点击上方蓝字关注我们
【措勤法院】 普法时刻
04
民事起诉状应当包含哪些内容?
དམངས་དོན་ཞུ་ཡིག་ནང་ནང་དོན་གང་དག་འདུས་དགོས།
民事起诉状应当记明下列事项:
དམངས་དོན་ཞུ་ཡིག་ནང་གཤམ་གསལ་དོན་དག་གསལ་པོར་འགོད་དགོས་པ་སྟེ།
(一)原告的姓名、性别、年龄、民族、职业、工作单位、住所、联系方式,法人或者其他组织的名称、住所和法定代表人或者主要负责人的姓名、职务、联系方式;
གཅིག ཞུ་སྦྱོར་སྔ་མའི་མིང་དང་། ཕོ་མོ། ལོ་ཚོད། མི་རིགས། ལས་རིགས། ལས་ཀ་བྱེད་གནས།སྡོད་གནས། འབྲེལ་གཏུག་བྱེད་སྟངས། ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་མིང་དང་སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པའམ་འགན་འཁུར་བ་གཙོ་བོའི་མིང་དང་། གོ་གནས་དང་འབྲེལ་གཏུག་བྱེད་སྟངས།
(二)被告的姓名、性别、工作单位、住所等信息,法人或者其他组织的名称、住所等信息;
གཉིས། ཞུ་སྦྱོར་ཕྱི་མའི་མིང་དང་། ཕོ་མོ། ལས་ཀའི་སྡེ་ཚན། སྡོད་གནས་སོགས་ཀྱི་ཆ་འཕྲིན། ཁྲིམས་མིའམ་རྩ་འཛུགས་གཞན་དག་གི་མིང་དང་སྡོད་གནས་སོགས་ཀྱི་ཆ་འཕྲིན།
(三)诉讼请求和所根据的事实与理由;
གསུམ། གཏུག་བཤེར་གྱི་རེ་འདུན་དང་གཞི་འཛིན་སའི་དོན་དངོས་དང་རྒྱུ་མཚན།
(四)证据和证据来源,证人姓名和住所。
བཞི། དཔང་རྟགས་དང་དཔང་རྟགས་ཀྱི་འབྱུང་ཁུངས། དཔང་མིའི་མིང་དང་སྡོད་གནས་བཅས་ཡིན།
除上述内容外,民事起诉状尾部还应当写明受诉人民法院的全称和起诉的具体日期,并由起诉人署名或者盖章。
གོང་གསལ་གྱི་ནང་དོན་ཕུད། དམངས་དོན་ཞུ་ཡིག་གི་མཇུག་ཏུ་ད་དུང་ཞུ་གཏུག་དང་ལེན་བྱེད་མཁན་མི་དམངས་ཁྲིམས་ཁང་གི་མིང་ཆ་ཚང་དང་ཞུ་གཏུག་བྱས་པའི་དུས་ཚོད་ཁ་གསལ་པོར་འབྲི་དགོས་པ་མ་ཟད། ཞུ་གཏུག་བྱེད་མཁན་གྱིས་མིང་འགོད་པའམ་ཐམ་ག་རྒྱག་དགོས།
END
来源 | 立 案 庭
编辑 | 华旦多杰
审核 | 朗 嘎
终审 | 罗布郑堆