སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པར…

民生   2025-02-09 15:14   西藏  

图片欢迎提供新闻线索:lztvxwb@qq.com


     ཟླ་2ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་ལས་ལྷག་པ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་སྤྱོད་ཚུལ་གྱིས་འགན་སྲུང་བརྟན་པོ་བྱེད་དགོས།

图片

ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།      

      ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་སྐུ་ངོ་མས་འཆར་འགོད་གནང་བ་དང་། གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། ལྷག་པར་དུ་ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་ཡུལ་གལ་ཆེན་དང་གཞི་རིམ་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ལ་བརྩིས་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཟོས་ནས་བཏོན་པ། ཆེད་དོན་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་བཅས་ལ་བརྟེན་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་དང“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོར་བརྟེན་པའི་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་ཁ་གསལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།


图片

ཚོགས་ར།  

     ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར། རང་ལྗོངས་ནི་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྗིད་རྫོབ་ཧ་ཅང་ཆེན་པོ་ཡོད།


图片

ཚོགས་ར།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་དུ་བཏང་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། དངོས་སྒྲུབ་དང་འགན་འཁུར་ཤུགས་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། དྲང་ཕྱོགས་ནས་སྐུལ་ལྕག་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། ལས་སྒྲུབ་ལས་གཏོད་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་ཀའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་འགན་ལེན་བྱེད་དགོས་པ་དང་། རིམ་ཁག་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་དེ་གལ་ཆེའི་གནས་བབ་ཏུ་འཇོག་པ་དང་རྒྱུན་གཏན་གྱི་ལས་ཀའི་གྲོས་རིམ་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། སྔོན་ཐོན་གྱི་དཔེ་མཚོན་གཏོད་པར་ཤུགས་སྣོན་བརྒྱབ་ནས་བྱེད་སྟངས་ལེགས་པ་དང་ཉམས་མྱོང་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བཏང་སྟེ། ལས་སྒྲུབ་ལས་གཏོད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།

图片


来 源:西藏日报藏文媒体

编 辑、(初审):尼玛普赤

复 审:顿珠、巴 洛

终 审:欧 珠






扫码关注微信、抖音






图片
图片

拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章