན་དུད་ཚང་གིས་མཉམ་དུ་དོ་དམ་བྱེད་དགོས། དགུན་དུས་ཀྱི་ཆུ་སྤྱོད་བདེ་འཇགས་འགན་ལེན་བྱེད་ཆེད་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཆུ་སྤྱོད་མཁན་དུད་ཚང་གིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར་དགུན་དུས་དྲོད་སྲུང་བྱ་ཐབས་ཡག་པོ་སྤེལ་ཏེ་ཆུ་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ནས་དགུན་དུས་ཀྱི་ཆུ་མཁོ་འདོན་འགན་སྲུང་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས། ཁྱེད་ཀྱིས་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ། ༢༠༢༤ལོའི་ཟླ་༡༢པའི་ཚེས་༩ཉིན་ནས།来源:县水利局
审核:土单加措
责编:边 珍
不良信息监督举报电话:08954543757