རང་རྫོང་དུ་མི་དམངས་དྲག་ཆས་པུའུ་ཏང་ཨུའི་ཚང་འཛོམས་ཚོགས་འདུ་འཚོགས།

时事   2025-01-24 23:00   青海  

    ཟླ1ཚེས22ཉིན་གྱི་སྔ་དྲོར།ཀོས་ནན་རྫོང་དུ་ཏང་གི་དྲག་ཆས་ལས་དོན་དོ་དམ་དང་མི་དམངས་དྲག་ཆས་པུའུ་ཏང་ཨུའི་ཚང་འཛོམས་(རྒྱ་སྐྱེད)ཚོགས་འདུ་འཚོགས། རྫོང་ཨུའི་ཧྲུའུ་ཅི།རྫོང་མི་དམངས་དྲག་ཆས་པུའུ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཞུའེ་ཧྲུན་ཡུན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཚོགས་འདུའི་ཐོག་ཞིང་ཆེན་དམག་ཁུལ་དང་དམག་ཁུལ་ཏང་ཨུའི་(རྒྱ་སྐྱེད)ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ལོ་སྔོན་མའི་ལས་དོན་ལེགས་སྒྲིག་དང་ཕྱོགས་བསྡོམས་བྱས་ལ།ད་ལོའི་བྱ་བའི་ལས་འགན་ཁ་གསལ་བཟོས།



    ཚོགས་འདུའི་ཐོག་ཞུའེ་ཧྲུན་ཡུན་གིས་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་འགན་འཁུར་ཤུགས་ཇེ་ཆེར་གཏོང་བ་དང་།རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ།ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་རྒྱུ་བཅས་ཕྱོགས་གསུམ་ལ་དམིགས་ནས།གཞི་རིམ་དྲག་ཆས་པུའུ་ཡི་སྐར་རིམ་ཚད་གཞི་དང་ཕུལ་བྱུང་སྒོ་བྱང་འགེལ་བའི་བྱེད་སྒོ་དང་།རྒྱལ་སྲུང་སྐུལ་སློང་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ།ཀོས་ནན་རྫོང་གི་སྟབས་བདེའི་མཚོན་ཆའི་མདའ་ར་འཛུགས་སྐྲུན་མགྱོགས་མྱུར་ངང་ལེགས་གྲུབ་བྱེད་པ།ཆེད་གཉེར་མི་དམངས་དྲག་ཆས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཚད་ལྡན་དུ་གཏོང་བ།དམངས་དམག་གི་དམག་འཐབ་དང་འཕྲལ་སྡོམ་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་ཁ་གསལ་བྱས་ཏེ།རང་རྫོང་གི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་དགོས།


    ཚོགས་འདུའི་རྗེས་སུ་ཞུའེ་ཧྲུན་ཡུན་གྱིས་རྫོང་མི་དམངས་དྲག་ཆས་པུའུ་རུ2025ལོའི་དྲག་ཆས་ལས་དོན་གྱི་ལས་འགན་ཆེན་པོ་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་འབྲེལ་འབྲེལ་ཡོད་ཀྱི་མཛུབ་ཁྲིད་བསམ་འཆར་བཏོན།

རྩོམ་སྒྲིག་པ། མགོན་མོ་བྱམས། 

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章