藏汉双语| 洛扎县教育局致家长一封信

政务   2024-12-27 19:22   西藏  


尊敬的家长朋友:

您好!

首先,感谢您对洛扎教育的关心与支持。寒假来临,为了确保您的孩子度过一个安全、健康、快乐和充实的寒假。在此,我们特意为您和孩子准备了一些建议和注意事项,希望能为您的家庭生活增添一份安心与欢乐。

一、重视品德教育

品德是一个人的立身之本。在家庭中,您是孩子最好的品德老师。请您以身作则,用自己的言行举止为孩子树立榜样,教育孩子诚实守信、尊老爱幼、团结友爱、乐于助人、遵守社会公德等良好品德。引导孩子树立正确的价值观和人生观,培养他们的社会责任感和家国情怀,让他们成为有道德、有良知、有担当的人。

二、加强安全教育

孩子的安全是我们最为关注的问题。请您教育孩子遵守交通规则,注意交通安全;不玩火、不玩电,防火灾、防诈骗、防触电、防网络沉迷、防煤气中毒、防传染病、防滑冰溺水等安全知识教育;注意饮食卫生,不食用过期变质和“三无”食品,预防食物中毒;要注意防范自然灾害。学会应对突发情况,如遇到陌生人搭讪时要保持警惕。切实增强学生的安全意识和自护自救能力。

三、关注学生学业发展

学习是孩子成长的重要任务。请您关注孩子的学习情况,与孩子一起制定合理的学习计划,培养他们良好的学习习惯,如按时完成作业、积极思考、主动阅读等。鼓励孩子敢于创新,引导他们树立克服困难的信心和勇气。同时,也要注重孩子综合素质的培养,支持他们参加各种有益的课外活动。

四、注重身心健康

健康的身心是孩子成长的基础。请您关注孩子的身心健康,合理安排孩子的饮食起居,保证他们充足的睡眠和营养。鼓励孩子积极参加体育锻炼,增强体质。同时,也要关注孩子的心理健康,多与孩子沟通交流,及时发现并解决他们在成长过程中遇到的心理问题,培养他们乐观向上的心态和坚强的意志品质。

五、支持家校合作

家校协同育人工作是促进孩子成长的有效途径。学校将定期组织家长会、规范化家长学校建设等活动,希望您能积极参加,与老师进行沟通交流,共同探讨教育孩子的方法和策略。同时,也希望您能积极支持学校的各项工作。为学校的发展建言献策,共同营造良好的教育环境。

家长朋友们,让我们携手并肩,为孩子们的未来撑起一片蓝天,让孩子们一定能够健康快乐地成长,成为祖国的栋梁之才。再次感谢您对洛扎县教育工作的大力支持与配合!

最后,我们衷心祝愿您和您的家人新年快乐、身体健康、扎西德勒!

此致

敬礼       

          洛扎县教育局(体育局)

                2024年12月27日


གུས་པར་འོས་པའི་རྒྱ་ཆེའི་ཁྱིམ་བདག་གྲོགས་པོ་རྣམ་ལ།

སྐུ་ཁམས་བཟང་།  

ཐོག་མར་སྐུ་ཉིད་ནས་སྔ་ཕྱི་བར་གསུམ་དུ་ལྷོ་བྲག་གི་སློབ་གསོར་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དགུན་གསེང་སླེབས་ལ་ཉེ་བས། སྐུ་ཉིད་ཀྱི་ཕྲུ་གུ་བདེ་འཇགས་དང་བདེ་ཐང་། དགའ་སྤྲོ། བདེ་སྐྱིད་ཕུན་སུམ་ཚོགས་པའི་དགུན་གསེང་ཞིག་ལ་དགའ་གཏོང་ཐུབ་ཆེད། འདིར་ཆེད་དུ་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་ཞིག་གསལ་བཤད་ཞུ་རྒྱུ་ཡིན་པས་རེ་བར་སྐུ་ཉིད་དང་སྐུ་ཉིད་ཀྱི་ཁྱིམ་ཚང་ལ་ཕན་ཐོགས་ཡོང་རྒྱུའི་འདུན་པ་ཆེ།

    གཅིག  ཀུན་སྤྱོད་སློབ་གསོར་མཐོང་ཆེན།

    ཡ་རབས་སྤྱོད་གཙང་མི་ཡི་རྒྱན་ཆ་ཡིན་ཞེས་པ་ལྟར།  ཁྱིམ་ཚང་ནང་ཕ་མ་ནི་ཕྲུ་གུའི་ཀུན་སྤྱོད་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་ཡག་ཤོས་དེ་ཡིན་པས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཕྲུ་གུར་རང་དཔེ་གཞན་སྟོན་ཐུབ་པ་བྱས་ཏེ་ཡ་རབས་གཞུང་དྲང་དང་རྒན་བཀུར་གཞོན་གཅེས།  མཐུན་སྒྲིལ་རོགས་རེས། གཞན་ཕན་ལྷག་བསམ། སྤྱི་མཐུན་སྤྱོད་གཙང་གསོ་སྐྱོང་ཐུབ་པ་དང་ཡང་དག་པའི་མི་གཤིས་སྐྱོང་བ། དེ་བཞིན་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཁོང་ཚོའི་སྤྱི་ཚོགས་ཀྱི་འགན་འཁུར་བསམ་པ་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བའི་འདུ་ཤེས་གསོ་སྐྱོང་བྱས་ནས་ཕྲུ་གུ་ཚོ་ཀུན་སྤྱོད་ལྡན་པ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་མི་ཞིག་ཏུ་འགྱུར་བ་བྱེད་དགོས།

     གཉིས། བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།

བྱིས་པའི་བདེ་འཇགས་ནི་ང་ཚོས་ཆེས་དོ་སྣང་བྱེད་པའི་གནད་དོན་ཞིག་ཡིན། ཁྱེད་ཀྱིས་བྱིས་པར་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ། མེ་རྩེད་དང་གློག་རྩེད་བྱེད་པར་བཀག་འགོག་ནན་པོ་བྱས་ཏེ་མེ་སྐྱོན་དང་ཁ་བསླུས་སྔོན་འགོག གློག་འཁྱུད་པ་དང་དྲ་རྒྱར་དབྱིངས་ཚུད་པ་སྔོན་འགོག་བྱེད་པ། དེ་བཞིན་སོལ་རླངས་ཀྱི་དུག་ཕོག་པ་དང་འགོས་ནད་སྔོན་འགོག་བྱེད་པ། འཁྱགས་འདྲེད་ཐེབས་ནས་ཆུ་ལ་ལྷུང་བ་སྔོན་འགོག་བྱེད་པ་སོགས་ཀྱི་བདེ་འཇགས་ཤེས་བྱའི་སློབ་གསོ་གཏོང་དགོས་ལ། བཟའ་བཏུང་གི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། དུས་ཚོད་ཡོལ་ཞིང་ངོ་བོ་འགྱུར་བ་དང“མེད་པ་གསུམ”གྱི་བཟའ་བཅའ་སྤྱོད་པར་འགོག་སྲུང་བྱས་ཐོག ཟས་དུག་ཕོག་པར་སྔོན་འགོག་བྱ་དགོས། རང་བྱུང་གནོད་འཚེ་སྔོན་འགོག་བྱ་རྒྱུར་དོ་སྣང་བྱས་ཏེ་གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་གཅོག་ཤེས་པ་དགོས་པ་མ་ཟད། གལ་ཏེ་ཆ་རྒྱུས་མེད་པའི་མི་དང་འཕྲད་ཚེ་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་བྱས་ནས་ཕྲུ་གུའི་བདེ་འཇགས་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།

    གསུམ། སློབ་གཉེར་འཕེལ་རྒྱས་ལ་དོ་སྣང་བྱེད་དགོས

སློབ་སྦྱོང་ནི་ཕྲུ་གུ་འཚར་ལོངས་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཁྱེད་ཀྱིས་བྱིས་པའི་སློབ་སྦྱོང་གི་གནས་ཚུལ་ལ་དོ་སྣང་བྱས་ཏེ། ཕྲུ་གུ་དང་མཉམ་དུ་ལུགས་མཐུན་གྱི་སློབ་སྦྱོང་འཆར་གཞི་བཟོས་ནས། ཁོ་ཚོའི་སློབ་སྦྱོང་གི་གོམས་གཤིས་བཟང་བོ་གསོ་སྐྱོང་བྱེད་དགོས་པ་དཔེར་ན། དུས་ཚོད་ལྟར་ལས་འགན་ལེགས་འགྲུབ་བྱེད་པ་དང་བསམ་གཞིག་གི་ནུས་པ་མཐོར་འདེགས་གཏོང་བ། རང་འགུལ་གྱིས་ལྟ་ཀློག་བྱེད་པ་སོགས་དང་། ཕྲུ་གུས་གསར་གཏོད་བྱེད་ཕོད་པར་སྐུལ་སློང་བྱས་ནས་ཁོང་ཚོར་དཀའ་ངལ་ཁྱད་བསད་བྱེད་པའི་བློ་སྤོབས་དང་སྙིང་སྟོབས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། དུས་མཚུངས་སུ་བྱིས་པའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱེད་པར་ཡང་དོ་སྣང་བྱས་ཏེ། ཁོང་ཚོར་ནུས་ལྡན་གྱིས་སློབ་གསེང་བྱ་འགུལ་སྣ་ཚོགས་ལ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས།

      བཞི། ལུས་སེམས་བདེ་ཐང་ཡོང་བར་དོ་སྣང་བྱ་དགོས

བདེ་ཐང་གི་ལུས་སེམས་ནི་ཕྲུ་གུ་འཚར་ལོངས་ཡོང་བའི་རྨང་གཞི་ཡིན། ཁྱེད་རང་གི་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་དོ་ཁུར་དང་ཕྲུ་གུའི་བཟའ་བཏུང་དང་འགྲོ་འདུག་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ་ཁོ་ཚོར་འདང་ངེས་ཀྱི་གཉིད་དང་འཚོ་བཅུད་འགན་ལེན་ཐུབ་པ་བྱེད་དགོས་ལ། ཕྲུ་གུ་རྣམས་ལུས་རྩལ་སྦྱོང་བརྡར་ནང་ཧུར་ཐག་གི་བཞུགས་སུ་བཅུག་ནས་གཟུགས་གཞི་ཐང་པོ་ཡོང་བ་བྱེད་དགོས། དེ་དང་ཆབས་ཅིག་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱས་ཏེ་ཕྲུ་གུ་དང་སྐད་ཆ་མང་ཙམ་ཤོད་པ་དང་བསམ་བློ་སྤེལ་རེས་མང་ཙམ་བྱས་ནས་ཁོང་ཚོ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་འཕྲད་པའི་སེམས་ཁམས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་ཁོང་ཚོའི་སྤྲོ་སྣང་ཡར་ཐོན་གྱི་སེམས་ཁམས་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་གསོ་སྐྱོང་བྱེད་དགོས། 

      ལྔ། ཁྱིམ་ཚང་དང་སློབ་གྲྭ་འཕྱར་བ་གྲུ་འདེགས་ཡོང་བ་བྱེད་དགོས། 

ཁྱིམ་ཚང་དང་སློབ་གྲྭ་འཕྱར་བ་གྲུ་འདེགས་བྱ་རྒྱུ་ནི་ཕྲུ་གུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན། སློབ་གྲྭས་འཆར་གཞི་ལྟར་ཁྱིམ་བདག་གི་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ་ཁྱིམ་སློབ་ཟུང་སྦྲེལ་གྱི་བྱེད་སྒོ་ཚད་ལྡན་དུ་བཏང་ནས་ཁྱིམ་བདག་བྱེད་སྒོར་ཧུར་ཐག་གི་བཞུགས་ཐོག་དགེ་རྒན་དང་འབྲེལ་གཏུག་སྤེལ་རེས་བྱས་ནས་ཕྲུ་གུར་སློབ་གསོ་གཏོང་བའི་ཐབས་ཤེས་དང་ཐབས་ཇུས་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་རོགས་ཞུ་རྒྱུ་དང་ཕྲུ་གུའི་སློབ་གསོ་ཡག་ཐོག་ཡག་བརྩེག་ཡོང་བར་འབད་དགོས་ཤིང་དུས་མཚུངས་སུ་སློབ་གྲྭའི་ལས་དོན་ཁག་ལ་རྒྱབ་སྐྱོར་ཧུར་ཐག་དང་ཐུན་མོང་ཐོག་བསམ་འཆར་བསམ་གྲོས་འདོན་སྤེལ་བྱས་ནས་སློབ་གྲྭའི་སློབ་གསོ་ལ་གཡས་གཞོགས་གཡོན་འདེགས་ཡོང་བ་བྱེད་དགོས།

ཁྱིམ་བདག་གྲོགས་པོ་རྣམ་པ། ང་ཚོས་ལག་གདང་སྦྲེལ་ནས་ཕྲུ་གུ་ཚོ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བ་བྱས་ཏེ་མེས་རྒྱལ་གྱི་རྐང་འཛིན་མི་སྣར་འགྱུར་བར་མཉམ་དུ་འབད་རོགས།

སླར་ཡང་སྐུ་ཉིད་ནས་ལྷོ་བྲག་རྫོང་གི་སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཇུག་ཏུ་ང་ཚོས་སྙིང་ཐག་པ་ནས་ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་སྐུ་གཟུགས་གསལ་ཐང་དང་མཛད་འཕྲིན་ཡར་འཕེལ་ལོ་གསར་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།  

  

                  ལྷོ་བྲག་རྫོང་སློབ་གསོ་ཅུད།༼ལུས་རྩལ་ཅུད༽ནས།

                          སྤྱི་ལོ་2024ལོའི་ཟླ་བ་12པའི་ཚེས་27ཉིན།






审   核:尼玛卓嘎
校   对:索朗达吉
编   辑:嘎     珍
来   :县教体局

秘境洛扎
发布信息
 最新文章