根据《自然资源听证规定》(自然资源部令6号)第十二条和第十三条的规定,江孜县自然资源和林业草原局计划于2024年12月3日公开举行2024年江孜县城区土地级别与基准地价更新成果听证会,广泛听取社会各界的意见建议。现将有关事项公告如下:
一、听证会时间
2024年12月3日10时00分。
二、听证会地点
江孜县自然资源和林业草原局会议室(107室)(会议地点、时间如有变动另行通知)。
三、报名时间
申请参加听证会的公民、法人和其他组织,请持单位介绍信或居民身份证前往江孜县自然资源和林业草原局(106室)报名,报名时间:2024年11月19日--2024年12月2日(法定节假日除外)。
四、听证会举办机构
江孜县自然资源和林业草原局
五、听证会须知
1.参加听证会的代表应本着实事求是的原则,对本次基准地价制定的必要性、可行性、科学性和实用性等内容提出意见和建议。
2.听证会参加人员应当遵守听证会会场秩序,不得有鼓掌、喧哗和实施其他妨碍听证会活动的行为。
3.听证参加人发言、陈述、质证和辩论,须经听证主持人许可。
4.本县单位持介绍信、居民持本人身份证报名,经县自然资源和林业草原局审查后获得代表资格。
5.经批准后的代表应当如实反映群众和社会各方面对听证内容的意见和建议。
6.听证会上提供的材料仅供听证代表发表意见时参考,会后收回,
联系单位:江孜县自然资源和林业草原局
联 系 人:贡觉旦增
联系电话:17816850523
特此公告!
江孜县自然资源和林业草原局
2024年11月18日
༢༠༢༤ལོའི་རྒྱལ་རྩེ་རྫོང་གྲོང་ཁུལ་གྱི་ས་ཆའི་རིམ་པ་གཏན་འཁེལ་དང་གཞི་རྩའི་ས་ཆའི་རིན་གོང་གསར་བརྗེས་གྲུབ་འབྲས་ཀྱི་དཔང་ཉན་ཚོགས་འདུའི་སྤྱི་བསྒྲགས།
《རང་བྱུང་ཐོན་ཁུངས་ཀྱི་དཔང་ཉན་གཏན་འབེབ་》(རང་བྱུང་ཐོན་ཁུངས་པུའི་བཀའ་རྒྱ་ཨང་6པའི)དོན་ཚན་བཅུ་གཉིས་དང་དོན་ཚན་བཅུ་གསུམ་པའི་གཏན་འབེབས་ལྟར། རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་ཀྱིས་2024ལོའི་ཟླ་12ཚེས་3ཉིན་2024ལོའི་རྒྱལ་རྩེ་རྫོང་གྲོང་ཁུལ་གྱི་ས་ཆའི་རིམ་པ་དང་གཞི་རྩའི་ས་ཆའི་རིན་གོང་གསར་བརྗེས་གྲུབ་འབྲས་ཀྱི་དཔང་ཉན་ཚོགས་འདུ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་འཇོག་བྱ་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་ཚན་ཁག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
དང་པོ། དཔང་ཉན་ཚོགས་འདུའི་དུས་ཚོད།
2024ལོའི་ཟླ་12ཚེས་3ཉིན་གྱི་ཆུ་ཚོད་10པ་ཏག་ལ་དཔང་ཉན་ཚོགས་འདུ་འཚོག་རྒྱུ་ཡིན།
གཉིས། དཔང་ཉན་ཚོགས་འདུ་འཚོག་ས།
རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་ཀྱི(གྲོས་ཚོགས་ཁང་107)དུ་འཚོག་རྒྱུ (ཚོགས་འདུ་འཚོག་ཡུལ་དང་དུས་ཚོད་ལ་འགྱུར་བ་བྱུང་ཚེ་བརྡ་ཐོ་བསྐྱར་དུ་གཏོང་རྒྱུ)ཡིན།
གསུམ་པ། མིང་ཐོ་འགོད་པའི་དུས་ཚོད།
དཔང་ཉན་ཚོགས་འདུའི་ནང་ཞུགས་མཁན་གྱི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཚན་པ་སོ་སོའི་ངོ་སྤྲོད་འམ་ཡང་ན་གྲོང་མིའི་ཐོབ་ཐང་
ལག་ཁྱེར་འཁྱེར་ནས་རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་(སྒོ་ཨང་106)དུ་མིང་ཐོ་འགོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི་2024ལོའི་ཟླ་11ཚེས་19ཉིན་ནས་2024ལོའི་ཟླ་12ཚེས་2ཉིན་བར(ཁྲིམས་བཀོད་ངལ་གསོའི་ཉིན་ཕུད)ཡིན།
བཞི། དཔང་ཉན་ཚོགས་འདུ་འཚོག་མཁན་ལས་ཁུངས།
རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད།
ལྔ་པ། དཔང་ཉན་ཚོགས་འདུའི་ངེས་བྱ།
1.དཔང་ཉན་ཚོགས་འདུར་ཞུགས་མཁན་འཐུས་མིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལ་གཞིགས་ནས་ཐེངས་འདིའི་གཞི་རྩའི་ས་ཆའི་རིན་གོང་གཏན་འཁེལ་བྱེད་པའི་དགོས་ངེས་རང་བཞིན་དང་ ལག་བསྟར་བྱེད་ཐུབ་མིན་རང་བཞིན། ཚན་རིག་དང་མཐུན་པ། ཉེར་སྤྱོད་ཐུབ་པའི་རང་བཞིན་སོགས་ཀྱི་ནང་དོན་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་དགོས།
2.དཔང་ཉན་ཚོགས་འདུར་ཞུགས་མཁན་གྱིས་དཔང་ཉན་ཚོགས་འདུའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས་པ་ལས་ཐལ་མོ་རྡེབ་པ་དང་། སྐད་ཅོར་རྒྱག་པ། འུར་སྒྲ་སྒྲོག་པ་དེ་བཞིན་དཔང་ཉན་ཚོགས་འདུར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་བཅས་སྤེལ་མི་ཆོག
3.དཔང་ཉན་ཚོགས་འདུར་ཞུགས་མཁན་གྱིས་དཔང་ཉན་ཚོགས་འདུའི་གཙོ་སྐྱོང་པའི་ཆོག་མཆན་ཐོབ་རྗེས་གཏམ་བཤད་དང་། གསལ་བཤད། ངོ་ཐུག་ར་སྤྲོད། རྩོད་གླེང་བཅས་གླེང་དགོས།
4.རྫོང་ཁོངས་ལས་བྱེད་ཀྱིས་སོ་སོའི་ལས་ཁུངས་ནས་ངོ་སྤྲོད་ཡི་གེ་འཁྱེར་དགོས་པ་དང་ཡུལ་མིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་མིང་ཐོ་འགོད་དགོས། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་ནས་ཞིབ་བཤེར་བྱས་རྗེས་གཞི་ནས་འཐུས་མིའི་ཐོབ་ཐང་ཡོད།
5.འཐུས་མི་རྣམ་པས་ངེས་པར་དུ་མང་ཚོགས་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ས་སྤྱི་ཐད་ནས་དཔང་ཉན་ཚོགས་འདུའི་ནང་དོན་ལ་བསམ་འཆར་དང་གྲོས་འགོ་ཇི་མ་ཇི་བཞིན་འདོན་རྒྱུ།
6.དཔང་ཉན་ཚོགས་འདུའི་མཁོ་འདོན་བྱས་པའི་ཡིག་ཆ་དག་འཐུས་མིས་བསམ་འཆར་འདོན་སྐབས་དཔྱད་གཞི་བྱ་རྒྱུར་སྤྲད་པ་ཡིན། ཚོགས་འདུ་གྲོལ་རྗེས་ཡར་བསྡུ་རྒྱུ་ཡིན།
འབྲེལ་གཏུག་ལས་ཁུངས། རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད།
འབྲེལ་གཏུག་མི་སྣ། དཀོན་མཆོག་བསྟན་འཛིན།
འབྲེལ་གཏུག་ཁ་པར། 17816850523
དེ་དོན་ཆེད་དུ་སྤྱི་བསྒྲགས་བྱ་རྒྱུ།
རྒྱལ་རྩེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུད་ནས།
2024ལོའི་ཟླ་11ཚེས་18ཉིན།
终审:仓木决
编审:米玛次仁
编辑:白玛曲宗
来源:自然资源和林业草原局
投稿邮箱:
jzrmxwz@126.com