སྨན་བཅོས་འགན་སྲུང་སྐོར་གྱི་གནས་ཚུལ་གསར་བ།

时事   2025-01-20 20:20   青海  

2026ལོའི་ལོ་མཇུག་གོང་ཁྱོན་ཡོངས་ནས་མངོན་འགྱུར་བྱ་དགོས།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས2026ལོའི་ལོ་མཇུག་སྔོན་ལ་གཞི་རྩའི་སྨན་བཅོས་འགན་སྲུང་ཐེབས་རྩ་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་རྒྱུ་རེད།    
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་གཞུང་ལས་ཁང་གིས་ཁ་སང་སྟེ་ཚེས16ཉིན་ལ་གཞི་རྩའི་སྨན་བཅོས་འགན་སྲུང་ཐེབས་རྩའི་དངུལ་དུས་ཐོག་བསྡོམས་རྩིས་རྒྱག་པར་སྐུལ་འདེད་གཏང་བའི་སྐོར་བརྡ་ཐོ་ཁྱབ་སྒྲོག་བྱས་ཤིང་། བཅོས་བསྒྱུར་གྱི་དམིགས་ཚད་ཁ་གསལ་བཟོས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུར་བརྟེན་ནས་སྨན་བཅོས་འགན་སྲུང་ཐེབས་རྩ་སྔོན་སྤྲོད་ལེགས་པོ་བྱེད་པ་དང་དུས་མཚུངས་གཏན་འཁེལ་བྱས་པའི་སྨན་རྫས་སྒྲིག་གཞིའི་དགོས་མཁོ་དང་ནུས་པར་བསམ་གཞིག་གང་ལེགས་བཏང་ནས་2025ལོར་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ས་ཁུལ80%ཡས་མས་གཞི་རྩའི་ཐོག་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་ཐུབ་པ་བྱ་རྒྱུ་དང་། 2026ལོར་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ས་ཁུལ་ཚང་མར་དུས་ཐོག་བསྡོམས་རྩིས་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ས་གནས་ཁག་ལ་སྲོལ་རྒྱུན་གྱི་བསྡོམས་རྩིས་ཇེ་ལེགས་སུ་གཏོང་བ་དང་བསྡོམས་རྩིས་བྱེད་སྟངས་གསར་གཏོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་དང་དུས་ཡུན་ཇེ་ཐུང་གང་ལེགས་བཏང་སྟེ།    དེ་སྔ་གཏན་འཁེལ་བྱས་པའི་སྨན་རྫས་ལས་ཁུངས་ཀྱིས་རེ་ཞུ་བྱས་པ་ནས་ཉིན་རྗེས་མར་སྨན་བཅོས་འགན་སྲུང་ཐེབས་རྩ་གཏོང་སྤྲོད་བྱེད་པའི་བར་ལས་ཀའི་ཉིན30ལས་མི་བརྒལ་བ་ལས་ཀའི་ཉིན20བར་ཇེ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན།  ཐེབས་རྩ་སྔོན་སྤྲོད་དང་དུས་ཐོག་བསྡོམས་རྩིས་ཟུང་འབྲེལ་བྱ་བ་མཐའ་འཁྱོངས་བྱས་ཏེ་ཐེབས་རྩ་སྔོན་སྤྲོད་བྱས་པ་བརྒྱུད་སྨན་རྫས་སྒྲིག་གཞིའི་དངུལ་སྨར་བསྡོམས་འབོར་ཇེ་མང་དུ་གཏོང་དགོས་པ་མ་ཟད།  དུས་ཐོག་བསྡོམས་རྩིས་བརྒྱུད་སྨན་རྫས་སྒྲིག་གཞིའི་དངུལ་སྨར་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས།   ཚོད་ལྟ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ།   ས་གནས་ཀྱིས་དོན་དངོས་ལ་གཞིགས་ནས་བསྡོམས་རྩིས་བྱེད་སྟངས་ལུགས་མཐུན་ངང་གཏན་འཁེལ་ཐོག  གནས་གཅིག་ནས་ཁྱོན་ཡོངས་ལ་གཞིགས་ནས་གོམ་པ་རིམ་པ་བཞིན་སྤོས་ནས དུས་རིམ་ལྟར་འབྲེལ་ཡོད་ལས་དོན་ལེགས་འགྲུབ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།    


ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།


རྩོམ་སྒྲིག་པ། མགོན་མོ་བྱམས། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章