༄༅། །ས་ཡོམ་ཁྲོད་ཀྱི་ང་ཚོ། སེམས་ཀྱི་ལྷ་དཀར།

文摘   2025-01-18 18:53   西藏  








       ༄༅།  །ས་ཡོམ་ཁྲོད་ཀྱི་ང་ཚོ།     


                     ----སེམས་ཀྱི་ལྷ་དཀར།


ལས་དང་གློ་བུར་རྐྱེན་ལས་ལས་བྱུང་བའི།།
མི་འདོད་ཐོག་ཏུ་ཡོང་བའི་ས་འགུལ་འདིས།།
ཚེ་སྲོག་འཕྲོག་ནས་སྐྱོ་བའི་སྨྲེ་ངག་འདི།།
སླུ་མེད་དཀོན་ཅོག་གསུམ་པོས་གཟིགས་སམ་ལགས།།

གངས་ཅན་ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས།།
ཁྱད་པར་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་སོགས།།
སྐྱབས་གནས་སླུ་མེད་དཀོན་མཆོག་གསུམ་པོ་ལ།།
སྙིང་ནས་གསོལ་འདེབས་ང་ཚོའི་འགྲོ་ལ་དགོངས།།

གསོན་པའི་མི་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱི།།
ཁྱིམ་གཞིས་འཐོར་ནས་མིག་ཀྱང་མི་བལྟ་བར།།
ཚེ་སྲོག་ཤོར་བའི་རང་རིགས་སྤུན་ཟླ་ལ།།
སྙིང་ནས་གསོལ་འདེབས་མ་ཎི་འདོན་བཞིན་འདུག།།

ཤུལ་དུ་ལུས་པའི་ཡ་ངའི་ད་ཕྲུག་དང་།།
ཕ་མ་གཅིག་པུར་ལུས་པའི་ཡུལ་མི་ཚོ།།
སེམས་ཀྱི་སྐྱོ་གདུང་མཉམ་དུ་ཁུར་ནས་ནི།།
མིག་ཆུ་ཤོར་ནས་སེམས་ཀྱང་སྡུག་ལ་སྦྱར།།

ཤི་བའི་མི་ལ་སྨོན་ལམ་མཆོད་འབུལ་དང་།།
གསོན་པའི་མི་ལ་གནས་སྐབས་རོགས་རམ་སོགས།།
ཕྱོགས་བཞི་སོགས་ནས་མང་དུ་ཡོང་མཁན་ཚོ།།
སྐུ་དྲིན་ཆེ་འོ་རང་རིགས་དཔའ་བོ་ཚོ།།

མིག་ཆུ་མ་གཏོང་སྟོད་ཀྱི་དིང་རི་བ།།
རང་སེམས་མ་ཞུམ་ཕ་ཡུལ་ལྷ་རྩེ་བ།།
ཟློག་ཏུ་མེད་པའི་གློ་བུར་རྐྱེན་ངན་ལ།།
བཟོད་བསྲན་ཅུང་ཟད་གྱིས་དང་སྤུན་ཟླ་ཚོ།།



རྗེས་ཁྱབ་དང་རྟཊ་ཆོས་འབྲེལ་བའི་དྭོཊ་དཔྱོད། དགེ་བཤེས་དཔལྡན་གྲཊ་པ།

བསྡུས་གྲྭའི་དཔེ་ཁྲིད་ཆ་ཚང་། དགེ་བཤེས་འཇམ་དཔལ་བློ་ཤེས།1-26

བློ་རིག་གི་དཔེ་ཁྲིད་ཆ་ཚང་།   དགེ་བཤེས་འཇམ་དཔལ་བློ་ཤེས།1-19

རྟགས་རིགས་ཀྱི་དཔེ་ཁྲིད་ཆ་ཚང་།   དགེ་བཤེས་འཇམ་དཔལ་བློ་ཤེས།1-39

རྗེ་བཙུན་པའི་གྲུབ་མཐའ་ཉུང་བ།ཆ་ཚང་། དགེ་བཤེས་འཇམ་དཔལ་བློ་ཤེས།

རྗེ་བཙུན་པའི་ས་ལམ་ཉུང་བའི་ཁྲིད་ཆ་ཚང་།  དགེ་བཤེས་འཇམ་དཔལ་བློ་ཤེས།

བླ་མ་རྗེ་བཙུན་པའི་དོན་བདུན་བཅུ་ཆ་ཚང་།  དགེ་བཤེས་འཇམ་དཔལ་བློ་ཤེས།

བདེན་བཞིའི་དོགས་གཅོད་ཆ་ཚང་།དགེ་ལྡན་ལྷ་རམས་པ་རྡོ་རྗེ་རྒྱལ་མཚན།
སྐྱབས་གསུམ་ཆ་ཚང་།དགེ་ལྡན་ལྷ་རམས་པ་རྡོ་རྗེ་རྒྱལ་མཚན
ལེགས་སྙིང་བདག་འཛིན་ཕྲ་རགས། དགེ་ལྡན་ལྷ་རམས་པ་རྡོ་རྗེ་རྒྱལ་མཚན།
ཐར་གསལ་ཕྱོགས་སྒྲའི་དོགས་གཅོད།དགེ་ལྡན་ལྷ་རམས་པ་རྡོ་རྗེ་རྒྱལ་མཚན།
སྟོན་པའི་མཛད་རྣམ། ལེའུ་ལྔ་བཅུ་ལྔ་བཞི་ཆ་ཚང་།
གཞི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ
བསྡུས་གྲྭའི་དཔེ་ཁྲིད་ཆ་ཚང་། དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་།
བློ་རིག་གི་དཔེ་ཁྲིད་ཆ་ཚང་།  དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་།
རྟགས་རིགས་ཀྱི་དཔེ་ཁྲིད་ཆ་ཚང་།དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་།
ཐུགས་དམ་སྐོར།  བློ་གླིང་ལྷ་རམས་པ་ཟླ་བ་ཚེ་རིང་།
སྟོན་པའི་མཛད་རྣམ།  དབུས་སྐད། ལེའུ་ཆ་ཚང་བཞུགས་སོ།།
དཔྱད་རྩོམ་སྐོར།
རྗེས་ཁྱབ་དང་རྟཊ་ཆོས་འབྲེལ་བའི་དྭོཊ་དཔྱོད། དགེ་བཤེས་དཔལྡན་གྲཊ་པ།
ཕྱོཊ་ཆོས་དང་ཕྱོཊ་སྒྲའི་སྐོར་གྱི་དྭོཊ་དཔྱོད།དགེ་བཤེས་དཔལྡན་གྲཊ་པ།
མ་ཎི་ཡིག་དྲུག་གི་དག་ཆ་ལ་དཔྱད་པ། དགེ་བཤེས་འཇམ་དཔལ་བློ་ཤེས།
ཤིང་རྟའི་སྲོལ་འབྱེད་སྐོར་ལ་ཅུང་ཟད་དཔྱད་པ།    བློ་བཟང་རྒྱལ་མཚན།
སྙིང་རྗེ་གསུམ་ལ་དཔྱད་པ་རྟོག་འཆར་རི་མོ།   ཤེས་རབ་ཆོས་འཕེལ།
ཐལ་འགྱུར་བའི་སྲོལ་འབྱེད་དང་སྲོལ་གཏོད་ཀྱི་ཁྱད་པར་ལདཔྱད་པ།བློ་ཕུན།
དབུ་མ་དགོངས་གསལ་གྱི་མཆོད་བརྗོད་ལ་དཔྱད་པ།  བློ་བཟང་མཁས་བཙུན།
རིགས་ཚོགས་ཀྱི་གྲངས་ལ་དཔྱད་པ།      བློ་བཟང་དགེ་ལེགས།
ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ངེས་འཛིན་ཅུང་ཟད།  ཤེས་རབ་བསྟན་འཛིན།
༢༠༢༤ལོའི་རྗེ་བཙུན་བློ་བཟང་ཐར་པ་མཆོག་གི་འཁྲུངས་སྐར་སྨོན་ཚིག
འདྲེན་འཁྱུག      སེམས་ཀྱི་ལྷ་དཀར་གྱི་ཡིག་གཟུགས།


心的白神
ནང་དོན། [འཆད་ཁྲིད། དཔྱད་རྩོམ། ཡིག་གཟུགས། པར་རིས། གཏམ་བཤད།]སྐུ་ཉིད་སེམས་ཀྱི་ལྷ་དཀར་འཕྲིན་སྟེགས་སུ་འབྱོན་པར་དགའ་བསུ་ཞུ།\x26gt;
 最新文章