=== 愿 诸 见 闻 者 • 速 疾 成 佛 道 ===
第十七世大宝法王噶玛巴 谱曲 / 唱诵
༄༅།།ཉམས་དབྱངས་དགྱེས་པའི་ང་རོ་བཞུགས་སོ།།
《 觉 受 妙 音 · 喜 悅 吼 声 》
དཔལ་གྱི་སྟོད་ལུང་མཚུར་ཕུ།།
寶吉德隆促普 威榮德隆楚布
འོག་མིན་ཐུགས་ཀྱི་གནས་མཆོག།
哦敏突吉內秋 奥明密意聖地
མ་དང་མཁའ་འགྲོ་རྒྱ་མཚོ།།
瑪堂康卓嘉措 空行母眾海會
སྤྲིན་ལྟར་འདུས་པའི་གནས་ཡིན།།
金大度貝內銀 如雲聚集之地
རྒྱབ་རི་ཐུགས་རྗེ་ཆེན་པོ།།
嘉日突傑千博 後山大悲觀音
སྟུག་པོ་བཀོད་པའི་ཞིང་ཁམས།།
度博格貝星康 密嚴清淨國土
མདུན་རི་ནགས་རྒྱ་ཕྱུག་པོ།།
敦日納嘉秋博 前山茂密叢林
ཁྲག་མཚོ་འཆོལ་བའི་གནས་ཡིན།།
查措球威內銀 血海翻騰聖地
དབུས་རི་བྱམས་པ་ཆེན་པོ།།
悟日強巴千博 中山大彌勒尊
དགའ་ལྡན་ཡིད་དགའི་ཞིང་བཀོད།།
嘎典宜給星格 兜率悦意淨土
རྩ་གསུམ་སྤྲིན་ལྟར་གཏིབས་པའི།།
雜松金大帝貝 三根如雲密集
ཞིང་ཁམས་དེ་ལ་བསྐྱོད་འགྲོ།།
星康貼拉決卓 動身往彼淨土
སངས་རྒྱས་བསྟན་པའི་རྒྱལ་མཚན།།
桑給典貝教層 佛法尊勝旗幟
ཆོས་ལྡན་ཞིང་ལ་བཙུགས་ནས།།
確典星拉祖內 豎於具法之地
འགྲོ་ཁམས་བདེ་སྐྱིད་ཉི་མ།།
卓康碟吉尼瑪 眾生安樂明陽
ཀེ་ལའི་ལྗོངས་སུ་ཤར་འགྲོ།།
給雷炯蘇夏卓 照耀雪山之域
ཡོངས་རྫོགས་བསྟན་པའི་སྲོག་ཤིང༌།།
永奏典貝搜星 一切法教支柱
གོང་ས་སྤྱི་ནོར་ཆེན་པོ།།
空薩吉諾千博 尊者大滿願寶
ལྷ་ལྡན་ཕོ་བྲང་དམར་པོར།།
拉典坡長瑪博 拉薩紅宮殿中
སེང་གེས་བཏེགས་པའི་གསེར་ཁྲིར།།
僧給碟貝雖持 獅子所舉金座
འགྱུར་མེད་ཕ་ལམ་བཞིན་དུ།།
具美帕蘭欣突 猶如不變鑽石
རྟག་བརྟན་འགྱུར་བ་མེད་པར།།
大典具瓦美巴 長住穩固無變
འོད་བརྒྱས་འཛམ་གླིང་ཁྱབ་ནས།།
娥給贊凌洽內 光芒四射世界
གསུང་དབྱངས་ཚངས་པའི་སྒྲ་འབྱིན།།
松洋倉貝札金 以梵天之語音
འཁོར་ལོ་གསུམ་གྱི་ཆོས་འཁོར།།
擴樓松吉確擴 請轉三乘法輪
མི་མཇེད་ཞིང་ལ་བསྐོར་མཛོད།།
米傑星拉果澤 於此娑婆世間
ཐུགས་ཀློང་ཟག་མེད་ཡེ་ཤེས།།
突隆薩美耶希 尊心無漏智慧
དུས་གསུམ་སྒྲིབ་མེད་གཟིགས་པས།།
度松智美希貝 無礙悉見三世
རིས་མེད་སངས་རྒྱས་བསྟན་པ།།
日美桑給典巴 無分派別佛法
མི་ཉམས་གོང་འཕེལ་སྐྱོང་ནས།།
米娘空佩炯內 守護增益不衰
ཆོས་སྲིད་དར་གྱི་མདུད་པ།།
確希塔吉度巴 願尊政教緞結
ཆོས་རྒྱལ་མེས་དབོན་རྣམ་གསུམ།།
確給美文南松 與彼三位法皇
དེ་དང་མཚུངས་པར་ཤོག་ཅིག།
貼堂從巴修吉 等齊無有分別
དགའ་བོ་སྐྱིད་དོ་འགྲོ་རྣམས།།
嘎沃吉透卓南 眾生快哉樂哉
སངས་རྒྱས་བསྟན་པ་དར་འདུག།
桑給典巴塔度 佛陀法教興盛
དགེ་འདུན་དབུ་འཕང་མཐོ་འདུག།
給敦悟旁透度 僧眾地位崇高
ཆོས་ཀྱི་སྦྲང་ཆར་བབས་འདུག།
確吉章洽帕度 法之蜜雨降霖
འགྲོ་ཁམས་བདེ་ལ་བཀོད་འདུག།
卓康碟拉格度 置群生於安樂
ནམ་མཁའི་མཁའ་མཉམ་འགྲོ་བ།།
南給卡娘卓瓦 等虛空之眾生
དགའ་རྒྱུ་བདེ་བ་དགའ་ཡང༌།།
嘎久碟瓦嘎洋 所喜乃為安樂
གསོག་རྒྱུ་སྡུག་བསྔལ་ཁོ་ན།།
梭久度內叩鈉 所積卻為苦惱
རང་རིག་སྐད་ཅིག་དང་པོས།།
讓日給吉堂博 本覺第一刹那
ཁམས་གསུམ་རྒྱ་ལས་བཀྲོལ་ཞིང༌།།
康松嘉給哲星 即脱三界之網
སྟོང་ཆེན་བདེ་ལ་བཀོད་འགྲོ།།
東千碟拉格卓 大千界令安樂
ཞི་བདེའི་མིང་ཡང་དེ་ཡིན།།
希碟明洋貼銀 此即所謂平安
རང་སེམས་དགའ་བའི་གླུ་འདི།།
讓森嘎威陸帝 自心悦樂此歌
བརྗོད་མེད་ནཱ་དའི་ཀློང་ནས།།
決美鈉碟隆內 離言那答境界
གང་ཤར་ཐལ་བྱུང་ཤོར་བས།།
康夏推瓊修威 任現率真而出
དགའ་བའི་དབྱངས་ཀྱིས་བརྒྱན་ཏེ།།
嘎威洋吉堅碟 怡悦妙音莊嚴
སྐྱིད་པའི་བྲོ་ཞིག་བརྡུང་མཛོད།།
吉貝綽希東澤 共跳心怡之舞
དགའ་བའི་དབྱངས་ཀྱིས་བརྒྱན་ཏེ།།
嘎威洋吉堅碟 怡悦妙音莊嚴
སྐྱིད་པའི་བྲོ་ཞིག་བརྡུང་མཛོད།།
吉貝綽希東澤 共跳心怡之舞
比丘尼洛卓拉嫫中譯