欢迎提供新闻线索:lztvxwb@qq.com
རྒྱ་ཆེའི་འགྲིམ་འགྲུལ་འགྲུལ་བཞུད་བྱེད་མཁན་རྣམ་པ་ཚོ། གཏིང་སྐྱེས་རྫོང་གི་ཞིང་ཆེན་ལམ་514རི་འོག་གྲོང་རྡལ་ནས་འདྲེན་ཐང་གྲོང་རྡལ་བར་གྱི་ལམ་དུམ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག
ཟླ་2ཚེས་10ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17ནས་བཟུང་། གངས་ཆེན་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག གཏིང་སྐྱེས་རྫོང་ཁོངས་ཀྱི་ཞིང་ཆེན་ལམ་514རི་འོག་གྲོང་རྡལ་ནས་འདྲེན་ཐང་གྲོང་རྡལ་བར་གྱི་ལམ་དུམ་ཁག་ཅིག་ལ་འཁྱགས་པ་ཐེབས་པ་དང་མཐོང་ཚད་དམའ་བ་སོགས་ཀྱི་སྣང་ཚུལ་ཐོན་ནས་འཁོར་རིགས་ཤར་བགྲོད་བྱེད་པར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད། འགྲོ་སྐྱོད་བྱེད་མཁན་རླངས་འཁོར་དང་མི་སྣ་གངས་ཁྲོད་དུ་མི་ལུས་པ་དང་། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཆེ་རིགས་སྔོན་འགོག་བྱ་ཕྱིར། གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་2025ལོའི་ཟླ་2ཚེས་10ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཙམ་ལ་ལམ་དུམ་དེར་ཕྱོགས་གཉིས་ཀྱི་འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་བྱས་ཡོད། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱི་ཕྱིར་བསྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ་གང་ཞིག བཀག་སྡོམ་བྱེད་རིང་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་བཀོད་འདོམས་དང་ལེན་བྱེད་དགོས་ལ། བཀག་སྡོམ་མཚམས་འཇོག་དུས་ཚོད་ཟུར་དུ་བརྡ་གཏོང་རྒྱུ་རེད་འདུག
ལམ་དུམ་གྱི་གནས་ཚུལ་དངོས།
来 源:青稞视界
编 辑、(初审):尼玛普赤
复 审:顿珠、巴 洛
终 审:欧 珠
扫码关注微信、抖音