【抗震救灾•拉孜】རྗོང་ཨུད་ཧྲུའུ་ཅིས་ཡོམ་འགོག་གེཌ་སེལ་གྱི་འཐབ་ས་དང་པོར་་

民生   2025-01-14 15:31   西藏  

欢迎提供新闻线索:lztvxwb@qq.com

ཉིན་ཤས་བསྟུད་མར། རྫོང་ཨུད་ཀྱི་ཧྲུའུ་ཅི་ཞི་ཕུའུ་ཕིང་གིས་ཡོམ་འགོག་གེགས་སེལ་འཐབ་ས་དང་པོའི་ས་ཡུལ་དངོས་སུ་བསྐྱོད་ནས། གནོད་འཚེ་ཕོག་པའི་མི་སྣ་བཀོད་སྒྲིག་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་མ་ཟད། མང་ཚོགས་རྣམས་ལ་ཡིད་ཆེས་བརྟན་པོ་འཛུགས་པ་དང་། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པ་བྱས་དགོས་པའི་སྐུལ་ལྕག་གནང་ཡོད་པ་དང་།



བདེ་འཁོད་ཁུལ་དུ། ཞི་ཕུའུ་ཕིང་གིས་མང་ཚོགས་རྣམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་བརྒྱུད་བསྒྲགས་གནང་བ་དང་། བདེ་འཁོད་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་རྣམས་དང་བྱམས་བརྩེའི་ངང་གླེང་མོལ་གྱི་ཐོག་ནས་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་གནས་ཚུལ་དང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཐད་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བདེ་འཁོད་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ཀྱི་ཞག་སྡོད་དང་། དྲོད་སྲུང་། བཟའ་བཏུང་སོགས་ཀྱི་འགན་སྲུང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཡིད་ཆེས་དང་སེམས་ཤུགས་ཆེན་པོའ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུའི་སྐུལ་ལྕག་གནང་ཡོད་པ་རེད།




ཁོང་གིས། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་། གྲོང་ཨུད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བྱ་རྒྱུའི་སྐོར་གྱི་བླང་བྱ་དང་ཞིབ་ཕྲའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་སྐོར་གྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཐུབ་པ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཁོད་བཀོད་སྒྲིག་བྱ་རྒྱུ་ཨང་དང་པོར་བཞག་ནས། ནུས་ཤུགས་ཡོད་རྒུས་གནས་སྐབས་བདེ་འཁོད་ཀྱི་ལྷུ་སྒྲིག་ཁང་པ་འཛུགས་སྐྲུན་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་སྲུང་སོགས་ལས་དོན་ཁག་ཏན་ཏིག་བསྒྲུབ་དགོས་ཤིང་། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་གནོད་འཚེ་ཕོག་པའི་གྲངས་གཞིར་ཞིབ་དཔྱད་གནད་འཁེལ་བྱ་དགོས་པ། གསུམ་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བདེ་འཁོད་བཀོད་སྒྲིག་ཡག་པོ་བྱ་དགོས་པ། བཞི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གེགས་སེལ་དངོས་ཟོག་ལ་དོ་དམ་བྱ་དགོས་པ་བཅས་ནན་བཤད་གནང་ཡོད་པ་རེད།



来 源:县委办

编 辑、翻译(初审):巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章