贵德县关于征集群众身边不正之风和腐败问题涉黑涉恶违法犯罪线索的公告

文摘   2024-08-02 13:30   青海  

贵德县关于征集群众身边不正

之风和腐败问题涉黑涉恶违法犯罪线索的公告

为深入开展群众身边不正之风和腐败问题集中整治工作,坚决整治影响中央和省、州县委政策落实的突出问题,坚决惩治损害群众利益的腐败行为,不断增强人民群众的获得感、幸福感、安全感。现将扫黑除恶领域群众身边不正之风和腐败问题集中整治重点征集线索范围、监督举报方式公告如下:

一、征集线索范围

1.采取暴力、威胁等手段把持基层政权、横行乡里或利用家族、宗族势力欺压残害百姓、称霸一方。凌驾于村“两委”之上,插手村级事务,煽动群众、拉帮结派、另起炉灶,为所欲为,架空(控)组织的“村霸”“乡霸”;

2.把越界放牧、抢占私围私拉草场围栏、打架斗殴等个人行为结果诿罪于村集体、村社区群众,制造、煽动、牵头或挑唆、蛊惑群众引发群体性纠纷,群体性上访、群体性聚集闹事的,侥幸“法不责众”造势、闹事的;

3.破坏农村治安秩序,通过“霸选”“骗选”“贿选”等方式干扰破坏农村基层换届选举、垄断农村经济资源、侵吞农村集体财产的黑恶势力;

4.在征地、租地、拆迁、工程建设等过程中煽动闹事的黑恶势力。操纵群众、对抗执法、妨害公务,以所谓“财大气粗”、独霸一方、盛气凌人,裹挟群众的;

5.盘踞在商贸集市、农副产品批发、小商品零售、建筑材料等各类市场,欺行霸市,强买强卖,敲诈勒索,暴力收取保护费、看场费、进场费,破坏正常经营秩序的“市霸”“行霸”类黑恶势力;

6.在建筑工地、居民小区强行供应砂石、建材,强装强卸,随意殴打、威胁商户及业主的“沙霸”“水泥霸”类黑恶势力;

7.在工程建设、交通运输、矿产资源、渔业捕捞等行业领域,雇黑佣黑,纠集社会闲散人员,恶意竞标、暴力围标、强揽工程、非法占地,滥开滥采、暴力拆迁、随意殴打群众的黑恶势力;

8.操纵、经营“黄赌毒”等违法犯罪活动的黑恶势力,无证从医、自冠“神医”“大夫”以及传销等洗脑手段推销保健品、“三无产品”等敛财劫财、坑蒙拐骗的;

9.非法制造、买卖、运输、邮寄、存储、持有、私藏枪支弹药、爆炸物的黑恶势力;

10.宗教人员利用宗教影响实施各类违法犯罪活动的黑恶势力;

11.国家工作人员充当黑恶势力“保护伞”等。

二、举报方式

贵德县扫黑办:

举报电话:0974-8553307              

举报邮箱:qhsgdzfw@123.com

举报地址:贵德县迎宾东路89号县政府大楼6楼扫黑办公室     

特此公告

                  贵德县扫黑除恶斗争领导小组办公室
                                 2024年7月17日

ཁྲི་ཀ་རྫོང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ནག་ཚོགས་ངན་རུལ་་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་ཨུའི་སྲིད་ཇུས་དོན་འཁྱོལ་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་བྱ་སྤྱོད་ལ་ཉེས་ཆད་མཐའ་གཅིག་ཏུ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་ཆེད། ད་ལྟ་ནག་འཇོམས་ངལ་སེལ་ཁྱབ་ཁོངས་སུ་འདུ་བའི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་གཙོ་གནད་ཁུངས་སྣེ་བསྡུ་རུབ་དང་ལྟ་སྐུལ་ཐེར་འདོན་བྱེད་སྟངས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

དང་པོ།  ཁུངས་སྣེ་འཚོལ་བསྡུ་བྱེད་པའི་ཁྱབ་ཁོངས།

༡. དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་སྲིད་དབང་འཛིན་པ་དང་། གྲོང་གསེབ་ཏུ་ཁྲིམས་མེད་ལུགས་མེད་བྱེད་པའམ་ཡང་ན་ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་གནོད་འཚེ་བཏང་ནས་ཕྱོགས་གཅིག་ལ་བཙན་དབང་བྱེད་པ། སྡེ་བའི"ཨུ་གཉིས"ཀྱི་གོང་དུ་སྡད་ནས་སྡེ་བའི་ལས་དོན་ལ་ཐེ་ཇུས་བྱེད་པ། མང་ཚོགས་ལ་ངན་སྐུལ་བྱེད་པ། ཤོག་ཁག་སྒྲིག་པ། ཟུར་ཕྱོགས་ནས་ཕྱོགས་ཁག་སྒྲིག་པ། རང་སྣང་གང་དྲན་བྱེད་པ། “སྡེ་བའི་དབང་ཤེད་ཅན”དང“ཡུལ་ཚོའི་དབང་ཤེད་ཅན”གྱིས་རྩ་འཛུགས་ལ་ཚོད་འཛིན་བྱེད་པ།

༢. ས་མཚམས་ལས་བརྒལ་ཏེ་ཕྱུགས་རིགས་འཚོ་བ་དང་། སྒེར་གྱིས་རྩྭ་ར་བསྐོར་བ་བཙན་བཟུང་བྱས་པ། རྡུང་རེས་བྱེད་པ་སོགས་མི་སྒེར་གྱི་བྱ་སྤྱོད་ལས་བྱུང་བའི་ངན་འབྲས་དེ་སྡེ་བའི་ཐུན་མོང་དང་སྡེ་བ་དང་སྡེ་ཁུལ་གྱི་མང་ཚོགས་ལ་འགན་དཀྲི་བྱེད་པ། མང་ཚོགས་ལ་ཚོགས་པའི་རང་བཞིན་ལྡན་པའི་རྩོད་གཞི་སློང་བ་དང་། ངན་སྐུལ། སྣེ་ཁྲིད་བྱེད་པ། ཚོགས་སྤྱིའི་རང་བཞིན་ལྡན་པའི་ངོ་བཅར་དང་ཚོགས་སྤྱིའི་རང་བཞིན་དུ་འདུས་ནས་ཟིང་ཆ་སློང་མཁན།   ཁྲིམས་ཀྱིས་མང་ཚོགས་ལ་ལེ་བདའ་མི་བྱེད་པའིབསམ་ཚུལ་བཟུང་ནས་ངར་ཤུགས་བཟོ་བ་དང་ཟིང་ཆ་སློང་མཁན་དག

༣. སྡེ་བའི་བདེ་སྐྱོང་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་། བཙན་འདེམས་དང་གཡོ་འདེམས། རྔན་བསླུས་འདེམས་བསྐོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་བའི་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་བཀག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བ། སྡེ་བའི་དཔལ་འབྱོར་ཐོན་ཁུངས་སྒེར་བཟུང་དང་། ཐུན་མོང་གི་རྒྱུ་ནོར་ཧམ་འཕྲོག་བྱེད་པ་སོགས་ཀྱི་ནག་ཚོགས་སྟོབས་ཤུགས་བཅས་ཡིན།

༤.   ས་ཞིང་བསྡུ་ལེན་དང་། བོགས་ཞིང་། བཤིག་སྤོ། ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ཁྲོད་ཟིང་ཆ་སློང་བར་ངན་སྐུལ་བྱེད་པའི་ནག་ཚོགས་སྟོབས་ཤུགས།  མང་ཚོགས་ཀྱི་ཁ་ལོ་སྒྱུར་བ་དང་། ཁྲིམས་བསྟར་ལ་ངོ་རྒོལ་བྱེད་པ། གཞུང་དོན་སྒྲུབ་པར་བཀག་རྐྱེན་བཟོ་བ། རྒྱུ་ཆེ་སྣང་བ་མཐོ་བ། ཡུལ་གཅིག་སྒེར་འཛིན་བྱེད་པ། ཁེངས་རློམ་གཞན་བརྙས་བྱེད་པ་སོགས་ཡིན།

༥ . ཚོང་དོན་ཚོང་འདུས་དང་། ཞིང་ཞོར་ཐོན་རྫས་སྡེབ་འཚོང་། ཚོང་ཟོག་ཆུང་གྲས་སིལ་འཚོང་། ཨར་ལས་རྒྱུ་ཆ་སོགས་ཚོང་ར་སྣ་ཚོགས་གཞི་འཛིན་བྱས་ཏེ། གྲོགས་བརྙས་ཁྲོམ་བཟུང་། བཙན་ཉོ་བཙན་འཚོང་། བསྙད་འདོགས་རྒྱུ་འཕྲོག དྲག་ཤུགས་ལ་བརྟེན་ནས་སྲུང་སྐྱོབ་གྲོན་དངུལ་དང་། ར་བར་ལྟ་བའི་གྲོན་དངུལ། ར་བར་འཛུལ་བའི་གྲོན་དངུལ་བཅས་བསྡུ་ལེན་བྱས་ཏེ་རྒྱུན་ལྡན་གྱི་གཉེར་སྐྱོང་སྒྲིག་ལམ་གཏོར་བཤིག་གཏོང་མཁན། “ཚོང་རའི་དབང་ཤེད་ཅན”དང“ལས་རིགས་སྐོར་ཁག་ནང་གི་དབང་ཤེད་ཅན”སོགས་ཀྱི་ནག་ཚོགས་སྟོབས་ཤུགས་བཅས་ཡིན།

༦.ཨར་སྐྲུན་ལས་ཡུལ་དང་སྡོད་དམངས་གཞིས་ཁུལ་དུ་བཙན་ཤེད་ངང་བྱེ་རྡོ་དང་ཨར་སྐྲུན་རྒྱུ་ཆ་མཁོ་འདོན། བཙན་སྒྲིག་བཙན་འབེབས་བྱེད་པ། བཙན་ཤེད་ཀྱིས་གཞིས་བདག་དང་ཁེ་ལས་བདག་པོར་ཉེས་རྡུང་གཏོང་བ་དང་འཇིགས་སྣང་སྐུལ་བའིབྱེ་བདག་དབང་ཅན”དང་“ཨར་བདག་དབང་ཅན”རིགས་ཀྱི་ནག་ཚོགས་སྟོབས་ཤུགས་བཅས་ཡིན།

༧ . ལས་གྲྭ་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས། ཉ་ལས་འཛིན་བཟུང་སོགས་ཀྱི་ལས་རིགས་ཁྱབ་ཁོངས་སུ་ནག་ཚོགས་རང་བཞིན་ཡིན་པའི་གླ་པ་གླ་བ། སྤྱི་ཚོགས་ཐོག་གི་ལས་མེད་མི་སྣ་བསྡུ་རུབ་བྱེད་པ། བསམ་ངན་ཁོག་བཅུག་གིས་འགན་ཚད་རྩོད་ལེན། དྲག་ཤུགས་ཀྱིས་དམིགས་ཚད་བསྐོར་བ། བཙན་གྱིས་ལས་གྲྭ་ལེན་པ།  ཁྲིམས་འགལ་གྱིས་ས་བཟུང་བ། གང་བྱུང་དུ་སྔོག་འདོན་དང་། དྲག་ཤུགས་ཀྱིས་བཤིག་སྤོ། མང་ཚོགས་ལ་ཉེས་རྡུང་གཏོང་བ་སོགས་ཀྱི་ནག་ཚོགས་སྟོབས་ཤུགས་བཅས་ཡིན།

༨.“འཆལ་རྒྱན་དུག་གསུམསོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བའི་ནག་ཚོགས་སྟོབས་ཤུགས་དང་།  རང་གིས་རང་ལ“ལྷ་རྗེ”དང“སྨན་པ”ཞེས་པའི་མིང་བཏགས་ནས་སྨན་པ་བྱེད་པའི་ལག་ཁྱེར་མེད་པར་སྨན་བཅོས་བྱེད་པ་དང་དེ་བཞིན་བརྒྱུད་ཚོང་སོགས་ཀླད་པ་འཁྲུ་བའི་བྱ་ཐབས་ལ་བརྟེན་ནས་ལུས་ཁམས་བདེ་སྲུང་ཐོན་རྫས་དང་། གསུམ་མེད་ཐོན་རྫས”སོགས་བཙོང་ནས་རྒྱུ་ནོར་བསྡུ་ལེན་དང་རྒྱུ་ནོར་འཕྲོག་བཅོམ།  མགོ་སྐོར་བསླུ་བྲིད་གཏོང་མཁན་སོགས་ཡིན།

༩. མེ་མདའ་དང་། རྫས་མདེལ།  འབར་རྫས་སོགས་ཁྲིམས་འགལ་གྱིས་བཟོ་བ་དང་། ཉོ་ཚོང་། དབོར་འདྲེན། སྦྲག་ཐོག་སྐུར་བ། ཉར་ཚགས། ལྐོག་ཉར་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས་བཅས་ཡིན།

༡༠.ཆོས་ལུགས་མི་སྣས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་སྤེལ་བའི་ནག་ཚོགས་སྟོབས་ཤུགས་ཡིན།

༡༡. རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ནག་ཚོགས་སྟོབས་ཤུགས"འགེབས་སྲུང་བྱེད་མཁན"བྱེད་པ་སོགས་ཡིན།

གཉིས་པ།  ཐེར་འདོན་བྱེད་སྟངས།

ཁྲི་ཀ་རྫོང་ནག་སེལ་གཞུང་སྒྲུབ་ཁང་།

ཐེར་འདོན་ཁ་པར།       0974-8553307

ཐེར་འདོན་ཡིག་སྒམ།  qhsgdzfw@123.com

ཐེར་འདོན་ས་གནས།  ཁྲི་ཀ་རྫོང་མགྲོན་བསུ་ཤར་ལམ་ཨང89པའི་རྫོང་སྲིད་གཞུང་གི་ཐོག་ཁང་ཐོག་བརྩེགས6པའི་ནག་སེལ་གཞུང་སྒྲུབ་ཁང་།

ཆེད་བཏང་སྤྱི་བསྒྲགས། 

                  ཁྲི་ཀ་རྫོང་ནག་འཇོམས་ངན་སེལའཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་

                              2024ལོའི་ཟླ7པའི་ཚེས17ཉིན།    




贵德教育信息平台
教育政策宣传,教育信息发布,招生考试政策宣传,招生考试信息发布。
 最新文章