བློ་སྦྱོང་ཚིག་རྐང་བརྒྱད་མའི་འཆད་ཁྲིད།༩རྫོགས།

文摘   音乐   2022-11-17 21:55   四川  


ཅ༷བྱང་ཆུབ་སེམས་སྐྱེ་དོན་གཉིས་མཐར་ཕྱིན་ཤོག





རབ་བྱུང་དང་པོའི་ཤིང་རྟ་ལོར་འཁྲུངས།མཚན་རྡོ་རྗེ་སེང་གེ།པོ་ཏོ་བའི་དངོས་སློབ།བཀའ་གདམས་བློ་སྦྱོང་གི་མན་ངག་དམིགས་པའི་ས་བཅད་བརྒྱད་དུ་མཛད་པ་ལ་བློ་སྦྱོང་ཚིགས་བརྒྱད་མར་གྲགས་པ་དེ་ཚོགས་ཆོས་སུ་མཛད།རབ་བྱུང་གཉིས་པའི་ཆུ་བྱ་ལོར་གླང་ཐང་དགོན་པ་བཏབ།རབ་བྱུང་གཉིས་པའི་ཆུ་ཡོས་ལ་འདས།


朗日塘巴(10541123)。本名多吉僧格,博朵瓦弟子,将噶当派修心要诀依所缘境分为八科,著之文字,号为修心八颂,并广为宣讲。1093年建朗塘寺。 





བློ་སྦྱོང་ཚིག་རྐང་བརྒྱད་མ་བཞུགས་སོ།


                             གླང་རི་ཐང་པ་རྡོ་རྗེ་སེང་གེ


བདག་གིས་སེམས་ཅན་ཐམས་ཅད་ལ།།

ཡིད་བཞིན་ནོར་བུ་ལས་ལྷག་པའི།།

དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།

ཤིན་ཏུ་གཅེས་པར་འཛིན་པར་ཤོག། 


གང་དུ་སུ་དང་འགྲོགས་པའི་ཚེ།།

བདག་ཉིད་ཀུན་ལས་དམན་ལྟ་ཞིང་།།

གཞན་ལ་བསམ་པ་ཐག་པ་ཡིས།།

གཞན་ཉིད་གཅེས་པར་འཛིན་པར་ཤོག།


སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།

བདག་གཞན་མ་རུང་བྱེད་པས་ན།།

བཙན་ཐབས་གདོང་ནས་བཟློག་པར་ཤོག།


རང་བཞིན་ངན་པའི་སེམས་ཅན་དང་།།

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།།

རིན་ཆེན་གཏེར་དང་འཕྲད་པ་ལྟར།།

ཤིན་ཏུ་དགའ་བས་གཅེས་འཛིན་ཤོག།


གང་ལ་བདག་གིས་ཕན་བཏགས་པའམ།།

རེ་བ་ཆེ་བ་འགའ་ཞིག་གིས།།

ཤིན་ཏུ་མི་རིགས་བྱེད་ན་ཡང་།།

བཤེས་གཉེན་དམ་པར་ལྟ་བར་ཤོག།


བདག་ལ་གཞན་གྱིས་ཕྲག་དོག་གིས།།

གཤེ་སྐུར་ལ་སོགས་མི་རིགས་པའི།།

གྱོང་ཁ་རང་གིས་ལེན་པ་དང་།།

རྒྱལ་ཁ་གཞན་ལ་འབུལ་བར་ཤོག།


མདོར་ན་དངོས་སམ་བསམ་པ་ཡིས།།

ཕན་བདེ་མ་རྣམས་ཀུན་ལ་འབུལ།།

མ་ཡི་གནོད་དང་སྡུག་བསྔལ་ཀུན།།

གསང་བས་བདག་ལ་ལེན་པར་ཤོག།


དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།

རྟོག་པའི་དྲི་མས་མ་སྤགས་པར།།

ཆོས་ཀུན་སྒྱུ་མར་ཤེས་པ་ཡིས།།

ཞེན་པའི་འཆིང་བ་ལས་གྲོལ་ཤོག།

ཅེས་བློ་སྦྱོང་ཚིག་རྐང་བརྒྱད་མར་གྲགས་པའི་གདམས་པ་འདི་ནི་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ།།སརྦ་མངྒ་ལཾ།དགེ་འོ།།།།













རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།། 

ལྷག་བསམ་སྤྲིན་གྱི་འདུ་བ་རབ་བཀོད་ནས།། 

སྤོབས་པའི་ལྕི་བའི་སྤྲིན་གྱི་སྒྲ་དབྱངས་ཀྱིས།།

ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག།




ཁྱེད་ཉིད་ཕེབས་བསུ་ཡོད།





བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཀྱི་རི་མོ་འབྲི་ཨེ་ཤེས་ལྟ།




琼秦扎巴 QiongQinZaba
རྒྱ་ཆེན་ཐོས་པ་བསགས་པའི་མཁའ་ལམ་ནས།ཕན་བདེའི་གྲུ་ཆར་རྟག་ཏུ་འབེབས་པར་ཤོག། ཁྱུང་ཆེན་གྲགས་པ་སྒེར་གྱི་ལས་སྟེགས།🌹🤗
 最新文章