“提素养 促健康”健康素养66条 (藏文版) 中国公民健康素养 基本知识与技能 2024版

健康   2024-06-25 17:02   青海  






“提素养 促健康”

健康素养66条


- 全民健康素养    宣传月 -


PART . 01

གཞི་རྩའི་ཤེས་བྱ་དང་འདུ་ཤེས།

༡ བདེ་ཐང་ནི་མིའི་ལུས་པོར་ནད་གཞི་མེད་པའམ་ཡང་ན་ལུས་གཟུངས་ཞན་པོ་མིན་པ་ཙམ་མ་ཡིན་པར་། འདི་ནི་ལུས་ཁམས་དང་། སེམས་ཁམས་།

སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ཐུབ་པའི་རྣམ་པ་བཅས་འཐུས་སྒོ་ཚང་བ་ཞིག་ལ་གོ་དགོས།

སྔོན་འགོག་ནི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ཆེས་ཕན་ནུས་ལྡན་པ་དང་།

ཆེས་དཔལ་འབྱོར་གྱི་བྱེད་ཐབས་ཞིག་རེད།

༢ སྤྱི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་བཅའ་ཁྲིམས་ཀྱིས་སྲུང་་་སྐྱོབ་ཐོབ་པ་དང་།  མི་ཚང་མར་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་མི་གཞན་གྱི་བདེ་ཐང་ལ་གནོད་འཚེ་མི་གཏོང་བའི་འགན་འཁྲི་ཡོད།

༣ རང་འགུལ་ངང་བདེ་ཐང་ཤེས་བྱ་སློབ་སྦྱོང་དང་། ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་དགོས།

 ༤ ཁོར་ཡུག་དང་བདེ་ཐང་གི་འབྲེལ་བ་དམ་ཟབ་ཡོད་པས། དེར་བསྟེན།ཁོར་ཡུག་ལ་སྲུང་སྐྱོབ་དང་བདེ་ཐང་ལ་སྐུལ་འདེད་གཏོང་དགོས།

༥  ཁྲག་སྦྱིན་གཏོང་བ་ནི་རང་གཞན་གཉིས་ལ་ཕན་པའི་དགེ་བའི་་ལས་ཡིན།

༦ མི་ཚང་མས་ངེས་པར་དུ་ནད་པ་དང་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་དང་རོགས་རམ་བྱེད་པ་ལས་མཐོང་ཆུང་བྱེད་མི་རུང།

༧ དུས་བཀག་ལྟར་བདེ་ཐང་ལ་དམིགས་པའི་གཟུགས་གཞིར་བརྟགས་དཔྱད་བྱེད་དགོས།

༨  ཁྲག་ཤེད་དང་། ལུས་པོའི་དྲོད་ཚད་། དབུགས་གཏོང་ལེན་དང་་སྙིང་ཁམས་འཕར་ཚད་ནི་མིའི་ལུས་པོའི་ཚེ་སྲོག་གི་ལུས་རྟགས་ཆེན་པོ་་བཞི་རེད།

༩  འགོས་ནད་འབྱུང་ཁུངས་དང་། མཆེད་ལམ་དང་འགོས་སླ་བའི་མི་ཚོགས་ནི་འགོས་ནད་ཁྱབ་པའི་ལྷུ་ཚིགས་ཁག་གསུམ་རེད།

༡༠ ཕྲུ་གུ་སྐྱེས་ཚར་པའི་རྗེས་རིམས་འགོག་གི་གོ་རིམ་ལྟར་རིམསའགོག་སྨན་ཁབ་རྒྱག་དགོས།

༡༡ ཨེ་རྫིའི་ནད་དང་། མཆིན་ཚད་ཁ་པ་། མཆིན་ཚད་ག་པ་བཅས་ནི་ཁྲག་དང་།འཁྲིག་སྤྱོད། ལུས་འབྲེལ། མ་བུ་མངལ་འབྲེལ་བཅས་འགོ་ལམ་ཁག་གསུམ་བརྒྱུད་ནས་འགོས་ཀྱི་ཡོད་པ་ལས་དུས་རྒྱུན་གྱི་འཚོ་བ་་དང་ལས་ཀའི་འབྲེལ་གཏུག་ཙམ་གྱི་འགོས་མི་འཐུབ།

༡༢ གློ་ལུ་བ་དང་། ཁ་ལུད་ལུ་ནས་གཟའ་འཁོར་གཉིས་ཡན་ཟིན་པ་དང་ཆབས་ཅིག་ལུད་པའི་ནང་ཁྲག་ཡོད་ན་གང་མགྱོས་སྨན་པ་བསྟེན་ནས་གློ་ཅོང་གི་ནད་འགོ་ཡོད་མིན་བརྟག་དཔྱད་བྱེད་དགོས།

༡༣ཁྱིམ་ཚང་ནང་ཁྱི་དང་ཞི་མི་གསོ་ཉར་བྱས་ཡོད་ན་ཕྱུགས་སྤྱོད་ཁྱི་སྨྱོནརིམས་འགོག་སྨན་ཁབ་རྒྱག་དགོས། མི་ལ་ཁྱི་དང་ཞི་མིས་རྨུགས་་ནས་རྨ་བཟོས་པ་ཡིན་ན་དུས་ཐོག་ཏུ་རྨ་ཁ་ཆུ་གཙང་མས་འཁྲུད་དགོས་པ་དང་ཆབསཅིགམིསྤྱོད་ཁྱི་སྨྱོན་རིམས་འགོག་སྨན་ཁབ་རྒྱག་དགོས།

༡༤  དུག་སྦྲང་དང་། སྦྲང་ནག་། ཙི་ཙི། འབུ་ཀྲང་སོགས་ཀྱིས་ནད་རིགས་འགོས་ཁྱབ་འགྲོ་བའི་རྒྱུ་བྱེད་སྲིད།

༡༥ ནད་ཕོག་ནས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་བཟའ་མི་རུང་ལ་རི་དྭགས་ཀྱི་ཤ་དེ་བས་བཟའ་མི་རུང་།

༡༦ ཁྲག་ཤེད་ཀྱི་འགྱུར་བ་ལ་ཡིད་གཟབ་བྱས་ཏེ། ཁྲག་ཤེད་ནད་ཀྱི་་ཉེན་ཁ་ལས་གཡོལ་ཐབས་བྱེད་པ་དང་། ཁྲག་ཤེད་ནད་ཡོད་མཁན་གྱིས་རང་གི་རང་ལ་བདེ་ཐང་གི་དོ་དམ་བྱེད་ཐབས་ཤེས་པ་བྱེད་དགོས།

༡༧ ཁྲག་མངར་གྱི་འགྱུར་བ་ལ་ཡིད་ཟབ་བྱས་ཏེ། གཅིན་སྙི་ཟ་ཁུའུ་ནད་ཀྱི་ཉེན་ཁ་ལས་གཡོལ་ཐབས་བྱེད་པ་དང་ནད་པས་རང་གིས་རང་་ལ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས།

༡༨ གློ་བའི་ནུས་པར་དོ་སྣང་དང་། དལ་འགོག་གློ་བའི་ཉེན་ཁའི་རྒྱུ་་རྐྱེན་ཚོད་འཛིན་དང་། དལ་འགོག་གློ་བའི་ནད་གཞི་ཕོག་པའི་ནད་པས་རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་ཡག་པོ་བྱེད་དགོས།

༡༩ འབྲས་སྐྲན་ནད་གཞི་བརྟག་དཔྱད་བྱེད་རྒྱུར་ཧུར་བརྩོན་ངང་བཞུགས་ནས་འབྲས་སྐྲན་ནད་དང་འབྲས་སྐྲན་སྔ་རོལ་གྱི་འགྱུར་བ་སྔ་ས་ནས་རྩད་ཆོད་རྒྱུས་ལོན་ཡོང་བ་བྱ་དགོས།

༢༠  རུས་སོབ་ནད་སྔོན་འགོག་དང་། རུས་པའི་བདེ་ཐང་ལ་སྐུལ་འདེད་གཏོང་དགོས།

༢༡ རྒན་རྒོན་ལ་གཅེས་སྐྱོང་བྱས་ཏེ་རྒན་རྒོན་འགྱེལ་བའམ་རིལ་བ་སྔོན་འགོག་དང་དྲན་ཤེས་ཉམས་པའི་ནད་ཕོག་མིན་དབྱེ་འབྱེད་ཤེས་དགོས།

༢༢  གཞོན་ནུ་ལོ་ཆུང་དང་བུད་མེད་ཀྱི་སྐྱེ་འཕེལ་བདེ་ཐང་ལ་གཅེས་སྐྱོང་བྱེད་པ་དང་།བདེ་འཇགས་དང་འཕྲོད་པའི་སྦྲུམས་འགོག་བྱེད་་ཐབས་འདེམས་དགོས་པ་ལས་འདོད་མོས་མིན་པའི་མངལ་ཆགས་་་པར་སྔོན་འགོག་དང་ཉུང་དུ་གཏོང་དགོས་པ་མ་ཟད་ངེས་པར་དུ་བུ་བཙའི་ནུས་པ་སྲུང་སྐྱོབ་བྱེད་དགོས།

༢༣ ངལ་རྩོལ་པར་བཅའ་ཁྲིམས་ལྟར་ལས་རིགས་བདེ་ཐང་སྲུང་སྐྱོང་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་དགོས། ངལ་རྩོལ་པས་ལས་གནས་དང་ལས་ཀའི་ཁོར་ཡུག་ཁྲོད་གནས་པའི་ཉེན་ཁའི་རྒྱུ་རྐྱེན་ཤེས་རྟོགས་བྱ་དགོས། ༼དཔེར་ན། ཐལ་རྡུལ་དང་མཛེར་སྒྲ་། དུག་ལྡན་གནོད་ལྡན་རླུང་་་་གཟུགས་སོགས་།༽ཚུད་ཡོད། བཀོལ་སྤྱོད་སྒྲིག་སྲོལ་ལ་བརྩི་སྲུང་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ལས་རིགས་བདེ་ཐང་ལ་གནོད་འཚེ་མི་ཕོག་པ་བྱ་དགོས།

༡༤ ལུས་ཁམས་བདེ་སྲུང་ཟས་རིགས་ནི་སྨན་རྫས་མིན་པས།  ལུས་ཁམས་བདེ་སྲུང་ཟས་རིགས་ཡང་དག་འདེམ་སྤྱོད་བྱེད་དགོས།

PART . 02

བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དང་བྱ་སྤྱོད།


༢༥ ལུས་པོའི་ལྗིད་ཚད་དང་ནད་རིགས་སྣ་ཚོགས་ཕོག་པ་དང་འབྲེལ་བ་ཡོད་པ་དང་།  ཟ་འགུལ་དོ་མཉམ་དང་། བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་པ་ལས་ལྗིད་ཚད་ལས་བརྒལ་པ་དང་ཤ་རྒྱགས་པ་མ་ཆག་པ་བྱེད་དགོས།

༢༦ བཟའ་བཅའ་འབྲུ་རིགས་གཙོ་བོར་བཟུང་པ་དང་། སྔོ་ཚལ་དང་། ཤིང་ཏོག་། ཞོག་ཁོག་རིགས་ཀྱང་མང་ཙམ་བཟའ་དགོས་པ་མ་ཟད་། དཀར་དམར་དང་ཞིབ་རྩིང་མཉམ་སྡེབ་ལའང་དོ་སྣང་བྱེད་དགོས།

༢༧ བཟའ་བཅའི་ནང་ཚ་དང་སྣུམ། མངར་ཆ་ཉུང་ཙམ་དང་ཚད་དང་ལྡན་པའི་ཏན་ཚྭ་བེད་སྤྱོད་བྱེད་དགོས།

༢༨ ཉིན་ལྟར་འོ་རྒྱུའི་རིགས་དང་སྲན་མའི་རིགས། དེ་བཞིན་དེ་དག་ལས་བཟོས་པའི་བཟའ་བཅའ་བཟའ་རྒྱུ་དར་སྤེལ་གཏོང་དགོས་ལ་ཤུན་མཁྲེགས་ཤིང་ཏོག་ཀྱང་འོས་འཚམ་བཟའ་དགོས།

༢༩ བཟའ་བཅའ་ཚོས་རྗེན་དབྱེ་ནས་ལས་སྣོན་དང་ཉར་ཚགས་བྱེད་པ་དང་།

ཤིང་ཏོག་དང་སྔོ་ཚལ་རྗེན་པ་ཟ་ན་གཙང་མར་འཁྲུད་དགོས། རུལ་བ་དང་དུས་ཚོད་ཡོལ་བའི་བཟའ་བཅའ་ཟ་མི་རུང་།

༣༠  ཟས་རིགས་ལ་གཅེས་སྤྲས་བྱས་ནས་འཕྲོ་བརླག་མི་གཏོང་བ་དང་། སྤྱི་ཐུར་བེད་སྤྱོད་གཏང་ནས་ཟས་རིགས་ཁག་སོ་སོ་བགོས་ནས་གཙང་སྦྲ་དར་སྤེལ་གཏོང་དགོས།

༣༡ འཐུང་ཆུའི་གཙང་སྦྲ་ལ་དོ་སྣང་དང་། ཉིན་ལྟར་འཐུང་ཆུ་ འདང་ངེས་འཐུང་དགོས་པ་ལས་མངར་ཆ་འདུས་པའི་འཐུང་ཆ་གྲང་མོའི་རིགས་ཉུང་ཙམ་འཐུང་དགོས།

༣༢ ཚན་རིག་དང་ཐུན་པའི་ལུས་སྦྱོང་བྱེད་དགོས་པ་མ་ཟད་ལུས་སྦྱོང་མཐའ་འཁྱོངས་བྱེད་རྒྱུ་ནི་དེ་བས་གལ་ཆེ། བདེ་ཐང་གི་མི་དར་མ་ཞིག་གི་གཟའ་འཁོར་རེར་སྐར་མ་༡༥༠་༣༠༠བར་གྱི་འགུལ་ཚད་འབྲིང་ཙམ་གྱི་འགུལ་སྐྱོད་བྱེད་དགོས་པ་དང་། ཡང་མན་ན་སྐར་མ་༧༥་༡༥༠བར་གྱི་དྲག་ཚད་མཐོ་བའི་འགུལ་ཚད་བྱེད་དགོས། གཟའ་འཁོར་རེའི་ནང་ཐེངས་མ་༢་༣བར་གྱི་འགོག་རྒོལ་སྦྱོར་བརྡར་བྱེད་དགོས།

 ༣༣ ཐ་མག་གམ་གློག་རྡུལ་ཐ་མག་འཐེན་རྒྱུ་མེད། ཐ་མག་འཐེན་པའམ་ཡང་ན་གློག་རྡུལ་ཐག་མག་འཐེན་ན་ནད་གཞི་མང་པོ་ཕོག་སྲིད། གློག་རྡུལ་ཐག་མག་ནང་གནོད་ལྡན་དངོས་པོ་མང་པོ་ཞིག་ལྡན་ཡོད་པས་དེར་བརྟེན་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་སྲིད།

༣༤ རྡོ་ཐར་བརྟེན་རྒྱུ་ནི་དལ་གཤིས་དབྱིངས་ཞུགས་རང་བཞིན་གྱི་་་ནད་རིགས་ཤིག་རེད། དེར་བརྟེན།ཐ་མག་གཅོད་རྒྱུ་ཇེ་ཙམ་སྔ་ན་དེ་ཙམ་ཡག་པ་ཡོད།

༣༥ ལོ་ན་གང་རུང་ཞིག་གིས་ཐ་མག་གཅོད་ནའི་ཕན་ཐོག་ཡོད། གལ་སྲིད་ཐ་མག་གཅོད་པའི་སྐབས་ཐ་མག་གཅོད་མི་འཐུབ་པ་ཡིན་ན་ཆེད་ ལས་ཐ་མག་གཅོད་མཁན་ཞབས་ཞུ་མི་སྣ་འཚོལ་དགོས།

༣༥ ཆང་རག་ཉུང་ཙམ་འཐུང་བ་ལས་ཚོད་མེད་འཐུང་རྒྱུ་མེད།

༣༦ སེམས་ཁམས་བདེ་ཐང་ཡོང་བར་དོ་སྣང་བྱས་ཏེ། སེམས་ཁམས་ཀྱི་གནད་དོན་བྱུང་ན་རང་འགུལ་གྱིས་རོགས་རམ་འཚོལ་དགོས།

༣༧ མི་ཚང་མར་སེམས་འཚིག་དང་ཡི་མུག་གི་སེམས་ཁམས་འབྱུང་་་སྲིད།སེམས་འཚིག་དང་ཡིད་མུག་ནད་ལ་ངོས་འཛིན་ཡང་དག་བྱ་་དགོས།

༣༨ ཕ་མ་དང་ཕྲུ་གུའི་བར་བསམ་ཚུལ་བརྗེ་རེས་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ཀྱིས་བྱིས་པའི་སྐྱེ་འཚར་ལ་སྐུལ་འདེད་གཏོང་འཐུབ། ཕྲུ་གུར་སེམས་ཁམས་ཀུན་སྤྱོད་འཚར་ལོངས་ཀྱིས་གནད་དོན་ཡོད་པ་ཤེས་རྟོགས་ཐུབ་ཚེ་སྔ་ས་ནས་ཡོ་བསྲང་བྱེད་དགོས།

༣༩ ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ནས་གཉིད་འདང་ངེས་ཞིན་པ་ཁུག་དགོས།

༤༠  མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་དང་། འཕྲོད་བསྟེན་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་དགོས།

༤༡ ཁ་སྦུག་བདེ་ཐང་སྲུང་སྐྱོབ་དང་། ཞོགས་དགོང་གཉིས་ལ་སོ་བཀྲུ་བ།

ཟས་རིགས་བཟས་པའི་རྗེས་ཁ་སྦུག་བཀྲུ་ཤལ་གཏོང་དགོས།

༤༢ ཚན་རིག་དང་མཐུན་པའི་སྨན་བཅོས་དང་། དུས་ཐོག་ཏུ་སྨན་བཅོས་བྱེད་པ། སྨན་པའི་བཀའ་མངགས་ལྟར་སྨན་བཅོས་བྱེད་དགོས་པ་དང་།སྨན་བཅོས་འཇུག་འབྲས་ལ་ལྟ་སྟངས་ཡང་དག་འཛིན་དགོས།

༤༣ ལུགས་མཐུན་གྱིས་སྨན་བཅོས་པ་སྟེ། ཁ་ནས་ཟ་བའི་སྨན་གྱིས་་་་ཕན་ན་སྨན་ཁབ་མི་རྒྱག་པ་དང་སྨན་ཁབ་གྱིས་ཕན་ན་སྨན་ཆུ་མི་བླུགས་པ། སྨན་པའི་བཀའ་མངགས་ལྟར་སྲིན་འགོག་སྨན་རྫས་བེད་སྤྱོད་གཏོང་དགོས།

༤༤ སྨན་པའི་བཀའ་མངགས་ལྟར་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་སོགས་དབྱིངས་ཞུགས་སླ་བའི་སྨན་རྫས་བེད་སྤྱོད་བྱེད་དགོས་པ་ལས་སྨན་རྫས་ལ་བརྟེན་རྒྱུ་སྔོན་འགོག་བྱེད་དགོས།

 ༤༥  དུག་རྫས་དང་ལེན་གཏན་ནས་མི་བྱེད།

 ༤༦ གྲོང་གསེབ་ཏུ་འཕྲོད་བརྟེན་གསང་སྤྱོད་བེད་སྤྱོད་དང་། མི་ཕྱུགས་ཀྱི་སྐྱག་གཅིན་ལ་དོ་དམ་ཡག་པོ་བྱ་དགོས།

༤༧ མགོ་ལ་བདེ་འཇགས་ཞྭ་མོ་གྱོན་པ་དང་། བདེ་འཇགས་སྐེ་རགས་བཅིངས་པ། མྱུར་ཚད་ཀྱི་ཚད་ལས་མི་འགལ་བ། ཆང་རག་བཏུང་ནས་་་རླངས་འཁོར་མི་གཏོང་བ། ངལ་བས་དུབ་རྗེས་རླངས་འཁོར་མི་གཏོང་་བ་།

བྱིས་པའི་བདེ་འཇགས་རྐུབ་སྟེགས་བཀོལ་སྤྱོད་བྱེད་པ།  འགྲིམ་འགྲུལ་དོན་རྐྱེན་ཉུང་དུ་གཏོང་བ་བཅས་བྱེད་དགོས།

༤༨ བྱིས་པར་གཅེས་སྐྱོང་དང་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱིས་པ་ཆུ་ལ་བྱིང་བར་སྔོན་འགོག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལ་བྱིང་མཁན་སྐྱོབ་རྒྱུའི་རོགས་རམ་གནང་རོགས་ཞུ་དགོས།

༤༩ དགུན་ཁ་དྲོད་ལ་བསྟེན་དུས་མཁའ་རླུང་ཤར་གཏོང་ཐུབ་རྒྱུར་་་ཡིད་གཟབ་བྱས་ནས་དབྱང་གཅིག་ཐན་རྫས་དུག་ཕོག་རྒྱུར་དོགས་ཟོན་བྱ་དགོས།

༥༠ རང་འགུལ་ངང་གཉེན་སྒྲིག་མ་བྱས་གོང་དང་མངལ་མ་ཆགས་གོང་གི་བདེ་སྲུང་དང་ལེན་བྱེད་དགོས། ལོ་ན་འཚམ་པའི་ཕྲུ་གུ་སྐྱེ་བ། མངལ་ཆགས་དུས་སྨན་པའི་བཀའ་མངགས་ལྟར་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་དང་མངལ་ཆགས་པའི་ཉེན་ཁའི་བརྟག་དཔྱད་དཔྱད་དཔོག་ཚད་ལྡན་དང་ལེད་བྱ་དགོས།

 ༥༡  ཕྲུ་གུ་སྐྱེས་པའི་རྗེས་གང་མགྱོགས་ཨ་མའི་འོ་མ་སྟེར་དགོས་ལ།

ཟླ་བ་དྲུག་ལོན་པའི་རྗེས་གཞི་ནས་ཟས་རིགས་གཞན་འོས་འཚམ་སྟེར་ན་་་འགྲིག།

 ༥༢ གཞོན་ནུ་ལོ་ཆུང་ཚོར་བདེ་ཐང་གི་བྱ་སྤྱོད་དང་འཚོ་བ་སྐྱེལ་སྟངས་གསོ་སྐྱོང་བྱ་དགོས། ཉིན་ལྟར་ཕྱི་ངོལ་དུ་ལུས་རྩལ་ཆུ་ཚོད་གཉིས་ཡན་བརྩེ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ལུས་རྩལ་ནུས་རྩལ་གཅིག་་ཡན་ཁོང་དུ་ཆུད་པ་བྱས་ནས་རྒྱང་སྒྲིབ་གི་ནད་དང་། ལུས་པོའི་ལྗིད་ཚད་ལྗིད་དྲགས་པ་། རྒྱགས་པ་ཆགས་པ་སོགས་སྔོན་འགོག་དང་། དྲ་རྒྱར་དབྱིངས་ཞུགས་པ་དང་ཆགས་སྤྱོད་སྔ་དྲགས་པ་མི་ཡོང་བའི་སྔོན་འགོག་བྱ་དགོས།


PART . 03

རྨང་གཞིའི་རྩལ་ནུས་།


༥༣    བདེ་ཐང་གི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ།
བདེ་ཐང་གི་ཆ་འཕྲིན་འཚོལ་བསྡུ་དང་། གོ་བ་ལེན་ཐུབ་པ། དབྱེ་སེལ་བྱེད་ཤེས་པ། བེད་སྤྱོད་གཏོང་ཐུབ་པ་བཅས་བྱེད་དགོས།

༥༤ བཟའ་བཅའི་ཤོག་བྱང་ཀློག་ཤེས་པ་བྱས་ནས་ལུགས་མཐུན་གྱི་་་སྔོན་ལ་ཐུམ་སྒྲིལ་བྱས་པའི་ཟས་རིགས་འདེམས་དགོས།

༥༥ རྒྱུན་མཐོང་གི་ཉེན་ཁའི་མཚོན་རྟགས་ངོས་འཛིན་ཐུབ་པ་བྱས་་་ནས་ཉེན་ཁ་དེ་དག་དང་རྒྱང་ཐག་གང་རིང་བྱ་དགོས།

༥༦ ཚན་རིག་དང་མཐུན་པའི་སྒོ་ནས་ཁྱི་ཚང་ནང་གི་རྒྱུན་སྤྱོད་སྨན་རྫས་ལ་དོ་དོམ་དང་། སྨན་རྫས་ཀྱི་ཤོག་བྱང་དང་གསལ་བཤད་ཡི་གི་ཀློག་ཤེས་པ་བྱ་དགོས།

༥༧  འཕར་རྩ་འཇལ་ཐུབ་པ་དང་། ལུས་པོའི་ལྗིད་ཚད་དང་ལུས་དྲོད་། ཁྲོག་ཤེད་བཅས་འཇལ་ཤེས་པ་བྱ་དགོས།

༥༨ རྫ་དྲག་སྨན་བཅོས་རོགས་སྐྱོར་དགོས་དུས་། མྱུར་སྐྱོབ་ཁ་པར་༡༢༠རྒྱབ་ཤེས་པ་བྱ་དགོས།

༥༩ ཞིང་སྨན་སོགས་དུག་ཡོད་པའི་དངོས་རྫས་ཉར་ཚགས་དང་བེད་སྤྱོད་ཡང་དག་པ་བྱས་ཏེ། བྱིས་པས་མི་རེག་པའི་སྔོན་འགོག་བྱ་་དགོས།

༦༠ དབུགས་ཆད་པ་དང་། སྙིང་མི་གཡུག་པའི་ནད་པའམ་རྨས་མ་་་་འཕྲད་སྐབས་སྙིང་དང་གློ་བའི་ནུས་པ་སླར་གསོ་བྱེད་ཤེས་པ་བྱ་དགོས་། རང་འགུལ་ལུས་ཕྱིའི་འདར་སེལ་ཡོ་ཆས་སློབ་སྦྱོང་བྱས་ཏེ་བེད་སྤྱོད་གཏོང་ཤེས་པ་བྱ་དགོས།

༦༡ རྨས་སྐྱོན་བྱུང་ནས་ཁྲག་མང་པོ་དོན་པའི་སྐབས་རྨ་རས་དཀྲིས་་ཤེས་པ་བྱ་དགོས། གལ་སྲིད་རུལ་ཆག་གི་དོགས་པ་ཡོད་པའི་རྨས་མ་ཡིན་ཚེ་གང་བྱུང་དུ་སྤོ་བའམ་སྒུལ་བསྐྱོད་བྱེད་མི་རུང་།

༦༢ འཚིག་རྨས་ཐག་གཅོད་བྱེད་ཤེས་པ་དང་། གསུས་པའི་རྡེག་རྡེབ་ཐབས་ཀྱིས་དབུགས་ལམ་གཞན་དངོས་ཕྱིར་ཕུད་ཤེས་པ་བྱ་དགོས།

༦༣ གློག་འཁྱུད་པའི་མི་སྐྱོབ་དུས་དུས་ཐོག་མར་གློག་ཁུངས་བཀག་པ་ལས་ལག་པས་གློག་འཁྱུད་པའི་མི་ལ་ཐད་ཀར་འཆང་མི་རུང།

༦༤ འཛུགས་སྐྲུན་དངོས་པོར་མེ་སྐྱོན་བྱུང་དུས་ལམ་སེང་མེ་སྐྱོན་ཁ་པར་༡༡༩ཉེན་བརྡའི་ཁ་པར་རྒྱག་ནས་རང་སྐྱོབ་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།

 ༦༥ རི་ཉིལ་བ་དང་། རྡིབ་པ་། འདམ་རྡོའི་ཆུ་རུད་སོགས་ས་གཤིས་་་་་་གནོད་འཚེ་དང་ས་ཡོམ་བྱུང་སྐབས།ཉེན་གཡོལ་བྱེད་ཐབས་ཡང་དག་དེམས་ན་རང་སྐྱོབ་མི་སྐྱོབ་བྱེད་འཐུབ།

 ༦༦  ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་བྱུང་སྐབས་། ཉེན་གཡོལ་བྱེད་ཐབས་ཡང་དག་འདེམས་དགོས་།


玉树州疾控中心
疾控动态、健康教育、防病知识
 最新文章