【普法时刻】第6集原告应该到哪个地方的人民法院提起诉讼?(汉藏双语རྒྱ་བོད་ཤན་སྦྱར་)

民生   2024-07-24 16:38   西藏  

点击上方蓝字关注我们




【措勤法院】 普法时刻


06






原告应该到哪个地方的人民法院提起诉讼?

ཞུ་སྦྱོར་སྔ་མ་བས་ས་གནས་གང་གི་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་བྱ་དགོས།

老百姓打官司,往往不清楚应该向哪个法院提起诉讼。一般来说,先确定自己的民事纠纷应当由哪个地区(一般应具体到县、不设区的市、市辖区一级)有管辖权的人民法院受理,再根据纠纷的性质和诉讼标的额的大小确定属于基层、中级、还是高级人民法院受理。依据《中华人民共和国民事诉讼法》的规定,对公民提起的民事诉讼,由被告住所地人民法院管辖,被告住所地与经常居住地不一致的,由经常居住地人民法院管辖。对法人或者其他组织提起的民事诉讼,由被告住所地人民法院管辖。同一个诉讼的几个被告住所地、经常居住地在两个以上人民法院辖区的,这些人民法院对案件都有管辖权。

རྒྱ་ཆེའི་མི་དམངས་མང་ཚོགས་གཏུག་བཤེར་བྱེད་སྐབས་ཁྲིམས་ཁང་གང་ལ་གཏུག་བཤེར་བྱེད་དགོས་པ་རྟག་ཏུ་གསལ་པོ་ཤེས་ཀྱི་མེད། སྤྱིར་བཏང་དུ། སྔོན་ལ་རང་ཉིད་ཀྱི་དམངས་དོན་རྩོད་གཞི་དེ་ས་ཁུལ་གང་(རྫོང་དང་། ཆུས་བཙུགས་མེད་པའི་གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་རིམ་པ་དང་པོར་བྱེ་བྲག་ཏུ་འགྲོ་དགོས)བདག་སྤྲོད་བྱེད་དབང་ཡོད་པའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་པ་གཏན་འཁེལ་བྱས་རྗེས། རྩོད་གླེང་གི་ངོ་བོ་དང་གཏུག་བཤེར་དམིགས་བྱའི་གྲངས་འབོར་གྱི་ཆེ་ཆུང་ལ་གཞིགས་ནས་གཞི་རིམ་དང་འབྲིང་རིམ། ཡང་ན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་པ་གཏན་འཁེལ་བྱེད་དགོས། 《དམངས་དོན་གཏུག་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། སྤྱི་དམངས་ལ་དམངས་དོན་གཏུག་བཤེར་བྱས་ན། ཞུ་སྦྱོར་ཕྱི་མའི་སྡོད་གནས་ཀྱི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་རྒྱུ་དང་། ཞུ་སྦྱོར་ཕྱི་མའི་སྡོད་གནས་དང་རྒྱུན་དུ་སྡོད་སའི་ས་གནས་གཉིས་གཅིག་མཐུན་མིན་ན་རྒྱུན་དུ་སྡོད་སའི་ས་གནས་ཀྱི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་རྒྱུ། ཁྲིམས་མིའམ་རྩ་འཛུགས་གཞན་དག་ལ་དམངས་དོན་གཏུག་བཤེར་བྱས་རིགས་ཞུ་སྦྱོར་ཕྱི་མ་སྡོད་སའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་རྒྱུ། གཏུག་བཤེར་གཅིག་གི་ཞུ་སྦྱོར་ཕྱི་མ་ཁ་ཤས་ཀྱི་སྡོད་གནས་དང་རྒྱུན་སྡོད་ས་གནས་མི་དམངས་ཁྲིམས་ཁང་གཉིས་ཡན་གྱི་མངའ་ཁོངས་སུ་ཡོད་ན། མི་དམངས་ཁྲིམས་ཁང་དེ་དག་ལ་གྱོད་དོན་ཚང་མར་བདག་སྐྱོང་བྱེད་དབང་ཡོད། 




END

来源 |  立 案 庭

翻译 | 华旦多杰

编辑 | 达瓦扎西

审核 | 朗      嘎

终审 | 罗布郑堆

西藏措勤县人民法院
发布司法信息,公开案件动态。
 最新文章