=== 愿 诸 见 闻 者 • 速 疾 成 佛 道 ===
“ 大乘天 ” 博主,使用大量时间,一字一句,对照排版。
༄༅།།ཀུན་བཟང་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་བསྡུས་པ་བཞུགས་སོ།།
【 普 賢 心 髓 前 行 念 誦 略 軌 】
出自持明囊瑟多傑全集 རིག་འཛིན་སྣང་སྲིད་རྡོ་རྗེའི་གསུང་འབུམ།
ན་མོ་གུ་རུ་དེ་ཝ་ཌཱཀྐི་ནིཾ་སརྦ་སིངྔྷི་ཕ་ལ་ཧཱུྃ།།
南摩 咕如 德瓦 紮格尼 薩爾瓦悉地 帕拉吽
ཚོགས་ཞིང་གསལ་འདེབས་པ་ནི། 觀想資糧田:
རང་གི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་ཀུན་ཏུ་བཟང་པོ་དབྱེར་མེད་པ་ནམ་མཁའི་མདོག་ལྟ་བུ་ལ། འཁོར་དགོངས་བརྡ་སྙན་བརྒྱུད་བྱང་ཆུབ་སེམས་དཔའ་སེམས་མ། གསུང་རབ། ཉན་རང་ཐེག་ཆེན་དགེ་འདུན་རྣམས་དང་མདུན་དུ་རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་སྐྱབས་ཡུལ་མ་ལུས་པས་བསྐོར་ནས་འཇའ་ཁྱིམ་འོད་ཕུང་ཀློང་དུ་གསལ་བར་གྱུར།། 讓哥敦接南喀 匝威喇嘛當 根德桑波葉美巴 南考多達烏拉 擴貢達年接 香且森華森瑪 松繞年讓特欽更敦南當 敦得多森葉綽拉措 嘉葉瑪利比過內 賈慶沃砰隆得薩瓦接 觀想:面前虛空之中,根本上師與普賢無別,如虛空色,眷屬密意、表示、耳傳勇士、勇母,經函,聲緣、大乘僧眾,及面前金剛薩埵靜猛尊眾一切皈依處所共圍繞,安住虹幕光蘊之中。ཞེས་གསལ་བཏབས། 如是觀想
སྐྱབས་འགྲོ་ནི། 皈 依:
བླ་མ་རིག་འཛིན་ཆོས་ཀྱི་སྐུ།།
喇嘛仁增曲傑格 上師持明妙法身
རྩ་བ་གསུམ་གྱི་རང་བཞིན་ལ།།
匝瓦僧姐讓銀拉 三根本尊之自性
བདག་དང་མཁའ་མཉམ་སེམས་ཅན་རྣམས།།
達當喀釀森堅南 我與等空有情眾
བྱང་ཆུབ་བར་དུ་སྐྱབས་སུ་མཆི།།
香且瓦得嘉僧切 乃至菩提永皈依
ལན་གསུམ། 唸三遍
སེམས་བསྐྱེད་ནི། 發 心:
བདག་གི་ཐེག་ཆེན་བླ་མེད་ཀྱི།།
達格特欽拉美傑 我今趣入無上乘
ལམ་མཆོག་རིན་ཆེན་ལ་བཞུགས་ཏེ།།
朗卻仁欽拉尤德 至極大寶最勝道
ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས།།
康僧擴威得阿列 三界輪迴痛苦中
འགྲོ་རྣམས་སྒྲོལ་བར་སེམས་བསྐྱེད་དོ།།
卓南卓瓦森傑多 救度眾生我發心
ལན་གསུམ།། 唸三遍
རྡོར་སེམས་བསྒོམ་བཟླས་ནི། 金剛薩埵念修:
རང་གི་སྤྱི་བོར་པད་ཟླའི་སྟེང་།།
讓哥接硪白島登 自之頂輪蓮月上
ཨ་ཡིག་དཀར་པོ་འཕྲོ་འདུ་ལས།།
阿葉嘎波綽得列 白色阿字收放光
རྡོར་སེམས་དཀར་གསལ་ཟླ་བའི་མདོག།
多森嘎薩達威多 金剛薩埵白如月
རྡོ་རྗེ་དྲིལ་འཛིན་དཀུ་ལ་བརྟེན།།
多傑珍增格拉鄧 手持鈴杵置胯旁
ཐུགས་ཀར་ཡང་སྙིང་འབྲུ་དྲུག་བསྐོར།།
特嘎陽能者哲郭 心中六字心咒繞
དེ་ལས་འོད་འཕྲོས་བདག་གཞན་གྱི།།
得列沃處達言接 彼中放光自他等
སྡིག་ལྟུང་མ་ལུས་དག་པར་བྷེཾ།།
得楞瑪利達巴嘭 罪墮無餘清淨嘭
དགེ་བ་འདི་ཡིས་མྱུར་དུ་བདག།
格瓦得伊涅得達 願我速以此善根
རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས།།
多傑森華哲接內 成就金剛薩埵尊
འགྲོ་བ་གཅིག་ཀྱང་མ་ལུས་པ།།
卓瓦借江瑪利巴 一切眾生盡無餘
དེ་ཡི་ས་ལ་འགོད་པར་ཤོག།
得葉薩拉果巴效 悉皆安置於彼地
མཎྜལ་འབུལ་བ་ནི། 獻曼紮:
སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་།།
東僧臧楞協瓦叉交香 三千瞻洲妙刹百俱胝
རིན་ཆེན་སྣ་བདུན་ལྷ་མིའི་དཔལ་འབྱོར་དང་།།
仁欽納敦拉麼華交當 七種大寶人天富樂具
བདག་ལུས་ལོངས་སྤྱོད་ཡོངས་སུ་འབུལ་ལགས་ན།།
達利隆效雍色偉拉那 以及我身受用悉獻供
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།
卓根南達香拉交巴效 願諸眾生享用清淨刹
གུ་རུ་དེ་ཝཱ་ཌཱཀྐི་ནི་མཎྚ་ལ་ཀཾ་ནིརྱཱ་དཱརྱཱམིཿ
咕如 德瓦 紮格尼 曼紮拉岡 尼爾雅達爾雅彌
ཞེས་འབུལ། 獻 供
བླ་མ་རྣལ་འབྱོར་ནི། 上師瑜伽:
རང་ཉིད་རྡོར་སེམས་སྤྱི་བོ་རུ།།
讓聶多森借沃熱 自成多森頂輪上
སེང་ཁྲི་པདྨ་ཉི་ཟླའི་དབུས།།
森徹白瑪聶島位 獅座蓮花日月墊
སྐྱབས་གནས་རྩ་བའི་བླ་མ་ཉིད།།
嘉內匝威喇嘛聶 皈處根本上師尊
དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྐུ།།
耶美措吉多傑格 無別海生金剛身
དཀར་གསལ་མདངས་ལྡན་གཞོན་ཚུལ་ཅན།།
嘎薩當丹永測堅 潔白光潤童子相
ཟབ་ཕོད་མདུང་མ་ཆོས་གོས་གསོལ།།
掃破等瑪曲古索 身穿法衣咒士衣
ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས།།
恰葉多傑擇格囊 右持九股金剛杵
གཡོན་པའི་བྷནྡ་ཚེ་བུམ་འཛིན།།
暈波潘達策翁增 左托顱骨長壽瓶
དབུ་ལ་པདྨའི་གཉེན་ཞུ་གསོལ།།
烏拉白瑪年尤索 頂戴五部蓮花帽
རྒྱལ་པོ་རོལ་པའི་སྟབས་སུ་བཞུགས།།
嘉波若威達色尤 國王游舞姿安住
གསང་ཡུམ་མཚོ་རྒྱལ་ཌཱཀྐི་མ།།
桑雍措嘉紮格瑪 明妃措嘉空行母
གྲི་ཐོད་འཛིན་པས་སྐུ་ལ་འཁྲིལ།།
哲托增比格拉徹 執持刀顱擁尊身
བདེ་སྟོང་ཟག་མེད་ཉམས་ལྡན་པའི།།
德東灑美釀丹波 樂空無漏威嚴具
སྐུ་ལས་འོད་ཟེར་དཔག་མེད་འཕྲོ།།
格列沃色華美綽 身放無量大光明
དེ་ཡི་དབུ་གཙུག་རྡོ་རྗེ་སེམས།།
得伊烏澤多傑森 其之頂髻多傑森
དེ་ཡི་དབུ་གཙུག་ཀུན་ཏུ་བཟང་།།
得伊烏澤根德桑 其之頂髻普賢尊
མཐའ་འཁོར་རིག་འཛིན་འབུམ་གྱིས་བསྐོར།།
踏擴仁增翁吉郭 十萬持明眾圍繞
མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར།།
敦接南喀堅章接 迎請面前虛空中
ཨོཾ་ཨཱཿ ཧཱུྃཿ བཛྲ་གུ་རུ་པདྨ་སིངྡྷི་ཧཱུྃ།
嗡阿吽 班雜 咕如 貝瑪 悉地 吽
ཞེས་བརྒྱ་སྟོང་དང་། 誦百千遍
ཨོཾ་ཨཱཿ་ ཧཱུྃཿ བཛྲ་གུ་རུ་བཱིདྱ་དྷ་ར་བྷུ་ཏི་ཤཾ་བྷ་བན་བཛྲ་སརྦ་སིངྡྷི་ཕ་ལ་ཧཱུྃ།
嗡阿吽 班雜咕如 比德雅塔惹普地
香帕瓦那 班雜 薩爾瓦 悉地 吽
ཡན་ལག་བདུན་པའི་བཤགས་པ་ནི། 七支懺悔:
སྐུ་གསུམ་ངོ་བོ་རྗེ་བཙུན་བླ་མ་ལ།།
格僧俄窩傑尊喇嘛拉 三身體性至尊上師尊
རབ་གུས་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ།།
繞古當威葉吉香擦洛 最極恭敬淨信誠頂禮
དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་དཔག་མེད་འབུལ།།
烏向葉哲喬措華美未 實設意幻無量供品獻
སྡིག་ལྟུག་བཤགས་ཤིང་དགེ་ལ་རྗེས་ཡི་རང་།།
得楞夏型格拉吉伊讓 罪墮懺悔隨喜諸善根
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།
灑吉曲傑擴洛果瓦各 請轉甚深廣大妙法輪
མྱ་ངན་མི་འདའ་བརྟན་པར་བཞུགས་སུ་གསོལ།།
娘安麼達丹巴尤色索 祈請不入涅槃恒住世
དགེ་བ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།།
格瓦拉美香且欽波臥 善根迴向無上大菩提
བརྒྱད་པ་གསོལ་འདེབས་ནི། 第八、祈禱:
རང་བཞིན་ཀ་དག་ཆོས་སྐུའི་ཞིང་ཁམས་སུ།།
讓銀嘎達曲格香康色 自性本淨法身刹土中
ཆོས་སྐུ་ཀུན་ཏུ་བཟང་པོ་གསོལ་བ་འདེབས།།
曲格根德桑波索瓦得 法身普賢如來誠祈禱
མདངས་རྩལ་ཡེ་ཤེས་ལྔ་རྫོགས་ཞིང་ཁམས་སུ།།
當匝益西阿佐香康色 妙力五智圓滿刹土中
ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས།།
隆格多傑森華拉索瓦得 報身金剛薩埵誠祈禱
ཐུགས་རྗེ་ལྷུན་གྲུབ་གང་འདུལ་དེར་སྟོན་པ།།
特傑楞哲崗得德敦巴 大悲任運應機而示現
སྤྲུལ་སྐུ་པདྨ་འབྱུང་གནས་གསོལ་བ་འདེབས།།
哲格白瑪炯內索瓦得 化身白瑪炯內誠祈禱
ལྷོ་ཕྱོགས་མོན་ཁ་སེང་གེའི་ཡང་དབེན་དུ།།
羅效門喀森格陽文得 南方門喀森格極靜處
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས།།
康卓益西措嘉索瓦得 空行益西措嘉誠祈禱
སྤ་གྲོ་སྟག་ཚང་རྡོ་རྗེའི་ཕུག་པ་ནས།།
巴卓達倉多傑陪巴內 巴卓虎穴金剛岩洞中
རླང་ཆེན་དཔལ་གྱི་སེང་གེ་ལ་གསོལ་བ་འདེབས།།
朗欽華傑森各索瓦得 朗欽吉祥獅子誠祈禱
འོན་ཕུ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ།།
溫普達倉桑哲格倉得 溫普虎穴如意石窟中
རྭ་སྟོན་སྟོབས་ལྡན་རྡོ་རྗེ་ལ་གསོལ་བ་འདེབས།།
惹敦督登多傑索瓦得 惹敦具力金剛誠祈禱
ཟབ་ཆོས་བཤད་སྒྲུབ་བསྟན་པ་སྤེལ་མཛད་པའི།།
薩曲謝哲丹巴北匝波 講修深法弘揚聖教者
གར་དབང་ཐུགས་མཆོག་རྡོ་རྗེ་ལ་གསོལ་བ་འདེབས།།
嘎旺特卻多傑索瓦得 舞王勝意金剛誠祈禱
ཡོངས་གྲགས་གནས་ཆེན་རྣམས་ནས་སྒྲུབ་པ་མཛད།།
雍紮內千南內哲巴匝 於諸著名聖地廣修持
ཀུན་སྤངས་རིན་ཆེན་རྡོ་རྗེ་ལ་གསོལ་བ་འདེབས།།
根榜仁欽多傑索瓦得 遍斷大寶金剛誠祈禱
གསང་ཆེན་རི་སྣ་བདེ་ཆེན་དགོན་པ་རུ།།
桑欽熱納德欽貢巴熱 大密熱納德欽寺院中
ཀུན་བཟང་བདེ་ཆེན་རྒྱལ་པོ་ལ་གསོལ་བ་འདེབས།།
根桑德欽嘉波索瓦得 根桑德欽嘉波誠祈禱
རང་སྣང་དག་པ་དོན་གྱི་ཞིང་ཁམས་སུ།།
讓囊達巴頓接香康色 自現清淨妙義刹土中
བདེ་ཆེན་འགྱུར་མེད་བརྩོན་འགྲུས་ལ་གསོལ་བ་འདེབས།།
德欽傑美尊珠拉索瓦得 大樂不變精進誠祈禱
གནས་མཆོག་པདྨ་རྣམ་གྲོལ་དགོན་གནས་སུ།།
內卻白瑪南卓貢內色 聖地蓮花解脫寂靜處
ཀུན་བཟང་སྟོབས་ལྡན་དབང་པོ་ལ་གསོལ་བ་འདེབས།།
根桑督登旺波拉索瓦得 普賢具力自在誠祈禱
སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་རུ།།
接則德瓦欽波擴洛熱 頂輪殊勝大樂之輪上
དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས།།
珍欽匝威喇嘛拉索瓦得 大恩根本上師誠祈禱
ཟབ་མོའི་གདམས་པ་འཛིན་སྐྱོང་སྤེལ་མཛད་པའི།།
灑木當巴增炯北匝波 受持守護弘揚深教授
རིག་འཛིན་འདུས་པའི་ཚོམ་བུ་ལ་གསོལ་བ་འདེབས།།
仁增迪波聰烏拉索瓦得 持明總集尊眾誠祈禱
ལྟ་སྒོམ་སྤྱོད་པས་སེམས་ཉིད་རང་གྲོལ་ནས།།
達公交比森聶讓卓內 見修行為心性自解脫
འབྲས་བུ་ད་ལྟ་ཉིད་དུ་མངོན་འགྱུར་ཤོག།།
哲烏打達聶得溫借效 願於當下現證勝果位
འཕོ་བ་ནི། 破瓦(遷識):
མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ།།
卻僧匝僧格僧迪波華 三寶三本三身遍總集
སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ།།
桑吉根烏匝威喇嘛拉 真實諸佛根本上師尊
གསོལ་བ་འདེབས་སོ་བདག་གི་ལམ་སྣ་དྲོངས།།
索瓦得索達格朗納忠 至誠祈禱為我引妙道
རྣམ་ཤེས་བདེ་ཆེན་ཞིང་དུ་དབུགས་དབྱུང་སྩོལ།།
南西德欽香得沃永作 識入大樂刹土賜解脫
ཞེས་གསོལ་བ་སྙིང་ནས་འདེབས་སོ།། 如是至心祈禱
དེ་ནས་དབང་བཞི་ནི། 四 灌 頂 :
ཨོཾ་ཨཱཿ ཧཱུྃ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ།
嗡阿吽 瑪哈咕如 薩爾瓦 悉地 吽
ཞེས་ཡིད་མི་སྐྱོ་བར་བཟླས་ལ། 心無疲厭念誦
༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 敬譯
寧瑪文殊-經典伏藏漢譯 NMKT