རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

时事   2025-01-21 23:09   青海  




 

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས། 

    ལོ་སར་ནི་རྫོང་ཡོངས་མི་དམངས་ཀྱི་ཁྱིམ་མི་མཉམ་འཛོམས་དང་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་ཡིན་ལ། དུས་མཚུངས་སུ་བདེ་འཇགས་ཐོན་སྐྱེད་ལས་འཛོལ་མང་བོ་འབྱུང་བའི་དུས་སྐབས་ཤིག་ཀྱང་ཡིན།  མི་དང་།  དངོསཟོང་  རླངས་འཁོར་བཅས་མང་བ་དང་།  ཐོན་སྐྱེད་དང་འཚོ་བར་མེ་དང་།  གློག སོལ་རླངས་བཅས་སྤྱོད་ཤུགས་ཆེ་བས  སྐབས་འགར་སྣང་མེད་བྱས་ན་བདེ་འཇགས་ལས་འཛོལ་སྣ་ཚོགས་ཡོང་སྲིད། ལོ་སར་གྱི་གུང་གསེང་སྔ་གཞུག་དུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་གྱི“ཚོགས་ཆེན་གཉིས”སོགས་གཙོ་གནད་དུས་མཚམས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ནན་པོར་ལེགས་སྒྲུབ་བྱས་ཏེ་གྲོང་ཁྱེར་གྱི་འཁོར་སྐྱོད་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས་རྒྱ་ཆེའི་མང་ཚོགས་བདེ་འཇགས་ཀྱི་ལོ་སར་ཞིག་རོལ་ཐུབ་པའི་འགན་ལེན་བྱ་ཆེད།  རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཁྱེད་རྣམསཀྱི་བདེ་འཇགས་ལ་དོ་ཁུར་བྱ་དགོས་པའི་དམིགས་བསལ་དྲན་སྐུལ་བྱས་པ་སྟེ། 

    (གཅིག)  ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས། ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས་ཁག་གིས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་དུ་བཏང་ནས་ཉེན་ཁའི་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། ལོ་སརསྐབས་ཐོན་སྐྱེད་དང་ལས་མཚམས་འཇོག་པའི་ཁེ་ལས་ཀྱིས་ལས་རེས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། མུ་མཐུད་དུ་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁེ་ལས་ཀྱིས་མེ་ཤོར་བ་དང་། ཚད་བཀག་ཐེབས་པའི་བར་སྟོང་དུ་འཛུལ་བ། མཐོ་སར་ལས་སྒྲུབ།  དཔྱང་འདེགས་ལྷུ་སྒྲིག  གནས་སྐབས་གློག་སྤྱོད་པ་སོགས་ཉེན་ཁ་ཆེ་བའི་ལས་སྒྲུབ་ལ་དོ་དམ་ཚོད་འཛིན་ནན་པོ་བྱ་དགོས་པ་དང་།  ཆང་འཐུང་རྗེས་ལས་གནས་སུ་ཞུགས་རྒྱུ་དང་། ལས་གནས་ལས་བྲལ་  ལས་གནས་སུ་གཉིད་ལོག་པ་བཅས་གཏན་འགོག་བྱེད་པ།  ཐོབ་ཐང་མེད་པ་དང་ཆེད་ལས་མིན་པའི་མི་སྣས་ལས་གནས་འཁུར་རྒྱུ་གཏན་འགོག་བྱེད་པ། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ལ་རང་ཞིབ་བཤེར་དང་རང་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་བཟོ་པའི་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་བདེ་ཐང་དེ་ཆེས་རྩ་ཆེན་གྱི་ལེགས་སྐྱེས་སུ་བརྩིས་ནས་ཁྱེད་ཀྱི་ལས་བཟོ་བ་དང་དེའི་ཁྱིམ་ཚང་ལ་སྤྲོད་དགོས། 

    (གཉིས།)  མེ་གསོད་བདེ་འཇགས།ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་འབུད་སྒོམི་དགག་པ་དང་།  མེ་གསོད་སྒྲིག་ཆས་བཀོད་སྤྱོད་དང་།  གནོད་སྐྱོན་གཏོང  དགབ་པ་སོགས་བྱ་མི་རུང་མེ་གསོད་རླངས་འཁོར་གྱི་བགྲོད་ལམབཀོད་སྤྱོད་མི་བྱ་དགོས། ཡོངས་སུ་བཀག་སྡོམ་རྣམ་པའི་རྐུན་འགོག་སྒེའུ་ཁུང་དྲ་བ་སྤྲད་པ་དང་བཀག་སྡོམ་གྱི་ཉི་གཡབ་དང་སྒེའུ་ཁུང་བེད་སྤྱོད་བྱེད་རྒྱུ་གཏན་འགོག་བྱ་དགོས་པ་དང་རྐུན་འགོག་སྒེའུ་ཁུང་དྲ་བ་སྒྲིག་སྦྱོར་བྱས་ན་ཕྱི་ལ་ཕྱེ་བའི་བྲེལ་མྱུརགྱི་སྲོག་ཐར་སྒོ་འཛུགས་དགོས་པ་མ་ཟད།སྲོག་ཐར་མེ་གསོད་ཀྱིཐག་སྐས་བཀོད་སྒྲིག་བྱ་དགོས། མེ་གསོད་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ།ཚད་ལྡན་གྱི་ཁྱིམ་སྤྱོད་གློག་ཆས་ཡང་དག་པའི་སྒོ་ནས་བེད་སྤྱོད་དང་།བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་ཁུངས་བསྒར་ཁུང་དང་གློག་སྒོ་དམ་པ།སྒེར་གྱིས་གློག་སྐུད་གང་བྱུང་དུ་འཐེན་མི་ཆོག  སྒྲིག་འགལ་ངང་གློག་ཆས་བེད་སྤྱོད་མི་བྱེད་པ་དང་ཐེག་ཚད་ལས་བརྒལ་ནས་གློག་མི་བཀོལ་པཐོག་ཁང་དང་ཁང་བའི་ནང་དུ་གློག་སྒུལ་འཁོར་རིགས་ལ་གློག་གསོག་མི་ཆོག ཕྱི་ལ་འགྲོ་རྒྱུ་དང་མ་གཉིད་གོང་གློག་ཆས་དང་འབར་རླངས་ཐབ་ཆས་སྒོ་རྒྱག་པ།མེ་ཁུངས་གསོད་པ། གད་སྙིགས་མི་སྲེག་པ་དང་།མ་བསད་པའི་ཐ་མག་གད་སྙིགས་སྒམ་ནང་དུ་གཡུག་མི་རུང་། 

    (གསུམ།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་བདེ་འཇགས།ལོ་སར་ནི་ནགས་ཚལ་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་དུས་སུ་གཏོགས་པསནགས་ཚལ་རྩྭ་ཐང་མེ་འགོག་དུས་ཡུན་ནང་ལསཁུངས་དང་མི་སྒེར་གང་ཞིག་ཡིན་རུང་མེ་སོན་ཁྱེར་ནས་མེ་འགོག་ཁུལ་དུ་འཛུལ་རྒྱུ་གཏན་འགོག་བྱ་དགོས། གཙོ་གནད་མི་ཚོགས་དང་དེ་བཞིན་དགུན་ཁའི་གུང་གསེང་སློབ་མའི་ཕྱི་རོལ་དུ་མེ་སྤྱོད་པའི་བྱ་སྤྱོད་ལ་དོ་དམ་ཚོད་འཛིན་ནན་པོ་བྱེདཔ་དང་མེ་འགོག་ཁུལ་དུ་འཛུལ་བའི་རླངས་འཁོར་དང་མི་སྣས་རང་རྟོགས་ངང་ཞིབ་བཤེར་དང་ལེན་བྱས་ནས་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་མེད་པར་བཟོ་དགོས། དུར་སར་མཆོད་འབུལ་བྱེད་སྐབས་ཤོག་སྦག་སྦར་རྒྱུ་གཏན་འགོག་དང་།དམིགས་འཛུགས་ས་ཁོངས་སུ་སྤོས་བདུག་པ་དང་ཤོག་བུ་སྲེག་པ།མེ་ཏོག་གི་མཆོད་འབུལ་དང་།དྲ་རྒྱའི་མཆོད་འབུལ།ཁྱིམ་ཚང་གི་དྲན་གསོ་སོགས་ཚུལ་མཐུན་ངང་ཁོར་ཡུག་སྲུང་སྐྱོང་གི་མྱ་ངན་ཞུ་བ་དང་མཆོད་འབུལ་གྱི་རྣམ་པ་དར་སྤེལ་ཤུགས་ཆེན་གཏོང་དགོས། ནགས་ཚལ་རྩྭ་ཐང་དང་ཐག་ཉེ་བའི་ས་ཁོངས་སུ་ཞིང་བསྲེགཔ་དང་།ཐལ་བསྲེག་ནས་ལུད་གསོག་པ།དེ་བཞིན་ཐོན་སྐྱེད་རང་བཞིན་གཞན་དག་གི་མེ་སྤྱོད་བཅས་གཏན་འགོག་བྱ་དགོས། ནགས་ཚལ་གྱི་མེ་གསོད་སྐབས་མེ་མགོ་བསད་པ་གཏན་འགོག་བྱེད་པ་དང་། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་མེ་གསོད་སྐབས་རྒན་པ་དང་བྱིསཞན་ནད་པ།དབང་པོ་སྐྱོན་ཅན་བཅས་མེ་གསོད་ཉེན་སྐྱོབ་ནང་ཞུགས་པར་གཏན་འགོག་བྱ་དགོས། 

    (བཞི།)  སྤྱི་སྤྱོད་བྱ་ཡུལ་བདེ་འཇགས། བྱེད་སྒོ་སྣ་ཚོགས་ནང་ཞུགས་སྐབས་ངེས་པར་དུ་སྒྲིག་སྲོལ་ལ་བརྩི་སྲུང་དང་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་བརྩི་སྲུང་བྱས་ཏེ་འཚང་ཁ་དང་རྡོག་བརྫིསམི་ཡོང་བ་བྱ་དགོས།  མགྲོན་ཁང་དང་།  ཟ་ཁང་།  ཚོང་ བཟའ་བཏུང་།  རོལ་རྩེད་སོགས་མི་འདུས་པའི་གནས་སུ་འགྲོ་འོང་བྱེད་སྐབས།  ཁ་འགྲེམ་བགྲོད་ལམ་དང་འབུད་སྒོཤར་བགྲོད་ཐུབ་པར་ཁག་ཐེག་བྱེད་པ་དང་།  ཉེན་བརྡ་གཏོང་བ་དང་རང་འགུལ་མེ་གསོད་སྒྲིག་ཆས་སྐྱེན་ཞིང་བློས་འགེལ་ཆོག་པའི་འགན་ལེན་བྱ་དགོས།

    (ལྔ།ཁྱིམ་སྡོད་བདེ་འཇགས། གྲོང་མི་ཚང་མས་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་།དུས་ཐོག་ཏུ་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱེད་པ་དང་།གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་པ།དགོས་ངེས་ཀྱི་བདེ་འཇགས་རྒྱུན་ཤེས་དང་སྲོགཐར་རྩལ་ནུས་ཁོང་དུ་ཆུད་པ་བཅས་བྱ་དགོས། སྤྱི་པའི་བདེ་འཇགས་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་།རང་རྟོགས་ངང་སྤྱི་སྤྱོད་བྱ་ཡུལ་གྱི་བདེ་འཇགས་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ་རང་ཉིད་དང་མི་གཞན་ལ་བདེ་འཇགས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།འབར་རླངས་ཐབ་ཆས་དང་ཆུ་སྲོ་ཆས་ལ་འབར་རླངས་ཆེད་ལས་ལག་ཁྱེར་ཡོད་པའི་མི་སྣས་སྒྲིག་སྦྱོར་བྱེད་པ་དང་དུས་ཐོག་ཏུ་བཤེར་བཅོས་བྱ་དགོས། ས་འོག་སམ་ཡང་ན་ས་འོག་ཁང་པའི་ནང་གཤེར་འགྱུར་རླངས་པ་སྤྱོད་མི་ཆོག  ཚལ་རྔོ་བའི་སྐབས་ཐབ་ཚང་ནང་དུ་དུས་དང་རྣམ་པ་ཀུན་ཏུ་ལྟ་རྟོག་བྱེད་མཁན་ཡོད་དགོས། གལ་ཏེ་འབར་རླངས་ཕྱིར་ཤོར་ཚེ།མགྱོགས་མྱུར་ངང་རླངས་སྟེམ་སྒོ་རྒྱག་དགོས་པ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་དགོས།གློག་ཆས་ཀྱི་གློགསྒོ་ལ་ཐུག་མི་རུང་།  མེ་སོན་གཏན་འགོགདང་ཡུལ་དངོས་སུ་ཁ་པར་གཏོང་མི་རུང་། རྡོ་སོལ་ཐབ་ཀྱིས་དྲོད་ལེན་བྱེད་སྐབས།རྡོ་སོལ་ཐབ་ནང་དུ་དུ་སྦུག་འཇོག་དགོས་པ་མ་ཟད།རྡོ་སོལ་ཐབ་དང་དུ་སྦུག་ནང་དུ་རླངས་ཤོར་ཡོད་མེད།དུ་སྦུག་འགག་ཡོད་མེད་དང་བགྲོད་མེད་ཡིན་མིན་བཅས་ལ་ཞིབ་བཤེར་བྱ་དགོས། ཐབ་མེ་ཡི་རླུང་སྒོ་དགག་མི་རུང་ལ།ཁང་བའི་ནང་དུ་རླུང་སྒོ་བཙུགས་ནས་ཁང་བའི་ནང་གི་མཁའ་རླུང་འཁོར་རྒྱུག་ལ་དོ་སྣང་བྱ་དགོས། མེ་འབར་པའི་རྡོ་སོལ་ཐབ་ལ་དབྱང་གཅིག་ཐཱན་རྫས་འབྱུང་སླ་བས།དུས་ཐོག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་བྱེད་དགོས་པར་མ་ཟད།ཐབ་ཀྱི་མེ་རྒྱས་རྗེས་མེ་དགག་དགོས་པ་ལས།རྡོ་སོལ་བརླན་པས་མེ་དགག་གཏན་ནས་བྱ་མི་རུང་། རྒན་རྒོན་དང་ཕྲུ་གུ་གཅིག་པུར་ཁྱིམ་དུ་སྡོད་པར་གཡོལ་གང་ཐུབ་བྱ་དགོས། ཁྱིམ་གྱི་སྒྲིག་བཟོ་ནི་མེ་སྤྱོད་པ་དང་།ཚ་ལ་རྒྱག་པདྲོད་སྲུང་རྒྱུ་ཆ་འདིང་བ་སོགས་སྣོལ་སྡེབ་ཀྱི་ལས་སྒྲུབ་དང་འབྲེལ་བ་ཡོད་པས།ཐོབ་ཐང་དང་ལས་གཉེར་ཐོབ་ཐང་ལག་ཁྱེར་ཡོད་པའི་མི་སྣ་དམ་ནས་ཨར་ལས་བྱ་དགོས། 

    (དྲུགཤོག་སྦག་བདེ་འཇགས། ཤོག་སྦག་སིལ་འཚོང་ཁང་གིས་མེ་རིགས་ཚོང་ཁང་དུ་ཡོང་བ་གཏན་འགོག་བྱས་ནས་གསོག་ཉར་བདེ་འཇགས་འགན་ལེན་བྱ་དགོས། ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་ཤོག་སྦག་ཉོ་   ཁྲིམས་འགལ་གྱིས་ཤོག་སྦག་ཉར་ཚགས་དང་།  སྐྱེལ་འདྲེན།  ཕྱིར་ཚོང་བཅས་གཏན་འགོག་བྱེད་པ་དང་།   མེ་འགོག་ཁུལ་དང་གཟན་རྩྭ་སྤུངས་པའི་མཐའ་འཁོར་སོགས་མེ་འགོག་ས་ཁུལ་དུ་ཤོག་སྦག་མི་རྒྱག་པ། མེ་འབར་གྱི་གཏན་འབེབས་ལ་བརྩི་སྲུང་བྱ་དགོས་པ་སྟེ།   མི་དང་།  འཛུགས་སྐྲུན།  འབར་ཐུབའི་དངོས་རྫས་བཅས་ལ་གཏད་ནས་ཤོག་སྦག་རྒྱག་མི་ཆོག  ཤོག་སྦག་བཏང་ནས་ཁང་པ་དང་རྩྭ་སྤུང་སོགས་ལ་མེ་ཤོརབ་དང་དེ་བཞིན་འབར་མདེལ་གྱིས་རྨས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས། ལོ་ན་མ་སོན་པའི་མིས་ཤོག་སྦག་གཏོང་སྐབས་ཁྱིམ་བདག་གིས་ལྟ་རྟོག་བྱེད་དགོས་པ་ལས།  ལོ་ན་མ་སོན་པའི་མི་གཅིག་པུས་ཤོག་སྦག་རྒྱག་པ་དང་མེ་རྩེད་དུ་བཅུག་མི་ཆོག 

    (བདུན།འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས།དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་དང་ལམ་ངོས་ལ་འཁྱགས་དར་ཅུང་མང་བས།  འགྲོ་སྐྱོད་མ་བྱས་གོང་ལ་གནམ་གཤིས་འགྱུར་ལྡོག་དང་ལམ་གྱི་གནས་ཚུལ་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ།  རླངས་འཁོར་ལ་ཞིབ་བཤེར་དང་འགྲོ་སྐྱོད་ལམ་ཐིག་འཆར་འགོད་བྱས་ནས་མཐོ་རླབས་ཀྱི་དུས་མཚམས་ལས་གཡོལ་གང་ཐུབ་བྱ་དགོས། རླངས་འཁོར་བསྐོར་ནས་འགྲོ་ལམ་ལ་དརཆགས་པ་དང་འཕྲད་ཚེ་ཤུད་མི་ཡོང་བ་དང་  འདྲེད་འགོག་ལྕགས་ཐག་སོགས་འདེག་པའི་འདྲེད་འགོག་བྱེད་ཐབས་སྤྱད་དེ་ལམ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ།  མྱུར་ཚད་ཇེ་དལ་དུ་བཏང་བ  ཤེད་ཀྱིས་འཁོར་བཀག་མནན་པའམ་ཡང་ན་མྱུར་དུ་ཁ་ཕྱོགས་བསྒྱུར་བ་སོགས་མ་བྱས་ཏེ་གཟབ་ནན་གྱིས་རླངས་འཁོར་བསྐོར་དགོས། ཁ་ལོ་བས་རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པ་དང་།   དུས་དང་རྣམ་པ་ཀུན་ཏུ་ཉེན་སྲུང་སྐྱོབཐག་རྒྱག  ལག་ཁྱེར་མེད་པར་རླངས་འཁོར་མི་བསྐོར།  མྱུར་ཚད་དང་ཐེག་ཚད་ལས་བརྒལ་མི་རུང་  ཆང་འཐུང་རྗེས་དང་ངལ་དུབ་ངང་རླངས་འཁོར་མི་བསྐོར།   ཁྲིམས་འགལ་གྱིས་འགྲུལ་པ་མི་སྐྱེལ་པ་དང་། རླངས་འཁོར་ལ་བསྡད་སྐབས་འབར་གས་སླ་བའི་ཉེན་ཁ་ཆེ་བའི་དངོས་རྫས་ཁྱེར་མི་རུང་  བྱང་བུ་དང་ལག་ཁྱེར་མེད་པ། ཐེག་ཚད་ལས་བརྒལ་བ།  འགྲུལ་ཟོག་མཉམ་བསྲེས་སོགས་ཀྱི་རླངས་འཁོར་ལ་མི་སྡོད་པ། ཞིང་སྤྱོད་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ  རྐང་གསུམ་འཁོར་ལོ  འཕྲུལ་རྟ་བཅས་ལ་ཁྲིམས་འགལ་གྱིས་མི་སྡོད་རྒྱུ་གཏན་འགོག་བྱ་དགོས།

    (བརྒྱད་པ།ཟས་རིགས་བདེ་འཇགས།ལག་པ་བཀྲུ་བ་དང་།  འདུ་འཛོམས་ཉུང་ཙམ་བྱེད་པ  གསོལ་སྟོན་ཞུགས་རྒྱུ་ཉུང་ཉུང་བྱ་དགོས་བ་དང་ནང་འདྲེན་གྱི་གྲང་སྦྲེལ་ཟས་རིགས་བཟའ་མི་རུངམི་སྒེར་དང་གསོལ་ཆས་ཀྱི་གཙང་སྦྲ་ལ་དོ་སྣང་བྱས་ཏེ།  ཟ་མ་མ་ཟོས་སྔོན་ལ་ཡང་དག་པའི་སྒོ་ནས་ལག་པ་བཀྲུས་ནས “ནད་གཞི་ཁ་ནས་འབྱུང་བའི”ཉེན་ཁ་ཇེ་ཆུང་དུ་གཏོང་བ་དང་དུག་སེལ་བྱས་པའི་གསོལ་ཆསདམ་ཟ་མ་ཟ་སྐབས་སྤྱི་པའི་ཐུར་མ་དང་ཐོམ་བུ་སྤྱོད་པ་དར་སྤེལ་བྱས་ནས་འཕྲོ་བརླག་གཏན་འགོག་བྱ་དགོས། ཐུམ་རྒྱག་གཏན་འཁེལ་བྱས་པའི་ཟས་རིགས་ཉོ་བ་དང་ཟ་སྐབས།ཐོན་རྫས་ཀྱི་མིང་དང་།ཐོན་ཁུངས།བཟོ་གྲྭའི་མིང་།བཟོ་གྲྭའི་ས་གནས།ཐོན་སྐྱེད་དུས་ཚོཐོན་སྐྱེད་ཆོག་མཆན་དཔང་ཡིག་ཨང་གྲངས།སྤུས་ཚད་འགན་ལེན་དུས་ཡུན་སོགས་ལ་བལྟ་དགོས་པ་ལས།“མེད་པ་གསུམ”གྱི་ཟས་རིགས་ཉོ་བ་དང་་མི་དགོས་པ་དང་།མདོག་དང་དྲི་ངན་མི་འདྲ་བ་ཡོད་པའམ་ཡང་ན་འབྱུང་ཁུངས་གསལ་པོ་མེད་པའི་ཟས་རིགས་ཉོ་མི་རུང་དུས་ལས་ཡོལ་བའི་ཟས་རིགས་་མི་རུང་། རི་སྐྱེས་སྲོག་ཆགས་དང་ཤ་བཟོས་རིགས་ཕྱིར་འཚོང་དང་ཉོ་བ།ཟ་རྒྱུ་བཅས་གཏན་འགོག་བྱ་དགོས། 

    (དགུ། ལམ་རྒྱུད་ཀྱི་ཚོང་ཁང་བདེ་འཇགས། སྒྲིག་འགལ་ངང་མི་སྡོད་རྒྱུ་གཏན་འགོག་བྱེད་པ་དང་། ཚད་གཞི་ལྟར་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ཁ་འགྲེམ་བགྲོད་ལམ་ཤར་བགྲོད་ཐུབ་པར་འགན་ལེན་བྱ་དགོས། ཚོང་ཁང་གི་སྒོ་སོགས་སྲ་བརྟན་དུ་བཏང་ནས་བར་སྣང་ནས་དངོས་པོ་ལྷུང་ནས་མི་ལ་རྨས་སྐྱོན་ཕོག་རྒྱུ་སྔོན་འགོག་བྱ་དགོས། མེ། གློག་དང་སོལ་རླངས་བཅས་སྤྱོད་པ་ཚད་ལྡན་དུ་གཏོང་བ་དང་།  དུས་ཐོགཏུ་གློག་ཤུགས་སྐུད་ལམ་དང་འབར་རླངས་སྒྲིག་ཆས་སོགས་ལ་ཞིབ་བཤེར་བྱེད་པ།  ཚོང་ཁང་སྒོ་རྒྱག་རིང་གློག་ཁུངས་དང་དྲོད་ལེན་སྒྲིག་ཆས་ཚང་མ་སྒོ་རྒྱག་དགོས། སྒྲིག་འགལ་ངང་འབར་རུང་དངོས་རྫས་ཉར་ཚགས་མི་བྱེད་པ་དང་།  སྒྲིག་འགལ་ངང་ཉམས་གསོ། སྒྱུར་བཅོས།  སྒྲིག་བཟོ་སོགས་ཀྱི་ལས་སྒྲུབ་བྱ་མི་རུང། 

    (བཅུ གྲོང་ཁྱེར་གྱི་སྒྲིག་བཀོད་བདེ་འཇགས། གྲོང་ཁྱེར་གྱི་ཆུ། གློག་དང་དྲོད་སོགས་ཀྱི་མཁོ་འདོན་དང་  འཕྲིན་གཏོང་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད་ལ་སྐོར་ཞིབ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཆས་ཀྱི་སྐྱོན་དང་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་དུས་ཐོག་ཏུ་ཞིབ་བཤེར་དང་མེད་པར་བཟོས་ནས་དུས་ཆེན་རིང་རྒྱུན་ལྡན་འཁོར་སྐྱོད་ཡོང་བར་འགན་ལེན་བྱ་དགོས། ལམ་སྒྲོན་དང་བརྡ་རྟགས་གློག་སྒྲོན་སོགས་གློག་སྒྲོན་དང་འགྲིམ་འགྲུལ་སྒྲིག་བཀོད་ལ་ཞིབ་བཤེར་བྱས་ཏེ།  དེའི་རྒྱུན་ལྡན་གྱི་ལས་ཀ་འགན་ལེན་བྱས་ནས་མང་ཚོགས་མཚན་མོར་འགྲོ་སྐྱོད་བྱེད་པར་སྟབས་བདེ་དང་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱ་དགོས། ཆུ་འབུད་སྦུབས་ལམ་གཙང་སེལ་བྱས་ནས་ཁ་བ་བསགས་པ་དང་།  དར་ཆགས་པ། དངོས་པོ་རྩག་རྩིག་འགག་པའི་དབང་གིས་ཆུ་འབུད་ཤར་སྐྱོད་མིན་པར་སྔོན་འགོག་བྱས་ཏེ། དར་ཆགས་སླ་བའི་ལམ་བུའི་དུམ་བུ་ལ་ཉེན་བརྡའི་མཚོན་རྟགས་མངོན་གསལ་དོད་པོས་འཛུགས་དགོས་པ་དང་། ལས་མཚམས་བཞག་པའི་གྲོང་ཁྱེར་དོ་དམ་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ནུས་ལྡན་གྱི་འགོག་སྲུང་སྒྲིག་བཀོད་དང་ཉེན་བརྡའི་མཚོན་རྟགས་བཀོད་སྒྲིག་བྱས་ནས་རླངས་འཁོར་བསྐོར་ནས་ཉེན་ཁ་བཟོ་རྒྱུ་གཏན་འགོག་བྱེད་དགོས། 

    བདེ་སྡོད་ཉེན་བསམ་བྱས་ཏེ་ལོ་རེར་སྐྱིད །  ཉེན་བརྡ་རྒྱུན་སྒྲོག་བྱས་ནས་ལོ་རེར་སྤྲོ།  ང་ཚོས་ལག་གདང་སྦྲེལ་ནས་རང་ཉིད་ནས་འགོ་བཙུགས་ཏེ་བདེ་འཇགས་ལ་དོ་ཁུར་དང་། ཚེ་སྲོག་ལ་གཅེས་སྐྱོང་བྱས་ཏེ་བདེ་འཇགས་ཀྱི་བཀག་རྒྱ་ཐུན་མོང་དུ་འཛུགས་དགོས། གནམ་ལོགསར་བ་བསླེབ་ལ་ཉེ་བའི་སྐབས་འདིར།  ཀོས་ནན་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་ཀོས་ནན་རྫོང་འཕྲལ་བསྟུན་དོ་དམ་ཅུའུཡིས་རྫོང་ཡོངས་ཀྱི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་།  ལོ་སར་སྤྲོ་སྐྱིད་དང་ཁྱིམ་མི་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།  བཀྲ་ཤིས་བདེ་ལེགས


རྩོམ་སྒྲིག་པ། མགོན་མོ་བྱམས། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章