【ཞོགས་འཕྲིན】གཡང་ཕྱུག་མཚོ་ལ་འཁྲབ་སྟོན་མ་རྩེ་གྲའི་མཚན་སྙན་ཐོབ།

文摘   2024-11-29 07:50   青海  

ཞོགས་པ་བདེ་ལེགས། གངས་ཅན་ཁ་བའི་ལྗོངས།

དེ་རིང་ནི་སྤྱི་ལོ2024ལོའི་ཟླ11པའི་ཚེས29དང་། གཟའ་པ་སངས་ཡིན།

གངས་ལྗོངས་མེ་ལོང་དྲ་བའི་དྲ་ལམ་ཞོགས་འཕྲིན་ལ་

གསན་གཟིགས་གནང་བར་དགའ་བསུ་ཞུ།



1

ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་བའི་སྐབས་ལ། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཐག་ཡག་པོ་བཟུང་ནས། མཁོ་ཚོང་མཉམ་ལས་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་།



2

ཟླ11པའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོའར་ཞིས་ལ་གློག་འཕྲིན་བཏང་ནས། ཁོང་ཝུ་ལ་ཀུའེ་ཤར་འདབས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  

3

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱིས《གྲངས་འཛིན་ཉོ་ཚོང་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས།



4

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ10པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན22603ཞིབ་བཤེར་ཐག་གཅོད་བྱས།



5

2024ལོའི་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་ཟླ12པའི་ཚེས1ཉིན་སྤེལ་རྒྱུ་རེད།



6 

ཟླ12པའི་ཚེས1ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཞུང་དོན་སྣེ་ལེན་གྱི་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུ་རེད།



7

2024ལོའི་ཞིང་ཆེན་རིག་གནས་གསར་གཏོད་དང་ཡུལ་སྐོར་ཐོན་རྫས་འགྲན་སྡུར་ཆེན་མོ་ཟི་ལིང་དུ་བསྡུས་པ་དང་།  རིག་གནས་གསར་གཏོད་དང་ཡུལ་སྐོར་གྱི་ཐོན་རྫས་སྣ423ཀུན་གྱི་མིག་མདུན་དུ་བཤམས། 



8

 

ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་ཚོའི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་སྲུང་ཐད་དམངས་ཕན་སྲིད་ཇུས་གསར་བ་བཏོན།



9

 

ད་ལོའི་ཚུན་ལ་མཚོ་བྱང་གིས་སྤྱི་ཚོགས་རྩ་འཛུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སློབ་ཆེན་སློབ་མའི་ལས་ཞུགས་ཐད་རོགས་རམ་བྱས།




10

ཟླ11པའི་ཚེས27ཉིན། ཧུའུ་ནན་མི་རིགས་གློག་བརྙན་འགྲེམ་སྟོན་སྐབས་གཉིས་པའི་སྟེང་། བོད་ཀྱི་བུད་མེད་འཁྲབ་སྟོན་པ་གཡང་ཕྱུག་མཚོ་ལ་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་གཟི་བརྗིད་མཚན་སྙན་ཐོབ།



11

   

ཚེས29ཉིན་གྱི་ཆུ་ཚོད08ནས་ཚེས30ཉིན་གྱི་ཆུ་ཚོད20བར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མ་རྒྱལ།

སྙན་སྒྲོན་པ། ཡུ་མོ་རྒྱལ།

 རྩོམ་སྒྲིག་འགན་ཁུར་བ། དཔའ་གོ 

 ལྟ་སྐུལ་བ། སྐལ་བཟང་རྡོ་རྗེ།



雪域头条
全球最大的藏语视听门户敬请您关注! www.qhtb.cn
 最新文章