广大交通参与者:
为进一步规范道路通行秩序,预防和减少道路交通事故,提升机动车驾驶人文明出行意识,保障广大人民群众生命财产安全,根据《中华人民共和国道路交通安全法》《道路交通安全违法行为处理程序规定》等法律法规,结合日喀则市高等级公路、普通公路等通行现状,日喀则市公安局交通警察支队决定启用14处新增电子警察抓拍设备,依法记录交通违法行为固定违法证据。现依据《道路交通安全违法行为处理程序规定》第十六条之规定将有关事宜公布如下:公告期限为15日。
请广大交通参与者自觉遵守交通安全法律法规,安全文明出行。གློག་མིག་པར་ཆས་ཁག་14བཀོལ་སྤྱོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་ཁ་ལོ་བ་རྣམ་པ།
གཞུང་ལམ་ཤར་གཏོང་གི་སྒྲིག་སྲོལ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ། འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བའི་ཡ་རབས་ཚུལ་ལྡན་གྱི་ཕྱོགས་ཐོན་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བཅས་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་དང་སྤྱིར་བཏང་གཞུང་ལམ་སོགས་ཤར་བགྲོད་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》 《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཆད་གཅོད་གོ་རིམ་གཏན་འབེབས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློག་མིག་པར་ཆས་ཁག་14བཀོལ་སྤྱོད་བྱས་ནས་ཁྲིམས་ལྟར་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་པར་བརྒྱབ་ནས་ཁྲིམས་འགལ་དཔང་རྟགས་གཏན་འཁེལ་བྱ་རྒྱུ། ད་ལྟ《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཆད་གཅོད་གོ་རིམ་གཏན་འབེབས》ཀྱི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ལྟར་འབྲེལ་ཡོད་ནང་དོན་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ་ལྟར།གཅིག། སྤྱོད་འགོ་ཚུགས་པའི་དུས་ཚོད།2025ལོའི་ཟླ་1ཚེས་1ཉིན།
ཉིན་གང་ཆུ་ཚོད་24རིང་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་པར་རྒྱག་རྒྱུ།
གསུམ། པར་རྒྱག་བྱ་ཡུལ་དང་པར་རྒྱག་ཁྱབ་ཁོངས།བཞི། སྤྱི་བསྒྲགས་དུས་ཡུན།སྤྱི་བསྒྲགས་དུས་ཡུན་ཉིན་15ཡིན།
རྒྱ་ཆེའི་ཁ་ལོ་བ་རྣམ་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་རང་འགུལ་ངང་བརྩི་སྲུང་ཞུས་ནས་བདེ་འཇགས་དང་ཡ་རབས་ཚུལ་ལྡན་གྱི་སྒོ་ནས་འཁོར་རིགས་གཏོང་དགོས།
དམིགས་སུ་སྤྱི་བསྒྲགས་སྤེལ།
གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།
2024ལོའི་ཟླ་12ཚེས་16ཉིན།
终审:仓木决
编审:米玛次仁
编辑:白玛曲宗
来源:日喀则交警