སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཐད་ཀྱི་ཤེས་བྱ།

民生   2025-01-07 10:23   西藏  


ཅི་ཞིག་ལ་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཀྱི་གཏོང་སྤྲོད་ཟེར་རམ། 

སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཀྱི་གཏོང་སྤྲོད་ཅེས་པ་ནི་སྨན་བཅོས་འགན་བཅོལ་དཀར་ཆག་གི་ཁྱབ་ཁོངས་སུ་གཏོགས་ཤིང་།  གཏན་འབེབས་ལྟར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩས་སྤྲད་པའི་སྨན་བཅོས་འགྲོ་གྲོན་སྟེ།  སྨན་བཅོས་འགན་བཅོལ་གྱིས་ཐད་ཀར་རྩིས་རྒྱག་ཆོག་པའི་ཆ་ཤས་ཤིག་ཡིན་པ་དང་།  ཆ་ཤས་དེར་རང་ཉིད་ཀྱིས་དངུལ་འདོན་དགོས་ཀྱི་མེད་པར་གོ་དགོས།  སྨན་བཅོས་འགན་བཅོལ་དཀར་ཆག་གི་ཁྱབ་ཁོངས་ནི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་།  སྨན་རྫས།  ཟད་གྲོན་རྒྱུ་ཆ་བཅས་ཀྱི་དཀར་ཆག་ཆེན་པོ་གསུམ་ལ་ཟེར། 

ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཀྱིས་གཏོང་སྤྲོད་བྱེད་པར་གཞི་རྩའི་གཏོང་སྤྲོད་དང་དངུལ་འབོར་མང་བའི་གཏོང་སྤྲོད་ཚུད་ཡོད། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་བཅོས་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཀྱིས་གཏོང་སྤྲོད་བྱེད་པར་གཞི་རྩའི་གཏོང་སྤྲོད་དང་ནད་གཞི་ཚབས་ཆེན་གྱི་གཏོང་སྤྲོད་ཚུད་ཡོད། 

སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཀྱིས་གཏོང་སྤྲོད་བྱེད་པར་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ས་ཁུལ་གྱི་དངུལ་སྤྲོད་ཚད་གཞིར་སླེབས་དགོས།  ཞིབ་ཕྲའི་ཚད་གཞི་ནི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་རིགས(ལས་བཟོ་པའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ)དང་སྨན་ཁང་གི་རིམ་པ་མི་འདྲ་བར་གཞིགས་ནས་དེ་བསྟུན་གྱི་ཚད་གཞིའང་འདྲ་ཡི་མེད། 

མི་སྒེར་གྱིས་སྤྲོད་དགོས་ཟེར་བ་དེ་གང་ཡིན་ནམ། 

མི་སྒེར་གྱིས་སྤྲོད་དགོས་ཞེས་པ་དེ་ནི་སྨན་བཅོས་འགན་བཅོལ་དཀར་ཆག་གི་ཁྱབ་ཁོངས་ནང་ནད་པས་འགན་འཁུར་དགོས་པའི་སྨན་བཅོས་གྲོན་དངུལ་ལ་ཟེར་ཞིང་།  དེའི་ནང་དངུལ་སྤྲོད་ཚད་གཞིའི་མན་དང་།  རིགས་ཁ་པའི་གྲས་རང་གིས་སྔོན་ལ་སྤྲོད་དགོས་པ།  བསྡུར་ཚད་ལྟར་རང་གིས་སྤྲོད་པ།  བཀག་ཐིག་ཡན་དང་དཀར་ཆག་ཁྱབ་ཁོངས་ནང་གི་རིན་གོང་ཚད་ལས་བརྒལ་བའི་ཆ་ཤས་སོགས་ཚུད་ཡོད། 

གྲོན་དངུལ་དེ་དག་སྔོན་ལ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ནང་གི་དངུལ་ལྷག་མས་སྤྲོད་ཆོག་པ་དང་མི་འདང་བའི་ཆ་ཤས་དེ་དངུལ་སྨར་སོགས་ཀྱི་བྱ་ཐབས་ཐོག་ནས་སྤྲད་ཆོག

མི་སྒེར་གྱིས་རང་གྲོན་གཏོང་བ་ཟེར་བ་དེ་གང་ཡིན་ནམ། 

མི་སྒེར་གྱིས་རང་གྲོན་གཏོང་བ་ཞེས་པ་ནི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ཕུད་པའི་སྨན་རྫས་དང་རྣམ་གྲངས་སོགས་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཆ་ཚང་སྤྲོད་དགོས་པ་ལ་ཟེར། 

དཔེར་ན།  ཞའོ་ཀྲང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པར་སྤྱིའི་འགྲོ་སོང་སྒོར4500ཟིན་པ་དེའི་ནང་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པའི་སྨན་བཅོས་འགྲོ་སོང་སྒོར4200ཡོད་པ་དང་།  སྨན་བཅོས་འགན་བཅོལ་རྩིས་ཞུ་སྒོར3600བྱས་པ།  སྨན་བཅོས་འགན་བཅོལ་དཀར་ཆག་ཕུད་པའི་སྨན་བཅོས་འགྲོ་སོང་སྒོར300ཟིན་པ་ཡིན་ན།  མི་སྒེར་གྱིས་རང་གྲོན་གཏོང་དགོས་པ་ནི་སྨན་བཅོས་འགན་བཅོལ་དཀར་ཆག་ཕུད་པའི་སྨན་བཅོས་འགྲོ་གྲོན་སྒོར300དེ་ཡིན།  མི་སྒེར་གྱིས་སྤྲོད་དགོས་པ་ནི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་སྨན་བཅོས་འགན་བཅོལ་གྱིས་རྩིས་ཞུ་བྱས་རྗེས།  རང་ཉིད་ཀྱིས་སྤྲོད་དགོས་པའི་གྲོན་དངུལ་སྟེ།  སྒོར4200ནས་སྒོར3600འཐེན་རྗེས་ཀྱི་སྒོར600དེ་ཡིན། 

སྟབས་བདེ་བཤད་ན། 

སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཀྱིས་གཏོང་སྤྲོད་དང་རང་གིས་གཏོང་སྤྲོད་བྱ་ཡུལ་ཚང་མ་ནི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁྲོད་ཚུད་ཡོད། 

མི་སྒེར་གྱིས་སྤྲོད་པ་ཞེས་པ་ནི་ད་ཐེངས་ཀྱི་བསྡོམས་རྩིས་ཁྲོད།  གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་གི་མི་སྒེར་གྱིས་འགན་འཁུར་བའི་ཆ་ཤས་ལ་ཟེར། 

མི་སྒེར་གྱིས་རང་གྲོན་གཏོང་བ་ཞེས་པ་ནི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་མི་གཏོགས་པ་མི་སྒེར་གྱིས་ཆ་ཚང་སྤྲོད་དགོས་པའི་འགྲོ་གྲོན་ལ་ཟེར། 



 BQTV

监   审:阿      旺

责   编:格桑扎拉

编   辑:扎央拉姆

来   源:山南发布


邮箱:nqbqgdj@163.com

关注:新闻


巴青融媒
记录巴青发展的点点滴滴、传播大众生活的方方面面;及时准确的宣传党的方针政策和县委县政府的决策部署,聚焦社会热点,反应百姓心声,弘扬主旋律,传递正能量;充分发挥舆论监督作用,搭建政府与百姓沟通的纽带和桥梁打造百姓生活的精神食粮。
 最新文章